logo

བོད་ཡིག་གི་བརྡ་ཆད་ཚད་ལྡན་དུ་གཏོང་བའི་ཐད་ཀྱི་ལྟ་ཚུལ་འགའ།

རྩོམ་པ་པོ།:སངས་རྒྱས་སྒྲོལ་མ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ ། དུས་ཚོད།:2009-03-25 ཀློག་གྲངས།:

  གཅིག   བོད་སྐད་ཡིག་གི་མིང་བརྡ་ལ་སྒྱུར་སྟངས་སྣ་ཚོགས་བྱུང་བའི་སྐོར།

  མི་རིགས་གང་དང་གང་ཡན་རུང་ཡིག་ཐོག་གི་སྒྱུར་སྟངས་ཤིག་དང་།   དམངས་ཁྲོད་རང་བཞིན་གྱི་ངག་སྒྱུར་བྱེད་སྟངས་རེ་ཡོད།   དེར་ཚན་རིག་ལག་རྩལ་དང་ཚོང་རའི་དཔལ་འབྱོར་གྱི་ཐད་ནས།   དེང་རབས་སྤྱི་ཚོགས་ཀྱི་འགྲོས་དང་ཕྱོགས་ཡོངས་ནས་རྗེས་སུ་ལུས་པའི་བོད་ཁུལ་ལ་མཚོན་ན།   འགྲིམ་འགྲུལ་དང་ཆ་འཕྲིན་སོགས་ཕྱི་རོལ་གྱི་ཚད་བཀག་དང་།  མང་ཚོགས་ཀྱི་ནང་གི་ཤེས་ཡོན་ཀྱི་ཚད་བཀག་གི་དབང་གིས།   མིང་བརྡ་ལ་ཡང་སྒྱུར་སྟངས་མི་འདྲ་བ་སྣ་ཚོགས་བྱུང་།   སྣང་ཚུལ་འདི་རིགས་བྱེ་བྲག་ཏུ་ས་མིང་དང་།  དངོས་པོའི་སྤྱི་མིང་།   མིའི་མིང་།   གྲངས་ཀ་ལོ་ཟླ་ཚེས་གྲངས།   གཞན་ཡང་ཚན་རྩལ་ཆེད་སྤྱོད་མིང་བརྡ་ཕྱོགས་ཀྱི་བཀོལ་སྤྱོད་དང་།  གོ་བ་ལེན་པ་སོགས་ཀྱི་སྟེང་ནས་མཚོན་པར་བྱས་ཡོད།   དཔེར་ན།   རྒྱ་སྐད་དུ“日本”ཞེས་པའི་མིང་ལ་སྒྱུར་སྟངས་མི་འདྲ་བ་གང་མང་བྱུང་།   དེ་རེ་རེ་ནི །  རིམ་བཞིན་རི་པན་དང་།  འཇར་པན།   ལྗར་པན།   ཇར་ཕན།   ཇེ་ཧོང་བཅས་པ་དང་།   “伊拉克”ཞེས་པ་དབྱི་ལ་ཁི་དང་དབྱི་རག   དེ་བཞིན “罗马尼亚”ལ་ནེ་པ་ལ་དང་བལ་ཡུལ་ཞེས་པར་བསྒྱུར་ཡོད།   དེ་མི་ཚད་དངོས་པོ་སྤྱི་མིང་ལ“中国”ཞེས་པར་ཀྲུང་གོ་དང་རྒྱ་ནག་ཅེས་པར་བསྒྱུར།   རྒྱ་ནག་ཅེས་པ་བོད་མི་དམངས་ཀྱིས་རྒྱ་རིགས་ལ་བཏགས་པའི་འབོད་མིང་ཡིན་པ་ལས་དེ་ལྟར་མིན་པ་སྨོས་ཅི་དགོས།   ཀྲུང་གོ་ནི་མི་རིགས་ལྔ་ཅུ་ང་དྲུག་ལས་གྲུབ་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས།   རྒྱ་རིགས་གཅིག་པུ་ལས་གྲུབ་པ་ཞིག་ག་ལ་ཡིན།   འདི་ཧ་ལམ་དངོས་པོ་སྤྱི་མིང་ལ་མ་ངེས་པའི་གནད་དོན་ཞིག་ཡིན་པས།  རྒྱལ་ཁབ་ཀྱི་ཀྲུའུ་ཞི“江泽民”ལ་ཅང་ཙེ་མེན་དང་ཅང་ཙེ་མིན།   “李鹏”ལ་ལིས་ཕིང་དང་ལིས་ཕིན་ཞེས་པ།   གྲངས་ཀའི་བཀོལ་སྤྱོད་ལ་ཡང་སྣང་ཚུལ་མི་འདྲ་བ་མཆིས།   རྒྱ་སྐད་དུ“一匹马”ལ་རྒྱུན་ལྡན་གྱི་འབྲི་སྲོལ་དང་བསྡུས་ནས་འབྲི་བ་གཉིས་ཡོད།   དཔེར་ན།   རྟ་གཅིག་དང་རྟ1”ཞེས་དང་།   ལོ་ཟླ་ཚེས་གྲངས་འབྲི་སྲོལ་ལ“2005年6月5日”2005ལོའི་ཟླ6པའི་ཚེས5ཞེས་བོད་ཡིག་དང་གྲངས་ཀ་གཉིས་མཉམ་བསྲེས་ཀྱི་སྒོ་ནས་བསྒྱུར་བ་དང་།   གཞན་ཡང་སྲོལ་རྒྱུན་གྱི་འབྲི་སྲོལ་ལྟརཉིས་སྟོང་ལོའི་ཟླ་དྲུག་པའི་ཚེས་ལྔཞེས་བསྒྱུར་ཡོད།   ཚན་རྩལ་མིང་བརྡའི་སྐོར་བསྒྱུར་བར།   དཔེར་ན།   “照相机”ཞེས་པ་ལ་པར་ལེན་འཕྲུལ་ཆས་དང་པར་ཆས།   “方向盘”ལ་ཕྱོགས་སྟོན་འཁོར་ལོ་དང་ཁ་སྐྱོར།   “飞机”ལ་ལྕགས་བྱ་དང་གནམ་གྲུ།   “摩托车”ལ་མོ་ཐུའོ་འཁོར་ལོ་དང་སྦག་སྦག་འཁོར་ལོ།   “原子”ལ་ཡོན་ཙི་དང་མ་རྡུལ་ཞེས་པ་ལ་སོགས་བརྡ་ཆད་གཅིག་ལ་འགྱུར་དུ་མ་བྱུང་བའང་མ་ཡིག་གི་དོན་མ་གོ་བའམ་ལོ་ཙྰའི་ཆུ་ཚད་ཞན་པ།   བརྡ་ཆད་ཚད་ལྡན་དུ་གཏོང་བའི་ཕན་ནུས་མ་ཤེས་པ།   འབྲེལ་ཡོད་སྡེ་ཁག་གམ་ཁྲིམས་ལུགས་ཡོད་ན་ཡང་དེས་ལག་བསྟར་མི་བྱེད་པའམ་བརྩི་སྲུང་མི་བྱེད་པའི་སྐྱོན་དུ་མ་འདུག

  གོང་གི་འགྱུར་སྐྱོན་ནམ་གནད་དོན་དེ་དག་བྱུང་བའི་རྒྱུ་རྐྱེན་ཞིབ་ཏུ་བརྟགས་ན་ཕྱོགས་མང་པོ་འདུག

  དང་པོ།   སྔར་སྲོལ་རྒྱུན་འཛིན་བྱས་ནས་གསར་བྱུང་གི་དངོས་པོ་དང་ཐ་སྙད་དང་ཞེན་མི་བྱེད་པ།   དེ་ལྟར་སྔར་སྲོལ་དམ་འཛིན་གྱིས་གསར་འགྱུར་ལ་སོགས་པ་འཕྲལ་དུ་ཐོས་མ་ཐུབ་པར།   རང་གི་ཐ་སྙད་གསར་བ་གསར་གཏོད་བྱས་ཐོག་འགྱུར་མང་ངམ་ཚད་ལྡན་མིན་པར་བཟོས།

  གཉིས་པ།   ས་གནས་དང་རིག་གནས་ལས་ཁུངས་སོ་སོའི་ནང་རང་དགར་བསྒྱུར་བའི་སྣང་ཚུལ།   རང་རྒྱལ་བོད་རིགས་མི་དམངས་འདུས་སྡོད་ཀྱི་ས་ཁུལ་ཐར་ཐོར་ཡིན་པས།   ཕན་ཚུན་བར་འབྲེལ་འདྲིས་ཡོད་ན་ཡང་སྐད་རིགས་སམ་རིག་གནས་རྒྱབ་ལྗོངས་མི་འདྲ་བའི་དབང་གིས་དངོས་པོའམ་བྱ་བ་ལ་ཡང་ལྟ་ཚུལ་མི་འདྲ་བའམ་ཤེས་རྟོགས་མི་འདྲ་བ་གང་མང་མཆིས་པས།   ཐ་སྙད་གཅིག་ལ་འགྱུར་མང་པོ་བྱུང་ནས་ཡུན་རིང་བོར་གཅིག་གྱུར་བྱེད་ཐུབ་བྲལ།

  གསུམ་པ།   བརྡ་ཆད་ཚད་ལྡན་བྱ་བ


འབྲེལ་ཡོད་འོས་སྦྱོར།