༄༅།།སྨན་པའི་གཤིས་སྤྱོད་སྤང་བླང་གི་རྩ་འཛིན་ཉེར་དགུ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:བོད་ཡིག་གནའ་དཔེ།
དུས་ཚོད།:2020-04-22
ཀློག་གྲངས།:
26267
གཡུ་ཐོག་རྙིང་མའི་རྣམ་ཐར་བཀའ་རྒྱ་མ་ལས། །
དྲེག་མེད་བྱམས་པའི་སེམས་ཀྱིས་ནད་པ་བསྐོར། །
ངལ་དུབ་ཁྱད་དུ་བསད་ནས་ནད་པ་བསྐོར། །
ཕྱོགས་ཆ་ཉེ་རིང་མེད་པའི་ནད་པ་བསྐོར། །
མི་ངོ་ནོར་ངོར་མ་བལྟས་ནད་པ་བསྐོར། །
སེར་སྣ་འདུ་འཛི་མེད་པའི་སྨན་སྦྱིན་བཏང་། །
ཁས་བླངས་དོན་ཐོག་མི་རྒྱུག་སྨན་པ་འཆལ། །
བློ་ཁྲིད་རྫུན་འཕྲུལ་བྱེད་ན་སྨན་པ་འཆལ། །
ལེ་ལོ་ཆང་དབང་སོང་ན་སྨན་པ་འཆལ། །
མི་ཤེས་ཤེས་པར་རློམ་ན་སྨན་པ་འཆལ། །
མི་སྲོག་ཚོད་ལེན་བྱེད་ན་སྨན་པ་འཆལ། །
ཤེས་མེད་འོ་དོད་འབོད་ན་སྨན་པ་འཆལ། །
མྱོང་མེད་ཁ་ར་བྱེད་ན་སྨན་པ་འཁྲུལ། །
ཚ་གྲང་སྡེབས་ལ་མི་མཁས་སྨན་པ་འཁྲུལ། །
བསིལ་དྲོད་ཕྱོགས་ལོག་བྱེད་ན་སྨན་པ་འཁྲུལ། །
ཟས་དང་སྤྱོད་ལམ་མི་མཐུན་སྨན་པ་འཁྲུལ། །
ཁ་དམར་གཏར་སྲེག་མི་ཤེས་སྨན་པ་འཁྲུལ། །
ཚིག་དང་ཉམས་ལེན་འཇོལ་ན་སྨན་པ་འཁྲུལ། །
དུག་ཆུ་ཆང་ལ་དགའ་ན་སྨན་པ་སྨྱོ། །
གཡོ་སྒྱུ་སྡིག་ལ་དགའ་ན་སྨན་པ་སྨྱོ། །
མཐོ་འཇུག་ངན་ལ་སྡང་ན་སྨན་པ་སྨྱོ། །
བུད་མེད་གཡེམ་ལ་དགའ་ན་སྨན་པ་སྨྱོ། །
དོན་མེད་བསྐུར་འདེབས་དགའ་ན་སྨན་པ་སྨྱོ། །
སྨན་སྦྱོར་སྡེབས་ལ་མི་བརྟེན་སྨན་པ་སྨྱོ། །
མཚན་ཉིད་རྒྱ་ཆེ་མཁས་ན་སྨན་པ་ཡིན། །
མན་ངག་དོན་ལ་མཁས་ན་སྨན་པ་ཡིན། །
ཚིག་དོན་འགལ་འཁྲུལ་འབྱེད་ན་སྨན་པ་ཡིན། །
གཉེན་པོ་ནད་ཀྱི་ཐོག་འབབ་སྨན་པ་ཡིན། །
ལག་ལེན་གནད་དུ་དྲིལ་ན་སྨན་པ་ཡིན། །
བྱང་ཆུབ་སེམས་མཆོག་ལྡན་ན་སྨན་པ་ཡིན། །
ཞེས་སྨན་པའི་སྤང་བླང་གི་རྩ་འཛིན་ཉེར་དགུ་པོ་ནི་འཚོ་བྱེད་སྨན་པ་རྣམ་པས་སྨན་བཅོས་ལག་ལེན་གྱི་སྐབས་སུ་ངེས་ནས་བློ་གཟབ་དགོས་པའི་གཤིས་སྤྱོད་ཀྱི་རྩ་བའི་སྲུང་བྱའོ། །
དྲེག་མེད་བྱམས་པའི་སེམས་ཀྱིས་ནད་པ་བསྐོར། །
ངལ་དུབ་ཁྱད་དུ་བསད་ནས་ནད་པ་བསྐོར། །
ཕྱོགས་ཆ་ཉེ་རིང་མེད་པའི་ནད་པ་བསྐོར། །
མི་ངོ་ནོར་ངོར་མ་བལྟས་ནད་པ་བསྐོར། །
སེར་སྣ་འདུ་འཛི་མེད་པའི་སྨན་སྦྱིན་བཏང་། །
ཁས་བླངས་དོན་ཐོག་མི་རྒྱུག་སྨན་པ་འཆལ། །
བློ་ཁྲིད་རྫུན་འཕྲུལ་བྱེད་ན་སྨན་པ་འཆལ། །
ལེ་ལོ་ཆང་དབང་སོང་ན་སྨན་པ་འཆལ། །
མི་ཤེས་ཤེས་པར་རློམ་ན་སྨན་པ་འཆལ། །
མི་སྲོག་ཚོད་ལེན་བྱེད་ན་སྨན་པ་འཆལ། །
ཤེས་མེད་འོ་དོད་འབོད་ན་སྨན་པ་འཆལ། །
མྱོང་མེད་ཁ་ར་བྱེད་ན་སྨན་པ་འཁྲུལ། །
ཚ་གྲང་སྡེབས་ལ་མི་མཁས་སྨན་པ་འཁྲུལ། །
བསིལ་དྲོད་ཕྱོགས་ལོག་བྱེད་ན་སྨན་པ་འཁྲུལ། །
ཟས་དང་སྤྱོད་ལམ་མི་མཐུན་སྨན་པ་འཁྲུལ། །
ཁ་དམར་གཏར་སྲེག་མི་ཤེས་སྨན་པ་འཁྲུལ། །
ཚིག་དང་ཉམས་ལེན་འཇོལ་ན་སྨན་པ་འཁྲུལ། །
དུག་ཆུ་ཆང་ལ་དགའ་ན་སྨན་པ་སྨྱོ། །
གཡོ་སྒྱུ་སྡིག་ལ་དགའ་ན་སྨན་པ་སྨྱོ། །
མཐོ་འཇུག་ངན་ལ་སྡང་ན་སྨན་པ་སྨྱོ། །
བུད་མེད་གཡེམ་ལ་དགའ་ན་སྨན་པ་སྨྱོ། །
དོན་མེད་བསྐུར་འདེབས་དགའ་ན་སྨན་པ་སྨྱོ། །
སྨན་སྦྱོར་སྡེབས་ལ་མི་བརྟེན་སྨན་པ་སྨྱོ། །
མཚན་ཉིད་རྒྱ་ཆེ་མཁས་ན་སྨན་པ་ཡིན། །
མན་ངག་དོན་ལ་མཁས་ན་སྨན་པ་ཡིན། །
ཚིག་དོན་འགལ་འཁྲུལ་འབྱེད་ན་སྨན་པ་ཡིན། །
གཉེན་པོ་ནད་ཀྱི་ཐོག་འབབ་སྨན་པ་ཡིན། །
ལག་ལེན་གནད་དུ་དྲིལ་ན་སྨན་པ་ཡིན། །
བྱང་ཆུབ་སེམས་མཆོག་ལྡན་ན་སྨན་པ་ཡིན། །
ཞེས་སྨན་པའི་སྤང་བླང་གི་རྩ་འཛིན་ཉེར་དགུ་པོ་ནི་འཚོ་བྱེད་སྨན་པ་རྣམ་པས་སྨན་བཅོས་ལག་ལེན་གྱི་སྐབས་སུ་ངེས་ནས་བློ་གཟབ་དགོས་པའི་གཤིས་སྤྱོད་ཀྱི་རྩ་བའི་སྲུང་བྱའོ། །
འབྲེལ་ཡོད་འོས་སྦྱོར།