༄༅། །«རིམས་ནད་བརྟག་བཅོས་ཀུན་བཏུས»དང་འབྲེལ་པའི་གཏམ།
རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-01-04
ཀློག་གྲངས།:
ང་རང་སྤྱི་ལོ༢༠༢༣ལོའི་ཟླ༣པའི་ཚེས༢༡ནས༢༢ཉིན་ཟོ་དོར་རྨ་རྒྱལ་སྦོམ་རའི་ཉེ་འགྲམ་བརྒྱུད་ནས། མགོ་ལོག་ཁུལ་བོད་སྨན་སྨན་བཅོས་སྤྱི་གཉེར་སྤྱིའི་སྨན་ཁང་གིས་སྤེལ་བའི་རྨ་ཡུལ་བོད་སྨན་འཆད་ཁྲིད་ཆེན་མོར་ཞུགས་པ་ཡིན་ཞིང་། དེ་ལས་ཚོགས་འདུ་གྲོལ་ཁར་མགོ་ལོག་ཁུལ་བོད་སྨན་སྨན་བཅོས་སྤྱི་གཉེར་སྤྱིའི་སྨན་ཁང་གི་འགོ་གཙོ་སྨན་པ་འབུམ་རམས་པ་དབལ་ཤུལ་གསང་བདག་ཚེ་རིང་ལགས་ཀྱིས། མགོ་ལོག་གི་ཆེད་མཁས་རྣམ་པ་དང་ཕྱོགས་ཡོང་གི་སྨན་པ་རྣམས་ལ་ཁོང་གིས་གཙོ་སྒྲིག་མཛད་པའི«བོད་ཀྱི་གསོ་རིག་ལས་རིམས་ནད་ཀྱི་བརྟག་བཅོས་ཀུན་བཏུས»ཞེས་པའི་པོད་བཅུའི་བདག་ཉིད་ཅན་གྱི་དེབ་ཕྲེང་དེ་ལེགས་སྐྱེས་སུ་སྩོལ་བཞིན་པ་ལས་ཕྲན་ལ་ཡང་ལྗིད་ཏིག་ཏིག་གི་དཔེ་ཚོགས་དེ་རིན་མེད་དུ་སྦྱིན་བྱུང་། བོད་ལུགས་སྨན་པ་ཞིག་ལ་མཚོན་ན་བོད་སྨན་གྱི་དེབ་ཕྲེང་འདི་འདྲའི་ལེགས་སྐྱེས་ཤིག་བསྩལ་བ་ནི་ལྟོས་དང་རྟེན་འབྲེལ། གོ་དོན་བཅས་གང་གི་ཆ་ནས་སྨོས་ཀྱང་ཧ་ཅང་དགའ་ངེས་པ་ནི་བཤད་ཅི་དགོས། གཉན་རིམས་ཀྱིས་གནའ་ནས་ད་ལྟའི་བར་དུ་མིའི་རིགས་ཀྱི་ཚེ་སྲོག་ལ་ཉེ་བར་འཚེས་པ་ཧ་ཅང་སྐྱི་གཡའ་སྟེ།
དཔེར་ན། དུས་རབས་བཅུ་བཞི་པའི་ལོ་རབས་བཞི་བཅུ་དང་ལྔ་བཅུ་པ་ནི། ཡོ་རོབ་གླིང་ལ་མཚོན་ན་ཆེས་ཡ་ང་བའི་དུས་ཤིག་ཡིན་ཏེ། སྤྱི་ལོ༡༣༤༧ནས༡༣༥༣ལོའི་བར་དུ། འཕྱི་རིམས(黑死病)ཀྱིས་ཡོ་རོབ་གླིང་གི་སྐབས་དེའི་མི་གྲངས་ཀྱི་སུམ་ཆའི་གཅིག་སྟེ། མི་ཁྲི༢༥༠༠ལྷག་གི་ཚེ་སྲོག་འཕྲོག་པ་རེད། གྲངས་ཀ་དེ་ནི་འཛམ་གླིང་འཁྲུག་ཆེན་དང་པོར་མི༡༦༥༠འདས་པ་ལས་ཀྱང་མང་པ་ལྟར་རེད། ཁོ་བོར་མཚོན་ན་ཡང་རང་གི་ཕ་ཡུལ་ཞིན་ཧེ་རྫོང་གི་སྤྱི་ལོ༢༠༠༩ལོའི་ཟླ༧པའི་ཚེས༣༠ཉིན་བྱུང་བའི་ཆེས་ཉེན་ཚབས་ཅན་གྱི་གློ་བའི་འཕྱི་རིམས་འགོག་བཅོས་ཀྱི་བྱ་བའི་མགོ་རྔ་བར་གསུམ་དུ་ཞུགས་པ་ཡིན་ཞིང་། མཐའ་མཇུག༢༠༠༩ལོའི་གློ་བའི་འཕྱི་རིམས་ཀྱི་འགོག་བཅོས་སྔོན་ཐོན་མི་སྣ་ཞེས་པའི་གཟེངས་རྟགས་ཀྱང་བསྩལ་ཡོད་པ་དང་། དེ་ནི་ཧ་ཅང་ཉེན་ཁ་ཅན་གྱི་ཡམས་ནད་ཅིག་སྟེ། རྗེ་ཁམས་གཙང་འབྲུག་རྒྱལ་ཚང་ནས། “ཕྱི་དུག་ནག་པོ་ཞེས་བྱའི་ནད་རིམས་ལ། །ཁོ་བོས་ཉམས་མྱོང་འགའ་ཞིག་འདིར་བཤད་བྱ། །ནད་འདི་ཡུལ་གྲུ་འགའ་ལ་མཆེད་པའི་ཚེ། །ས་འོག་ཕྱི་བ་ནམ་མཁའི་བྱ་རྣམས་དང་། །གཅན་གཟན་རི་དྭགས་སོགས་འཆི་མི་ལ་མཆེད། །བཟའ་མི་དུད་ཁྱིམ་ཁོལ་བུར་ཁྱུ་རྡིབ་འཆི། །དེ་ཡི་ནད་རྟགས་དང་པོ་ཕོག་མ་ཐག །ལུས་ཀུན་བརྡུང་སྙམ་ན་ཞིང་ཚིགས་གཞི་གཟེར། །མིག་དམར་བརྩེ་འདར་སེམས་ཚིག་སྙིང་མི་དགའ། །ཁྱད་པར་མགོ་བོ་གཟེར་ཞིང་སྣ་ཁྲག་འཛག །གསུམ་བཞིའི་ཞག་ལ་མགོ་བོ་འགས་ནས་འཆི། །ཁ་ཅིག་སྙིང་ལ་བབས་ན་སྨྱོ་ལྐུགས་འཆི། །ཁ་ཅིག་གློ་བ་ལ་བབས་ཁྲག་སྐྱུག་ལུ། །ཁ་ཅིག་མཆིན་བབས་ཁྲག་མཁྲིས་འཁྲུ་སྐྱུག་འཆི། །ཁ་ཅིག་མཚེར་བབས་འཁུན་ཞིང་སྟོད་གཟེར་འཆི། །ཁ་ཅིག་མཁལ་བབས་དྲི་ཆུ་ཁྲག་འགྱུར་འཆི། །སྣོད་ལ་བབས་ན་གཟེར་འཁྱུག་ཁྲག་འཁྲུ་སྐྱུག །དེ་དག་གང་ཡང་མགོ་ན་རྨེན་བཞི་སྐྲངས། །རྩ་ཆུ་གཉན་ཚད་རླུང་གསུམ་འདུས་རྟགས་སྟོན། །འགོས་སླ་མཆེད་སྐྱེན་གསོ་དཀའ་འཆི་ཡང་སྐྱེན། །”ཞེས་པ་དང་། «གཅེས་བསྡུས་སྙིང་ནོར»ལས་ཀྱང་། “འཕྱི་རིམས་ལ་འཕྱི་བའི་དུག་ཅེས་ངོས་བཟུང་འདུག་པ་མ་ཟད། འཕྱི་བ་ནད་ཅན་ཤ་ཟོས་ན། །རྩིབ་ཐུང་ན་བའི་འགོ་ནད་འབྱུང་། །”ཞེས་པ་ཁོང་ཀརྨ་ཆོས་རྒྱལ་ཚང་ནས། “གཉན་ནད་འཕྱི་བ་ཤི་བའི་ནད། །འཕྱི་བའི་རྒྱུད་ནས་མི་ལ་འགོས། །”ཞེས་པ་དང་། ཁོང་ཀརྨ་རྒྱལ་མཚན་ལགས་ནས། “ཕྱི་ནད་ཅེས་བྱ་གདུག་པའི་ནད། །ཕྱི་བ་བྱ་གཅན་རི་དྭགས་འཆི། །དེ་ནས་མི་ལ་མཆེད་པ་ཡིན། །”ཞེས་མང་དུ་གསུངས་ཡོད་པ་ལྟར་རོ། །ད་དུང་སྤྱི་ལོ༢༠༠༣ལོའི་གློ་བའི་ཚ་རིམས་ཀྱང་ཀུན་གྱིས་རྟོགས་བཞིན་ལྟར་དང་། གློ་བའི་ཚ་རིམས་སྔོན་འགོག་གི་སྐབས་དེར་རང་ཉིད་ཆབ་ཆ་དང་ཞིན་ཧེ་རྫོང་གི་ཤར་སྒོ་ལྟ་བུའི་དཔལ་ཁ་གྲོང་རྡལ་གཉིས་ཀའི་བར་གྱི་ས་ཚིགས་དགུ་པའི(九道班)འབབ་ཚུགས་སུ་ཟླ་བ་གཅིག་ཙམ་གྱི་མཚན་མོ་ཡོངས་ལ་རྫ་སྐྱེ་རྒུ་དང་མགོ་ལོག་ཞིན་ཧེ་བཅས་སུ་ཡར་འགྲོ་བའི་རླངས་འཁོར་དང་འགྲུལ་བར་རིམས་འགོག་སྨན་གཏོར་ནས་དུག་སེལ་བྱས་པ་ཡིན། མཚན་མོ་ལ་ལར་ཆེས་མང་དུས་ཡར་འགྲོ་རླངས་འཁོར་ལྔ་བརྒྱ་ལྷག་འདུག་པ་དང་། ད་དུང་ལམ་འདི་བརྒྱུད་ནས་ལྷ་སར་སྐྱོད་མཁན་ཡང་མཆིས། སྤྱི་ལོ༢༠༡༩ལོར་མཚོན་ན་ཡང་། མཆིན་རིམས་ཁ་བས(乙肝)ཀྱང་གོ་ལ་ཧྲིལ་པོར་ཚོད་དཔག་བྱས་པ་ལྟར་ན་མི་ཁྲི༥༥.༥ཚེ་ལས་འདས་ཡོད་པ་རེད། རིམས་ནད་རིམ་པ་ཁ་པར་གཏོགས་པའི་འདར་ནད(疟疾)ལ་མཚོན་ནས་སྨྲས་ནའང་། སྤྱི་ལོ༢༠༢༠ལོའི་སྡོམ་རྩིས་གྲངས་ཀ་ནི། གོ་ལ་རིལ་མོར་འདར་ནད་བྱུང་ཚད་དུང་ཕྱུར༢.༤༡ཡིན་པ་དང་། དེ་ནི༢༠༡༩ལོའི་དུང་ཕྱུར༢.༢༧ལས་མཐོ་བ་དང་། འདར་ནད་ཀྱིས་ཤི་ཚད་ཕལ་ཆེར་ཁྲི༦༢.༧ཡིན་པ་དང་། ༢༠༡༩ལོའི་ཁྲི༥༥.༨བསྡུར་ཚེ་བརྒྱ་ཆའི་བཅུ་གཉིས་འཕར་ཡོད་པ་ལྟ་བུའོ། །རེག་དུག(梅毒)ཆ་བཞག་ན་ཡང་། སྤྱི་ལོ༢༠༡༥ལོར་གོ་ལ་ཡོངས་སུ་མི་ཁྲི༤༥༤༠ལ་རེག་དུག་ཕོག་ཅིང་ནད་པ་ཁྲི༡༠ཡི་ཚེ་སྲོག་ཤོར། སྤྱི་ལོ༡༩༨༡ལོར་གསར་དུ་ངོས་འཛིན་བྱུང་པའི་ནད་ངན་ཨེ་ཙི་ལ་མཚོན་ན་ཡང་། སྤྱི་ལོ༢༠༢༠ལོར་གོ་ལ་ཧྲིལ་པོར་ཨེ་ཙིའི་ནད་དུག་ཅན་ཕལ་ཆེར་ཁྲི༣༧༧༠མཆིས་ཤིང་། ལོ་དེར་ཨེ་ཙིའི་ནད་པ་ཁྲི༦༨ཚེ་ལས་འདས་པ་རེད། ཁྱད་པར་དུ་སྤྱི་ལོ༢༠༡༩ལོ་ནས་༢༠༢༣ལོའི་ཟླ་༡པོའི་བར་དུ་ནད་རིམས་གདུག་པ་ཅན་པྲོག་གསར་ནད་དུག་གིས་ཆེ་ས་ནས་འཛམ་གླིང་གོ་ལ་ཡོངས་སུ་འཇིགས་སྐྲག་ག་འདྲ་ཞིག་བསླངས་པ་དང་ཚེ་སྲོག་ཅི་ཙམ་ཞིག་རྨག་མེད་བཏང་པ། ཆུང་ས་ནས་འུ་ཅག་མི་རེ་རེར་མནར་གཅོད་གང་ལྟ་བུ་ཞིག་ཐེབས་མིན་ནི་ཀུན་གྱི་མྱོང་བ་དམར་རྗེན་ལྟར་རེད།

འདི་ལྟར་གཉན་རིམས་ནི«བདུད་རྩི་བུམ་པ»ལས། ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །ཧ་ལ་ཅོག་འགྱེལ་ཞེས་བྱ་བ། །ཤིན་ཏུ་མ་རུངས་འཇིགས་པའི་ནད། །འཛུམ་བཅས་ལྟག་དགྱེ་སོ་རྩིགས་ནས། །ན་ལོང་མེད་པར་དབུགས་དང་འབྲལ། །གློ་བུར་ནད་ཀྱིས་སྲོག་བཅད་དེ། །གདོན་ཆེན་འབྱུང་བོ་འཁྲུགས་ཞེས་ཟེར། །སྲོག་གཅོད་མཁྲིས་ཚད་གཉན་གྱི་རིགས། །རླུང་གི་རྟ་ཞོན་སྲོག་རྩར་རྒྱུག །དོན་སྣོད་ཀླད་སྙིང་གཉན་སར་བབས། །དེ་ནི་སྤང་ལ་མེ་མཆེད་འདྲ། །འགོས་སླ་འཆི་རྐྱེན་གསོ་བ་དཀའ། །གང་བྱུང་ས་རུ་མི་ཐག་གཅོད། །འཛམ་བུ་གླིང་བའི་བཞི་གསུམ་འཇོམས། །”ཞེས་གསུངས་པ་ཇི་བཞིན་ཡིན་པས། གཉན་རིམས་འདི་དག་གི་སྔོན་འགོག་དང་ངོས་འཛིན། བརྒལ་བརྟག། ཞིབ་འཇུག། གསོ་བཅོས་བྱ་རྒྱུ་བཅས་ནི་ཤིན་ཏུ་གལ་ཆེ་པ་སྨོས་ཅི་དགོས། འདི་ལྟར་ང་ཚོ་ཀུན་གྱིས་ཤེས་གསལ་ལྟར་རིམས་ནད་མང་པོ་ཞིག་གིས་མིའི་རིགས་ལ་གནའ་ནས་ད་ལྟའི་བར་དུ་འཇིགས་སྣང་བསྐུལ་བ་ཉུང་ཉུང་མིན་ཞིང་། ཁྱད་པར་དུ་ལོ་འདི་འགར་ཡང་པྲོག་དབྱིབས་ནད་རིམས་སོགས་ངོས་འཛིན་ལ་རྙོག་དྲ་ལྡན་ཞིང་གསོ་བཅོས་ལ་དཀའ་ངལ་ཆེ་བའི་ཡམས་ནད་རབ་དང་རིམ་པ་ཞིག་བྱུང་དང་འབྱུང་བཞིན་ཡོད་པས། ང་ཚོའི་ཕ་མེས་ཀྱི་གདམས་ངག་རི་བོའི་གཏོས་ལ་ཅོ་འདྲི་ཞིང་ཉམས་ཡིག་གི་བྱིན་ཁ་ཉི་མའི་ཟེར་ལས་དབལ་ཚ་བ། རྒྱ་མཚོ་བཞིན་ཟབ་བརླིང་ཆེ་བ་ལྷང་ངེ་ལྷན་ནེར་གཏམས་པ་ལས། བོད་ལུགས་གསོ་བ་རིག་པའི་སྨན་པ་དང་དགེ་རྒན་སོགས་ལ་མཚོན་ན། གེ་སར་སྒྲུང་ལས། “དུང་དཀར་པོ་འོ་མས་གསོས་གསོས་ནས། །དགྲ་ཆུ་སྲིན་སྟེང་ལ་ཨེ་ཕན་བསམ། །དགྲ་ཆུ་སྲིན་སྟེང་ལ་མ་ཕན་ན། །དུང་འོ་མས་གསོས་པ་དོན་རེ་ཆུང་། །”ཞེས་པ་བཞིན་དུ། ང་ཚོ་བོད་ལུགས་གསོ་རིག་པ་ཞིག་ལ་ཆ་བཞག་ནའང་། མི་ཚེ་གང་པོར་དཔལ་ལྡན་རྒྱུད་བཞི་གཙོ་བྱས་ནས་གཞུང་ལུགས་དང་ནད་ཐོག་ལག་ལེན་ལ་འབད་འབད་ནས། དོན་གལ་པོ་ཆེ་འགོས་རིམས་གདུག་པ་ཅན་ལ་འཕྲད་ཚེ་རྒྱ་སྟག་གི་རི་མོ་རྒྱ་སྒང་ལ་འཕུད་ཅི་ཐུབ་བྱེད་པ་ལས། ཀོང་སྤྲུལ་རིན་པོ་ཆེས། “རིག་པ་དཔེ་ཐོག་ལུས་པས་ལག་ལེན་དཀའ། །མ་སྦྱང་སྨན་རྐྱལ་ཐོགས་པས་ནད་པ་བསླུ། །”ཞེས་པའི་དཔེ་རུ་མི་འགྲོ་བ་ཤིན་ཏུ་གལ་ཆེ་བ་དང་། ཏག་ཏག་སྐབས་འདི་ལྟ་བུ་ཞིག་ལ་དབལ་ཤུལ་གསང་བདག་ཚེ་རིང་གིས་གཙོ་སྒྲིག་མཛད་པའི«བོད་ཀྱི་གསོ་རིག་ལས་རིམས་ནད་ཀྱི་བརྟག་བཅོས་ཀུན་བཏུས།»ཞེས་པ་ནི། དུས་སུ་བབས་པའི་ཆར་ལྟ་བུ་ཞིག་ཡིན་ཏེ། ཇི་སྐད་དུ། མི་ལོ་གསུམ་གྱི་ཡུན་དུ་མིག་སྔར་རང་ཅག་གི་མིག་བསོད་དུ་གྱུར་པའི་བོད་ཀྱི་གསོ་རིག་ཀུན་བཏུས་དང་གངས་ལྗོངས་སྨན་རྩིས་རིག་མཛོད་ཆེན་མོ། བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས་སོགས་དཔེ་ཚོགས་ཆེན་མོ་དག་ལས། རིམས་དང་འབྲེལ་བའི་གཞུང་དང་། ཉམས་ཡིག། ཤོག་དྲིལ། གཏེར་མ་སོགས་དཔེ་སྣ་མི་འདྲ་བ༢༠༠ལྷག་ཁོལ་དུ་ཕྱུང་ཞིང་། གཞུང་དེ་དག་གི་མཛད་པ་པོའི་འཁྲུངས་འདས་ཀྱི་ལོ་ཚིགས་ལྟར་སྔ་ཕྱིར་གུང་བསྒྲིགས་པ་དང་། གང་དུ་བསྟན་པའི་རིམས་ནད་ཀྱི་བརྗོད་དོན་རྣམས་རིམས་ནད་ཀྱི་ངོ་བོ་ངེས་ཚིག་སོགས་ཀྱི་སྐོར་དང་། རིམས་ནད་ཀྱི་རྒྱུ་དང་རྐྱེན་གྱི་སྐོར། རིམས་ནད་ཀྱི་དབྱེ་བསྡུ་དང་རྟགས་ཀྱི་སྐོར། རིམས་ནད་ཀྱི་གསོ་ཐབས་སྐོར། རིམས་ནད་ཀྱི་སྲུང་ཐབས་སྐོར། རིམས་ནད་ཀྱི་སྨན་སྦྱོར་བཅས་རྩ་བའི་སྡེ་ཚན་དྲུག་ཏུ་ཞིབ་མོར་ཕྱེ་སྟེ། བོད་ཀྱི་རིམས་ནད་ཀྱི་ཕྲ་ཞིབ་རིག་པའི་གཞུང་ལུགས་ཀྱི་ཡིག་ཚང་རྒྱས་པར་བཀོད་ཡོད་དོ། །དཔེ་ཚོགས་འདི་ལས་རིམས་ནད་ཀྱི་སྨན་སྦྱོར་ལྟ་བུར་མཚོན་ན་ཡང་། གཉན་རིམས་གསོ་བའི་སྨན་སྦྱོར་ཐུན་མོང་མ་ཡིན་པ་གསལ་པོར་བཀོད་པའི་གཞུང༧༥རུ་བསྟན་པའི་སྨན་སྦྱོར༢༧༢༤ཡོད་པ་སོ་སོར་སྨན་སྦྱོར་གྱི་མིང་དང་། སྦྱོར་སྡེ། ཕན་ཡོན། གང་དུ་གཏང་བྱའི་ནད་གཙོ་བོ། སྦྱོར་ཁུངས། གཞུང་གི་མཛད་པ་པོ་བཅས་དོན་རྣམ་པ་ལྔའི་སྒོ་ནས་ཁྲིགས་སུ་བསྡེབས་ཡོད་དོ། །དེ་ནི་ཕྱོགས་ཡོངས་རང་བཞིན་དང་། མ་ལག་རང་བཞིན། ཆ་ཚང་རང་བཞིན། འཇུག་བདེའི་རང་བཞིན། ཁུངས་བཙུན་རང་བཞིན་བཅས་ཁྱད་ཆོས་ལྔ་ལྡན་གྱི་སྨན་དཔྱད་ཡིག་ཚང་ཆེན་མོར་གྱུར་ཡོད་པར་གདོན་མི་ཟ།ཞེས་རྩོམ་སྒྲིག་པས་བྲིས་པ་ལྟར་དུ་ཁྱད་ཆོས་སྣ་རྒུས་ཕྱུག་པ་ཞིག་གོ །
གཞན་ཡང་དཔེ་ཚོགས་འདིའི་ཡིག་གཟུགས་དབུ་ཅན་ཡིན་པས། དབུ་མེད་དང་སྐུང་ཡིག་སོགས་ལ་བྱང་ཆ་དམན་པའི་ཁོ་བོ་ལྟ་བུ་རྣམས་ལ་མཚོན་ན་ལྟ་ཀློག་བྱེད་བདེ་བའི་དགེ་མཚན་ལྡན་པ་དང་། སློབ་གྲྭའི་དགེ་རྒན་ཡིན་ན་ཡང་འདྲ། ནད་ཐོག་སྨན་པ་ཡིན་ན་ཡང་འདྲ། སྨན་སྦྱོར་མཁན་པོ་ཡིན་ན་ཡང་རུང་། གང་ལྟར་གཉན་རིམས་ལ་ཞིབ་འཇུག་བྱེད་སྐབས་དཔེ་ཆ་མང་པོའི་ཁྲོད་དུ་འབྲེལ་ཡོད་རྒྱུ་ཆ་བཙལ་ཏེ་དུས་ཚོད་མང་པོ་འགོར་འགྱངས་བྱེད་མི་དགོས་པར་མྱུར་མོར་རྙེད་སླ་བ་རེད། གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས། “གང་གིས་གངྒཱའི་བྱེ་སྙེད་འཇིག་རྟེན་ཁམས། །རིན་པོ་ཆེ་ཡིས་བཀང་སྟེ་བྱིན་པ་བས། །གང་ཞིག་འདི་ལས་ཚིག་འགའ་ལུང་མནོས་ན། །དེ་ཡི་བསོད་ནམས་ཚད་བཟུང་མི་སླའོ།།”ཞེས་པ་དང་། ལྷོ་བྲག་གྲུབ་ཆེན་གྱིས། “ད་ལྟ་ལུང་གི་དུས་ཡིན་ཏེ། །བཀའ་དང་བསྟན་བཅོས་རྒྱུད་མན་ངག །ལ་སོགས་ལུང་རྣམས་ཉན་པ་ཡི། །བློ་དང་འདུན་པ་ཆེ་བར་གྱིས། །མཐོང་ལམ་ཐོབ་དུས་རང་ཉིད་ཀྱིས། །ནོར་གྱི་བཅོལ་མ་ལེན་དང་མཚུངས། །དེས་ན་ལུང་ལ་འདུན་པ་གྱིས། །”ཞེས་གསུངས་པ་ལྟར་དུ། གཉན་རིམས་ཀྱི་བརྟག་བཅོས་ཀུན་བཏུས་ཀྱི་ལུང་ཆ་ཚང་ཞིག་བོད་ཁམས་ཀྱི་སྨན་པ་དང་། དགེ་རྒན། སྔགས་པ། གཏེར་སྟོན། གྲུབ་མཐའ་སོ་སོའི་བླ་མ། མཁན་པོ། གྲྭ་བཙུན་བཅས་ལས་རྒྱུད་གཙང་ཁུངས་བཙུན་ཞིག་མནོས་ཐབས་བྱ་རྒྱུ་ཡང་ཤིན་ཏུ་གལ་ཆེ་བར་འདོད་དོ། །
«བོད་ཀྱི་གསོ་རིག་ལས་རིམས་ནད་ཀྱི་བརྟག་བཅོས་ཀུན་བཏུས»ཀྱི་དཔེ་ཚོགས།
འབྲེལ་ཡོད་འོས་སྦྱོར།