logo

གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པའི་སློབ་གསོའི་གླེང་མོལ་སྐབས་དང་པོ།

རྩོམ་པ་པོ།:རིན་ཆེན་རྣམ་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-04-11 ཀློག་གྲངས།:


ཞིབ་འཇུག་སློབ་མ་ཕག་མོ་མཁར་བྱམས་ནས་གཞི་རིམ་སློབ་གསོའི་གནད་དོན་ཐད་ནས་གཏམ་གླེང་སྤེལ་བཞིན་པ།


ཚོགས་ཞུགས་དགེ་སློབ་ཡོངས་ནས་ཚོགས་འདུར་ཉན་བཞིན་པ།


ཚོགས་རའི་ཟུར་ཞིག 


གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་དང་བློ་འདྲི་ཡུལ་རྒན་འགྱུུུར་མེད་
ལགས་ཀྱིས་ཚོགས་འདུར་ཕྱོགས་སྡོམ་གནང་བཞིན་པ།


བོད་ཤེས་རིག་སློབ་གླིང་གི་རྒན་དུང་དཀར་བ་ཚེ་དབང་རྡོ་རྗེས་གཏམ་བཤད་སྤེལ་བཞིན་པ།


བོད་ཤེས་རིག་སློབ་གླིང་གི་རྒྣན་ཀུན་དགའ་ལགས་ཀྱིས་གཏམ་བཤད་སྤེལ་བཞིན་པ།


བོད་ཤེས་རིག་སློབ་གླིང་གི་གླིང་གཙོ་རྒན་མ་ཎི་འབུམ་ལགས་ཀྱིས་
གཏམ་བཤད་པར་གཟེངས་རྟགས་གནང་བཞིན་པ། 


གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པའི་ཚོགས་ལྷན་རྒྱས།

            ཚོགས་འདུ་འདི་ནི་མཚོ་སྔོན་མི་རིགས་སློབ་ཆེན་བོད་ཀྱི་སློབ་ཆེན་པའི་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པས་གཙོ་སྒྲུབ་བྱས་པ་དང་།ཐེངས་འདིའི་ཚོགས་འདུར་མཚོ་སྔོན་མི་རིགས་སློབ་ཆེན་གི་དགེ་སློབ600ཉེ་བ་ཞིག་ཟབ་ཞུགས་བྱས་པ་དང་།  གཏམ་བཤད་པ་བཅོ་ལྔ་ལྷག་གིས་སྔ་ཕྱིར་དེང་ཆར་བོད་ཁུལ་གྱི་བོད་སྐད་ཡིག་ཉམས་དམེས་དང་གཞི་རིམ་སློབ་གསོའི་ཐབས་ཆགས་ཀྱི་མིག་སྔའི་གནས་བབས།  ཕ་སྐད་མ་ཡིག་གི་བདག་དབང་སྲུང་སྐྱོབ་སོགས་གླེང་གཞི་བྱས་ནས་དུས་ཚོད་བཞི་ལྷག་གི་གཏམ་བཤད་སྤེལ་བར་དགེ་སློབ་ཡོངས་ཀྱིས་དགའ་བསུ་ཐོབ།  ཚོགས་འདུ་བརྒྱུད་ནས་ཚོགས་ཞུགས་པ་ཡོངས་ལ་དེང་རབས་སློབ་ཆེན་པའི་སྤྱི་ཚོགས་འགན་འཁྲི་དང་ཕ་སྐད་མ་ཡིག་ཉམས་སྐྱོབ་ཐད་ཀྱི་འབོད་སྐུལ་ཟབ་མོ་ཐེབས་པ་རེད།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།