གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པའི་སློབ་གསོའི་གླེང་མོལ་སྐབས་དང་པོ།
མཚོ་སྔོན་མི་རིགས་སློབ་ཆེན་བོད་ཤེས་རིག་སློབ་གླེང་གི་རྒན་ཆེན་མོ་ཟླ་བ་སོགས་ཚོགས་འདུར་ཞུགས་པ།
གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་སློབ་གྲོགས་པདྨ་རྣམ་རྒྱལ་གྱིས་འདོ་འཛིན་གནང་བཞིན་པ།
མཚོ་སྔོན་མི་རིགས་སློབ་ཆེན་གྱི་གངས་རིའི་སྒྲ་སྙན་མཐུན་ཚོགས་ཀྱིས《ཕ་སྐད་
ཁྲི་ལོར་བརྟན》ཞེས་པའི་ཆེད་བརྗོད་རྡུང་ལེན་ལེན་བཞིན་པ།
མདོ་དབུས་ཁམས་གསུམ་སྐད་ཀྱིས་ཕ་སྐད་མ་ཡིག་གི་གསུངས་སྒྲོས་གྲགས་ཅན་ཀློག་འདོན་བྱེད་པ།
གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་སྟག་རི་བ་
རིན་ཆེན་རྣམ་རྒྱལ་ནས་གཏམ་བཤད་སྤེལ་བཞིན་པ།
སློབ་གྲོགས་ཚེ་རིང་ཐར་གྱིས་ཚོགས་པ་འདིས་དཔའ་རིས་ཧོར་གྲོང་ས་ཁུལ་ནས་
བོད་སྐད་ཡིག་ཉམས་སྐྱོབ་བྱ་བ་སྤེལ་བར་སྙན་ཞུ་གཏོང་བཞིན་པ།
དབུས་གཙང་གི་སློབ་གྲོགས་ལྷ་མོས་གཞི་རིམ་སློབ་གསོའི་
གནས་སྟངས་ཐད་ནས་གཏམ་བཤད་སྤེལ་བཞིན་པ།
གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པའི་སློབ་གསོའི་གླེང་མོལ་སྐབས་དང་པོ་དེ2011ལོའི་སྤྱི་ཟླ3པའི་ཚེས31ཉིན་ཟི་ལིང་ཙོང་ཆུ་འགྲམ་རྒྱུད་དུ་གཞིས་ཆགས་པའི་མཚོ་སྔོན་མི་རིགས་སློབ་ཆེན་ནས་གཟབ་རྒྱས་ངང་འཚོགས་པ་རེད།