དེབ་གསར་ངོ་སྤྲོད།
རྩོམ་པ་པོ།:
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2022-10-25
ཀློག་གྲངས།:
༄༅།།སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱི་རྣམ་ཐར་ཕྱོཊ་བསྒྲིགས།

དེབ་འདིའི་ནང་དུ། འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱི«སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱི་རྣམ་ཐར»དང་། ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མའི«སི་ཏུ་པཎ་ཆེན་གྱི་འབེལ་གཏམ་ཁམས་སྤྲུལ་ཟིན་བྲིས» ཀུན་མཁྱེན་འཇམ་དབྱངས་བཞད་པའི«ཀུན་མཁྱེན་འཇམ་དབྱངས་བཞད་པས་སི་ཏུ་པཎ་ཆེན་ལ་ཕུལ་བའི་ཞུ་འཕྲིན» སྡེ་དགེའི་བླ་སྨན་གུ་རུ་འཕེལ་གྱི«སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱི་རྣམ་ཐར་ཚིགས་བཅད་མ» ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི«སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱི་གསང་རྣམ་ཐར་ཐོར» ཀརྨ་ངེས་ལེགས་བསྟན་འཛིན་གྱི«རྣམ་འདྲེན་བླ་མ་མཆོག་གི་རྣམ་ཐར་སྙན་པར་བརྗོད་པ་སྙན་ངགས་ཡིད་འོང་ལྕུག་ཕྲན་གཞོན་ནུ» ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི«དཔལ་ཆོས་ཀྱི་རྒྱལ་པོ་ངྷརྨ་ཀ་ར་ལ་མོས་གུས་ཀྱི་བདེན་གཏམ་དུ་བསྔགས་པ» འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་གྱི«ཏཱའི་སི་ཏུ་པདྨའི་ལྗགས་ལྡན་དང་པོ་རྗེ་པདྨ་ཉིན་བྱེད་དབང་པོའི་བཀའ་འབུམ་གྱི་དཀར་ཆག» ཀརྨ་རྒྱལ་མཚན་གྱི«སི་ཏུའི་བཀའ་འབུམ་གྱི་འཚོལ་བདེའི་དཀར་ཆག»བཅས་བསྡུ་སྒྲིག་བྱས་ཡོད།
༄༅།།སྨན་སྒང་པ་ཡོན་ཏན་ཚེ་རིང་གི་བཟོ་གནས་བརྩམས་ཆོས།

དེ་ཡང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་བཟོ་རིག་པའི་དགེ་རྒན་ཆེན་མོ་སྨན་སྒང་པ་ཡོན་ཏན་ཚེ་རིང་ལགས་ནས་ལོ་ངོ་དུ་མའི་རིང་དཀའ་བ་དང་དུ་བླངས་ཤིང་ངལ་བ་ཁྱད་དུ་བསད་ནས་བརྩམས་ཤིང་བྲིས་པའི་བོད་ཀྱི«ཐང་གའི་རི་མོའི་རྨང་གཞིའི་རྩ་གནད»དང«བཟོ་མཆོག་ལྟད་མོ་ཀུན་མཐོང» «འཇམ་དཀར་དགྱེས་པའི་བཟོ་གནས»ཞེས་པའི་དེབ་ཕྲེང་འདིར་བོད་ཀྱི་སྲོལ་རྒྱུན་རི་མོའི་རྨང་གཞིའི་ཤེས་བྱ་སྤྱི་དང་། བྲིས་འབུར་བཅའ་བརྐོས་བཅས་ཀྱི་ཐིག་ཚད་དང་དཔེ་རིས་སོགས་ཡོངས་སུ་འདུ་བས། བོད་ཀྱི་བཟོ་རིག་སྒྱུ་རྩལ་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་མཁན་རྣམས་ལ་མཚོན་རྒྱུ་ཆ་གལ་ཆེན་ཞིག་ཏུ་འཁུམ།
༄༅།།གེ་སར་སྒྲུང་ཡིག་ཆེན་མོའི་གཏམ་དཔེ་ཀུན་བཏུས་མུ་ཏིག་ཕྲེང་མཛེས།

དེབ་འདི་ཉིད་ནི༢༠༡༨ལོར་ནུབ་བྱང་མི་རིགས་སློབ་ཆེན་གྱི་གེ་སར་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་པོད་སུམ་བཅུའི་བདག་ཉིད་ཅན«གེ་སར་སྒྲུང་ཡིག་ཆེན་མོ»ཞེས་པ་གཞིར་བཟུང་ནས་སྒྲིག་རྩོམ་བྱས་པ་ཞིག་ཡིན་ཏེ། འདིར་སྒྲིག་པ་པོས་གེ་སར་སྒྲུང་ཡིག་ཆེན་མོའི་ཁྲོད་ཀྱི་སྒྲུང་དཔེ་སྔ་མ་གསུམ་དང་བར་མ་ལྔ། ཕྱོགས་བཞིའི་དགྲ་བཞི་འདུལ་བ། རྫོང་ཆེན་བཅོ་བརྒྱད་ཕབ་པ། སྒྲུང་དཔེ་ཕྱི་མ་གཉིས་བཅས་ཁྲོད་ཀྱི་གཏམ་དཔེ་ཆིག་སྟོང་ལྷག་བསྡུ་སྒྲིག་བྱས་པ་དང་། བྱེ་བྲག་ཏུ་གཏམ་དཔེ་དེ་དག་སྒྲུང་དཔེ་གང་དང་ཤོག་ངོས་གང་དུ་ཡོད་པའང་གསལ་པོར་བཀོད་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།