བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་བོའི་ཟིན་བྲིས།
རྩོམ་པ་པོ།:ལྡོང་ཡོན་ཏན་རྒྱ་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-03-02
ཀློག་གྲངས།:
ད་སྐབས་ཆབ་སྤེལ་ཚེ་བརྟན་དང་ནོར་བྲང་ཨོ་རྒྱན་སོགས་མཁས་པའི་གོ་སར་འགྱིང་བ་མང་བོ་ཞིག་གིས་ཁོང་བླ་བྲང་དུ་བཞུགས་སྐབས་ཀུན་མཁྱེན་ཡིག་ཆ་ལ་དགག་པ་བཏང་ཚུལ་དང་། དགག་པ་དེ་གནད་དུ་སོང་ཚུལ། དུས་དེ་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་ཡོན་ཚད་མཉམ་ཚུལ། དེའི་ཕྱིར་མང་བོ་ཞིག་གིས་ཕྲག་དོག་བྱས་ཚུལ། གནས་ཆུང་ཆོས་སྐྱོང་གིས་ཀྱང་སྡོད་དུ་མ་བཅུག་ཚུལ་སོགས་སྣ་ཚོགས་ཤིག་ལབ་མོད། ཁོང་ལ་གནས་གཅིག་ཏུ་འཁུམ་སྟེ་སྡོད་མི་ཚུགས་ཤིང་རྒྱལ་ཁམས་རིག་པས་བསྐོར་འདུན་གྱི་རང་གཤིས་ལྡོག་མེད་ཅིག་སྔ་མོ་ནས་ཡོད་ལ། མཱ་པུའུ་ཧྥང་གི་དྲུང་ཡིག་པར་འདུག་འདོད་མེད་པ་དང་། རྩོད་པའི་སྐབས་རྡུལ་ཕྲ་རབ་ཕྱོགས་ཀྱི་ཆ་མེད་མ་ཡིན་པར་ཆ་བཅས་སུ་བསྒྲུབས་པ། ཕྱི་རོལ་གཅེར་བུ་བས་ཤིང་སེམས་ལྡན་དུ་བཤད་པ་ཇི་བཞིན་གྱི་ཁས་ལེན་བཟུང་བ། རྩོད་པའི་ཚེ་ཁོ་ལ་ཚ་མ་ཕོག་ན་རྐང་བ་མི་བསྐུམ་པ་སོགས་ང་རྒྱལ་དང་འདྲེས་པའི་སྤྱོད་ལམ་སྣ་ཚོགས་བསྟན་པས་ཁོང་ལ་ལྡོག་ཕྱོགས་ཀྱི་ལྟ་ཚུལ་འཛིན་མཁན་རེ་འགའ་བྱུང་ཞིང་། ཁོང་རང་ཉིད་ཀྱིས་གསུངས་འདུག་པ་བཞིན་གསང་སྔགས་དང་དེ་ཉམས་སུ་ལེན་པའི་རྣལ་འབྱོར་བ་རེར་ཚད་ལས་བརྒལ་བའི་ཁ་བཏང་བའི་རྐྱེན་སོགས་ལ་བརྟེན་ནས་དབང་མེད་ལྟ་བུས་ལམ་དུ་ཆས་པ་ནི་དོན་དངོས་ཤིག་ཡིན་འདུག་ཚུལ་རྡོ་རྗེ་རྒྱལ་གྱིས་བྲིས་པའི་དགེ་ཆོས་ཀྱི་ལོ་རྒྱུས་སུ། ཁོང་དང་རྣམ་རྒྱུན་འབྲེལ་འདྲིས་ཟབ་པའི་ཞོ་འོང་ཕུན་ཚོགས་དར་རྒྱས་དང་། ཐུབ་བསྟན་ཆོས་དར་གཉིས་ཀྱི་ངག་སྒྲོས་ཇི་བཞིན་བཀོད་འདུག་པ་དེས་ཀྱང་བདེན་དཔང་བྱེད་ཐུབ་པོ། །ཁོང་གིས་དེ་དུས་ཀྱི་ཡོན་ཚད་དང་གནས་གཞན་དུ་ཆས་ཚུལ་སོགས་བླ་བྲང་ལ་བསྐུར་བའི་ཀ་རྩོམ་དེ་གཟུ་བོས་བློ་ཡིས་ཐེངས་གཅིག་བཀླགས་པས་ཀྱང་ངེས་པ་འདྲོངས་ཐུབ་ལ། ཧོར་འཇིགས་ཀྱིས་བྲིས་པའི་དྲང་བདེན་གྱིས་བསླུས་པའི་སློང་མོ་བ་ཞེས་པ་ལས། དེ་ནི་དེང་སང་མི་མཐོ་དམན་ཐམས་ཅད་ལ་མི་འཕྲོད་པའི་བྱ་སྤྱོད་སྤྱིར་བཏང་བ་ཞིག་ལས། ཧོར་ཁང་བསོད་དཔལ་གྱིས། དེའི་ཚེ་དམ་པ་དེ་ཉིད་ཀྱིས་ཚོགས་ལངས་སྐབས་རིག་པ་ཧ་ཅང་རྣོ་བས་འཇམ་དབྱངས་བཞད་པའི་ཡིག་ཆའི་དགོངས་དོན་ཡང་ཁས་མ་བཞེས་པས་སྤྱིར་བཏང་དཔེ་ཆ་བ་རྣམས་ཧང་སངས་པ་དང་། ཞེས་དགེ་ཆོས་བླ་བྲང་ནས་སྡོད་མ་ཐུབ་པའི་རྒྱུ་རྐྱེན་ཀུན་མཁྱེན་བླ་མའི་ཡིག་ཆ་ཁས་མ་བླངས་པས་ལན་པར་བཤད་པ་ནི་རྒྱུ་མཚན་དང་མ་འབྲེལ་བའི་སྐྱག་རྫུན་ཙམ་ལས་ཁུངས་སྐྱེལ་གང་ཡང་མེད། རིག་པ་རྣོ་བས་ཀུན་མཁྱེན་ཡིག་ཆ་ཁས་མ་བླངས་ཟེར་བ་ཡང་བསྟོད་མ་ཤེས་པའི་བསྟོད་པ་ཞིག་མིན་ནམ་སྙམ། ཞེས་བཤད་པ་ནི་ཆེས་ཆེར་དོན་ལ་གནས་སོ་ཞེས་བདག་གིས་ཀྱང་འདོད་དོ། །
བླ་བྲང་ནས་རྒྱ་ཡིག་དང་དབྱིན་ཡིག་ལའང་ཕྱོགས་ཙམ་སྦྱངས་པར་མངོན་ལ་ཚན་རིག་རང་བཞིན་གྱི་གཏམ་རྒྱུད་ཀྱང་གང་མང་ཞིག་བཞག་སྐད་འདུག དགུང་ལོ་ཉེར་བཞི་བར་བླ་བྲང་ནས་ལམ་ལ་ཆས་ཏེ་ཕ་ཡུལ་དུ་ཡུད་ཙམ་བསྡད་རྗེས་སྐུ་འབུམ་དང་མཚོ་སྔོན་པོ། ནག་ཆུ་སོགས་བརྒྱུད་དེ་དགུང་གྲངས་ཉེར་ལྔའི་སྟེང་དབུས་འགྱུར་ཆོས་ཀྱི་ཞིང་དུ་བདེ་བར་འབྱོར་རོ། །
དགེ་འདུན་ཆོས་འཕེལ་ནི་ཆོས་ལུགས་པ་ཞིག་ཡིན་ལ་དད་པ་ཙམ་གཙོ་བོར་མི་བྱེད་པའི་ཆོས་ལུགས་པ་རྣམ་དཔྱོད་ཅན་ཞིག་ཀྱང་ཡིན་ཏེ། ཁོང་གི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་ཐང་ལས། ཁྱེད་ཚོའི་སེམས་ལ་ངེད་དབང་རྟུལ་གཞན་གྱི་ཅི་ཟེར་ལ་དེ་མ་ཐག་ཡིད་ཆེས་མཁན་དེ་འདྲ་ཞིག་ཡིན་སྙམ་པ་མ་བྱེད། ངེད་དབང་བོ་ཡང་རྣོ་རབ་ཅིག་ཡིན། བསྟན་པའི་ཕྱོགས་སུའང་ཆོས་བཤད་པ་ལ་སློབ་མ་མ་རྙེད། དགོན་པ་འདེབས་པ་ལ་ཆ་རྐྱེན་མ་འགྲིག་པས་བྱ་བ་རླབས་ཆེན་དེ་ཚོ་བྱེད་མ་ནུས་ཏེ། ཆོས་ཀྱི་ཤ་ཚ་ཁྱེད་ཚོ་ལས་མི་ཆུང་ཙམ་ཡིན། ཞེས་གསུངས་པ་ལྟར་རོ། །དེའི་ཕྱིར་ཁོང་ལྷ་སར་འབྱོར་རྗེས་གཙུག་ལག་ཁང་དང་པོ་ཏ་ལ། ས་དགེ་རྙིང་གསུམ་སོགས་ཀྱི་དགོན་སྡེ་དང་གནས་ཆེན་ཁག་ལ་མཇལ་སྐོར་དང་ཞིབ་འཇུག་གང་མང་གནང་། འགྲན་ཟླ་བྲལ་བའི་རི་མོའི་སྒྱུ་རྩལ་གྱིས་རང་གི་འཚོ་བར་མཐུན་རྐྱེན་སྦྱར་ཞིང་མི་ཆེན་གང་མང་གི་ཡིད་ཀྱི་བརྟན་པ་འཕྲོག དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་ཆེན་པོའི་སྒོ་མང་གྲྭ་ཚང་གི་ཀླུ་འབུམ་ཁང་ཚན་དུ་ཞུགས་ཏེ་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་རྡོ་སྦིས་ཤེས་རབ་རྒྱ་མཚོ་ལས་ཤེས་རིག་གི་བདུད་རྩི་བཞེས་ཤིང་རིགས་པ་སྨྲ་བ་མང་བོ་དང་ལྷན་ཅིག་བརྡར་ཤ་བཅད། འཇམ་དཔལ་མཚན་བརྗོད་རྒྱུན་པར་ཞལ་འདོན་མཛད་ཅིང་མཚན་ཕྱེད་ཙམ་ལ་རྗེ་བཙུན་འཇམ་དབྱངས་ཀྱི་སྐུ་ཞིག་ལ་སྐོར་བ་ཁོ་ན་གནང་ཚུལ་ཡང་གསལ།
ཁོང་རྣམ་རིག་ཧ་ཅང་སྐྱེན་པའི་སྟོབས་ཀྱིས་དཔེ་ཁྲིད་སོགས་ཀྱི་སྐབས་རྗེ་ཤེས་རབ་རྒྱ་མཚོ་སོགས་ལ་ཁས་ལེན་ཐལ་ཆེ་བ་ལྟ་བུ་བཟུང་བའམ་རང་གཤིས་རྩུབ་པོ་དང་ང་རྒྱལ་མཐོན་པོའི་བཟོ་ལྟ་བསྟན་པ་བདེན་པར་ཐོས་མོད། དེས་དགེ་ཆོས་ཀྱིས་བླ་མར་རྒྱབ་འགལ་བྱས་པ་གཏན་ནས་མི་མཚོན་པར་རྩོད་རིག་འཕེལ་བའི་མཐུན་རྐྱེན་དང་དགེ་རྒན་གྱི་ཐུགས་རྒྱུད་ན་མངའ་བའི་རིགས་པའི་གསང་ཚིག་རེ་རེ་སློབ་བུའི་བགོ་སྐལ་དུ་ཐོབ་པའི་ཐབས་མཆོག་ཅིག་ཡིན་པ་རྩོད་པའི་རིགས་ལམ་ལ་སྦྱངས་མཁན་ཞིག་ཡིན་ཕྱིན་གསལ་ལེར་མཁྱེན་ངེས། རྗེ་ཤེས་རབ་རྒྱ་མཚོས་ཀྱང་། ང་དགེ་རྒན་འཇམ་པའི་དབྱངས་ལ་ཁྱོད་དགེ་ཕྲུག་འཇམ་པའི་དབྱངས་ལྟ་བུ་བྱུང་ཞེས་ཡང་ཡང་བསྔགས་བརྗོད་མཛད་ཅིང་རྗེས་སུ་དགེ་ཆོས་སྐུ་གཤེགས་པ་ཐོས་ཚེ་མི་སྟོང་ཕྲག་གཅིག་ཤི་བ་ལས་ཁོང་གཤེགས་པ་ཕངས་ཞེས་སྤྱན་ཆབ་ཀྱང་ཤོར་བར་གྲགས། དེའི་ཕྱིར་དེང་རབས་བོད་ཀྱི་བསམ་བློ་བ་དང་གསར་བཏོད་པར་རློམ་པ་ཞིག་གིས། "དགེ་འདུན་ཆོས་འཕེལ་གྱིས་སྐུ་ཚེ་གང་བོར་དྲང་བདེན་དང་ཤེས་རབ་ཀྱི་འཚོལ་དཔྱོད་ཐད་སྔ་ཕྱིར་ཐེངས་ལྔ་ལ་ངོ་ལོག་པའི་ལས་མཛད་ཅིང་།" ངོ་ལོག་པའི་ལས་གཅིག་ནི་རྗེ་ཤེས་རབ་རྒྱ་མཚོར་ཕྱིར་རྩོད་པ་བྱས་པ་དེ་ཡིན་ཞེས་གསར་དཔྱད་ཅིག་ཡིན་ཁུལ་གྱིས་བྱིས་པ་འགའ་རེར་འུར་བསླངས་པ་ནི་དགེ་འདུན་ཆོས་འཕེལ་གྱི་སྐུ་ཆེ་བའི་ཡོན་ཏན་ལྟ་ཅི་སྤྱིར་རྩོད་པའི་སྤྱི་འགྲོས་ཙམ་ཡང་མ་ཤེས་པའི་རང་མཚང་བསྟན་པ་ཙམ་དུ་ཟད་ལ། ཡང་འགའ་རེས་སྐབས་དེའི་བློ་གསལ་གླིང་གི་དགེ་བཤེས་གྲགས་ཅན་མི་ཉག་སྐྱོར་དཔོན་ལ་ཡང་རྟགས་གསལ་ཆད་དུ་བཅུག་ཅེས་ཧ་ལས་ལས་ཀྱིས་བརྗོད་མོད། འདི་ནི་རྩོད་པའི་སྐབས་མཁས་བླུན་མང་བོར་འབྱུང་ངེས་པའི་རྒྱུན་མཐོང་སྣང་ཚུལ་ཞིག་ཡིན་པས་རྩོད་པའི་བྲོ་བ་མ་མྱོང་བའི་བྱིས་པ་ཚོར་མཚར་དུ་ཆེའང་རིགས་པ་སྨྲ་བ་དག་ལ་ནི་དེ་ཙམ་གྱིས་སྔར་མེད་མཁས་པའི་རྩེར་སོན་གྱི་གཏམ་གསར་ཞིག་ཏུ་འགྱུར་དཀའ་འོ། །སྤྱིར་ད་ལྟ་མང་བོ་ཞིག་གིས་དགེ་ཆོས་ཀྱི་དར་ཕྱར་ཏེ་རང་ཉིད་ཀྱི་དགའ་ཕྱོགས་ཁྲོམ་སྟོན་བྱེད་ཚུལ་འདིས་དོན་གྱིས་དགེ་ཆོས་ནི་རྩེད་ཆས་ཤིག་གི་ཚད་དུ་བཞག་ཡོད་པ་མ་ཡིན་ནམ།
འོ་ན་རྗེ་ཤེས་རབ་རྒྱ་མཚོས་དགེ་ཆོས་ལ་རྗེས་སུ་དགག་ཡིག་གནང་དགོས་དོན་ཅི་ཞེ་ན། སྤྱིར་སློབ་མ་ཞིག་གིས་གཞུང་དོན་ཇི་བཞིན་དུ་མ་གོ་བར་ལོག་ལམ་དུ་འཕྱན་པའི་ཚེ་དེ་ལམ་ཡང་དག་པར་འགོད་དགོས་པ་ནི་དགེ་རྒན་གྱི་འོས་འགན་ཡིན་ལ། ཀླུ་སྒྲུབ་དགོངས་རྒྱན་རྩོམ་པ་བོ་དགེ་ཆོས་ཡིན་མིན་ཁ་ཚོད་གཅོད་དཀའ་ཡང་ལུགས་དེར་ཤ་ཐང་གིས་འབད་པ་དག་ལ་དགག་སྒྲུབ་ཅིག་གནང་བ་ནི་འཇམ་མགོན་བླ་མའི་རང་ལུགས་དྲི་མ་མེད་པ་འཛིན་མཁན་ཞིག་གི་འོས་སུ་ཆེ་བས་ཧང་སངས་དགོས་དོན་ཅི་ཡང་མེད་སྙམ།
འབྲས་སྤུངས་ནས་ལོ་དྲུག་ལྷག་ལ་བཞུགས་རྗེས་རྒྱ་གར་གྱི་པཎྡི་ཏ་རཱ་ཧུ་ལ་ཞེས་པ་དང་གྲོགས་པོར་གྱུར་ཅིང་དེ་ལས་ལེགས་སྦྱར་གྱི་སྐད་ལ་སྦྱོང་ཞོར་རྒྱ་གར་དུ་ཆས་པའི་སྟ་གོན་བྱས། འགའ་རེས་དགེ་འདུན་ཆོས་འཕེལ་རྒྱ་གར་དུ་སོང་བ་ནི་ལྷ་རམས་དམ་བཅའི་གྲགས་སྐམ་ལ་མ་དགྱེས་པས་རེད་ཅེས་སོགས་བཤད་པ་ལའང་བདེན་ཁ་སྟེར་དཀའ་སྟེ། རྟོགས་བརྗོད་དག་པའི་སྣང་བར། ད་ཕན་རྒྱ་བོད་ཀྱི་བར་དུ་ལོ་ཙཱ་བའི་རྒྱུ་འགྲུལ་གྱི་རྒྱུན་ཆད་ནས་ཡུན་རིང་བོ་སོང་ཟིན། ཁྱེད་ཀྱིས་རྒྱ་གར་དུ་ཕེབས་ནས་སཾ་སྐྲི་ཏའི་སྐད་ལ་སྦྱོང་བ་མཛད་དེ་ཕྱིས་ཀྱི་ལོ་ཙཱ་བ་ཞིག་མཛད་དགོངས་ན་ང་དང་མཉམ་དུ་རྒྱ་གར་དུ་ཕེབས་དགོས་ཞེས་ཁོའི་གྲོགས་པོ་རྒྱ་གར་རཱ་ཧུ་ལས་བསྐུལ་མ་གནང་ཚུལ་དང་། དགེ་ཆོས་ནི་གནས་གཅིག་ཏུ་བདེ་བར་ཚིམས་ཏེ་བཞུགས་པ་ཞིག་མིན། ཞེས་དང་། གཏམ་རྒྱུད་གསེར་ཐང་ལས། ཁོ་བོ་གཞོན་ནུ་ཞིག་ནས་རྒྱ་གར་གྱི་ཡུལ་དེར་ལན་གཅིག་སླེབས་ན་སྙམ་པ་ཡང་ཡང་ཡོད། ཅེས་དང་། རྒྱ་གར་ནས་པཎྡི་ཏ་རཱ་ཧུ་ལ་བྱ་བ་ཞིག་བོད་དུ་བྱོན་པ་དང་འཕྲད་ནས་འགྲོ་བའི་སྐུལ་མ་བཏབ་པ་བཞིན་འདོད་ཐོག་ཏུ་སྨིན་ཏེ་ཆས་སོ། །ཞེས་གསུངས་པ་ལྟར་རྒྱལ་ཁམས་རིག་པས་སྐོར་འདུན་གྱི་པད་མོ་ལ་མཐུན་རྐྱེན་ཉི་གཞོན་གྱི་ཟེར་མ་ཕོག་པར་མངོན་ནོ། །
དྲང་བདེན་གྱིས་བསླུས་པའི་སློང་མོ་བ་ཞེས་པར་ཡང་། ཐག་རིང་ཨ་མདོ་ནས་ཡོང་བས་ངོ་ཤེས་སྦྱིན་བདག་མེད་པ་དང་གཅིག རང་ཡུལ་ཨ་མདོ་ནས་ཤ་མར་ཐུད་གསུམ་སོགས་མངར་ལྡན་བཅུད་བཟང་གི་ཁ་ཟས་གང་འདོད་ཟོས་པས་སྐྱག་ལང་ཤོར་བ་དང་གཉིས། འཆར་ཡན་བག་ཡངས་ཀྱི་སྤྱོད་ལམ་ལྷན་སྐྱེས་དེ་གུ་ཤིན་ཏུ་དོག་པའི་དགོན་པའི་སྒྲིག་འོག་ནས་སྡོད་བཟོད་མ་བྱུང་བ་དང་གསུམ། ཟས་གོས་ལྟོ་རྒྱབ་ཀྱི་དོན་དུ་སྐུ་དྲག་གི་བུ་ཕྲུག་ཚོར་རི་མོ་སྣ་ཚོགས་བྲིས་ཏེ་མནོག་ཆུང་འཚོ་གོས་ཀྱི་གླ་དངུལ་ཕྲན་བུ་བཙལ་བ་དང་བཞི། ཆ་ལུགས་སྤྱོད་ལམ་འདྲ་མིན་གྱི་མི་ཚོགས་འདུས་པའི་ལྷ་སའི་ཁྲོམ་ར་འཁྲུག་ཆ་དོད་པོར་སེམས་པ་གཡེངས་པ་དང་ལྔ། ཆོས་རྐྱང་བ་ཙམ་མ་ཡིན་པར་མི་རིགས་ཤིག་གི་ལོ་རྒྱུས་ཉམས་རྒུད་ཀྱི་གཡང་ལས་སྐྱོབ་འདོད་ཀྱི་ཀུན་སློང་དྲག་ཏུ་འབར་བཞིན་ཡོད་པ་དང་དྲུག བོད་ཀྱི་ནང་ཆོས་འཁྲུངས་ཡུལ་གྱི་ཨ་མའི་མ་ཁྱིམ་རྒྱ་གར་དུ་བསྐྱོད་ཕྱིར་ལམ་ཡིག་གནས་བཤད་མི་ཉུང་བར་དཔྱད་ཞིབ་བྱེད་དགོས་པ་དང་བདུན། རང་གི་ཡུལ་ལུང་རྐྱང་བའི་རིག་གཞུང་ཙམ་གྱིས་ཚིམས་ན་རྗེས་ལུས་ལ་མགོ་སྒུར་དགོས་པར་རྟོགས་པ་དང་བརྒྱད། ཡར་རྒྱས་ཕྱི་གླིང་རྒྱལ་ཁབ་ཁག་གི་རིག་གསར་གྱི་ཉིང་བཅུད་བླངས་ཏེ་བོད་དུ་གསར་བརྗེའི་བསྒྱུར་བཅོས་བྱེད་འདོད་ཀྱི་རྨི་ལམ་ཡོད་པ་དང་དགུ། ཐབ་ཀ་དང་ཕ་མ་ལས་གཞན་ཅི་ཡང་མི་ཤེས་པའི་བོད་ཕྱི་རབས་པ་ཚོར་ཡུལ་སྐོར་ཉམས་ཞིབ་ཀྱི་སྒོ་མོ་ཆེ་རུ་འབྱེད་འདོད་ཡོད་པ་དང་བཅུ་བཅས། རྣོ་ངར་ཤུགས་ལྡན་གྱི་ཚོར་བ་དེ་དག་སྙིང་ཁོང་དུ་འཁྲུངས་ནས་ཆོས་ཁོ་ནར་སློབ་སྦྱོང་ནན་ཏན་མ་བྱས་པར་བག་ཡངས་འཆལ་སྤྱོད་ཀྱི་སྒོ་མོ་དང་བོ་དེ་དུས་ཤིག་ནས་ཕྱེ་བར་སྣང་ཞེས་ཁོང་རྒྱ་གར་དུ་ཆས་དགོས་པའི་རྐྱེན་དོན་ལ་གནས་མིན་བཅུ་བགྲངས་འདུག་མོད་ལྷ་རམས་དམ་བཅའི་མཚན་སྙན་ལ་མ་དགྱེས་པར་བྲོས་ཚུལ་ཟུར་ཙམ་ཡང་མི་གསལ།
སྤྱི་ལོ་༡༩༣༤ལོའི་ཟླ་བདུན་པ་ནས་རཱ་ཧུ་ལ་དང་ལྷན་ཅིག་འཕན་ཡུལ་དང་རྭ་སྒྲེང་ས་སྐྱ་སོགས་དགོན་སྡེ་མང་བོར་གནས་སྐོར་དང་། ཞོར་དུ་རྒྱ་དཔེ་དང་ལྡེབས་རིས། རྡོ་རིང་གི་ཡི་གེ། འདྲ་སྐུ་སོགས་མང་བོར་ཞིབ་འཇུག་བྱེད་བཞིན་ཟླ་དགུ་བར་བལ་ཡུལ་དུ་སླེབས་ཏེ་དེར་ཟླ་དྲུག་བཞུགས། དེའི་ཕྱི་ལོར་རྒྱ་གར་དུ་ཕེབས་ཤིང་ལེགས་སྦྱར་གྱི་སྐད་དང་དབྱིན་ཡིག་ལ་བརྩོན་པ་བསྐྱེད། སངས་རྒྱས་ཀྱི་གནས་མཆོག་བརྒྱད་སོགས་ལ་གནས་སྐོར་བྱས་ཤིང་། གནས་བཤད་དང་ལམ་ཡིག་ངོ་མཚར་བ་དུ་མ་དང་གསེར་ཐང་༼འདི་ནི་ཁོང་སྐུ་གཤེགས་ཁར་ཡང་ངའི་ཕ་གཞིས་ཞེས་ཆེས་གཙིགས་ཆེན་གནང་ས་ཞིག་ཡིན་ལ། ཡིག་ཆ་འགའ་རེར་གསལ་བ་ལྟར་ན་གཞུང་དེར་ཁྱོན་ལེ་ཚན་༡༣༦ཡོད་མོད་རྗེས་སུ་བོར་བརླག་ཏུ་གྱུར་བས་དེང་སང་མཇལ་དུ་ཡོད་པའི་ལེ་ཚན་བཅུ་བདུན་པོ་ལས་མ་ལྷག་པར་བཤད། གཞུང་འདི་ལ་བརྟགས་ན། ཁོང་ནི་སྐད་བརྡ་རིག་པ་དང་། རྩོམ་རིག་སྒྱུ་རྩལ་རིག་པ། དམངས་སྲོལ་རིག་པ། ས་གཤིས་རིག་པ། ལོ་རྒྱུས་ཞིབ་འཇུག་རིག་པ། ལྗོངས་རྒྱུ་རིག་པ། སྲོག་ཆགས་རྩི་ཤིང་རིག་པ་བཅས་ལ་ནང་བྱན་ཆུད་པའི་མཁས་པ་ཞིག་རེད་ཅེས་ཕྱི་ནང་དཔྱད་བརྗོད་པ་མང་བོས་གདེང་འཇོག་གནང་གིན་ཡོད།༽ སོགས་ལེགས་བཤད་དུ་མའི་སྐྱེས་བཟང་བོད་ལ་གནང་། སྤྱི་ལོ ༡༩༣༨ ལོར་རྒྱ་གར་གྱི་བླ་མ་རཱ་ཧུ་ལ་དང་ལྷན་ཅིག་ཕྱིར་བོད་ཡུལ་གྱི་ས་སྐྱ་སོགས་སུ་ལན་གཅིག་ཕེབས་པ་བཅས་ཁྱོན་རྒྱ་གར་དུ་མི་ལོ་བཅུ་གཉིས་ལྷག་ལ་བཞུགས་པ་ཡིན་ཏེ། ཁོང་གིས་བླ་བྲང་ལ་བསྐུར་བའི་ཚིགས་བཅད་སྙན་རྩོམ་ཞིག་ལས། ཚེ་སྔོན་ལས་ཟེར་བ་རླུང་གི་རྟ། །ལམ་ག་འདྲའི་གཏད་སོ་མེད་པ་ཞིག །ང་བོད་ཕྲུག་བོད་ནས་སྐྱེས་པ་ཡི། །ཚེ་དུམ་གཅིག་རྒྱ་གར་ཡུལ་དུ་ཟད། །ལོ་བཅུ་གཉིས་ཨ་ལོང་འཁོར་གྱི་བར། །སྐྱིད་ཆེ་བའི་ཕ་ཡུལ་མ་མཐོང་ཞིང་། །སྒོས་དྲིན་ཅན་གྱི་མ་རྒན་མ་མཇལ་བ། །འདི་བསམ་ན་བྲལ་བའི་སྙིང་རླུང་བསླངས། །ཞེས་གསུངས་པས་སོ། །
ལོ་བཅུ་གཉིས་ཀྱི་ནང་དེར་ལོ་གཅིག་དང་ཟླ་བཞི་ཙམ་གྱི་རིང་སིང་གཱ་ལའི་གླིང་དུ་བཞུགས། འགའ་རེས་དུས་ཡུན་དེ་ཙམ་ལ་སིང་གཱ་ལའི་གླིང་གི་ལེགས་སྦྱར་གྱི་སློབ་གྲྭ་ཆེན་མོ་ཞིག་ནས་སློབ་སྦྱོང་གནང་བར་བཤད་མོད་མི་བདེན་པར་མངོན་ཏེ། ཁོང་རང་ཉིད་ཀྱིས་མཛད་པའི་སིང་གཱ་ལའི་ལོ་རྒྱུས་ཞེས་པར། དེ་ལྟར་ན་གླིང་འདིར༼སིང་གཱ་ལ༽བོད་ཀྱི་བླ་མ་རྫུ་འཕྲུལ་གྱིས་བྱོན་པ་ནི་སྔར་འགའ་ཙམ་བྱུང་འདུག་མོད། རྫུ་འཕྲུལ་མ་ཐོབ་པའི་ནང་ན་ངེད་རང་སླེབས་སྔ་བ་ཞིག་ཏུ་སེམས། ལོ་གཅིག་དང་ཞག་ཤས་མ་ཚང་བའི་ཟླ་བ་བཞིར་བསྡད། དེའི་རིང་ལ་གནས་གཅིག་ཏུ་མ་ཆགས་པར་ལྭ་བ་གཡང་ལུགས་ཤིག་གྱོན་ཏེ་དགེ་བསྙེན་གྱི་ཟོབ་ཏུ་ཞུགས་ནས་རྟག་ཏུ་རྒྱུ་འགྲུལ་ཁོ་ན་བྱས་པས་ཕལ་ཆེར་གླིང་གང་བོ་འཁོར་ཙམ་བྱས། ཞེས་སོགས་གསལ་ཞིབ་ཏུ་གསུངས་པས་སོ། ། དེ་ལྟར་རྒྱ་གར་སོགས་ནས་ཡུལ་སྐོར་ཞིབ་འཇུག་དང་ཡིག་བསྒྱུར། སྔོན་ཐོན་རྒྱལ་ཁབ་ཁག་གི་ཤེས་ལྡན་པ་དག་དང་འབྲེལ་འདྲེས་སོགས་ཀྱི་ཕྱག་ལས་གཙོ་བོ་གནང་བར་མངོན་ལ་ཝ་ར་ཎཱ་སིར་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་ཞེས་པ་སློབ་དཔོན་དུ་བསྟེན་ནས་སཾ་སྐྲིའི་སྐད་ལ་སོགས་པར་སྦྱངས་པས་ཀུན་བཤད་ཀྱི་མཚན་ལ་འཇིགས་མེད་པཎྡི་ཏ་མི་ཕམ་དབྱངས་ཅན་དགྱེས་པའི་རྡོ་རྗེར་གསོལ་བར་གྲགས།
ཁོང་གི་མཁས་པའི་གྲགས་སྙན་དང་རི་མོའི་ལག་རྩལ་སོགས་ཀྱིས་ཡིད་འཕྲོགས་ཏེ་ཧྥ་རན་སིའམ་ཨ་རིའི་མི་ཞིག་གིས་གདན་འདྲེན་ཞུས་པ་ཞལ་གྱིས་བཞེས་ཀྱང་རྐྱེན་དབང་དུ་མས་ཕེབས་མ་ཐུབ། གཞན་བོད་ཀྱི་དཔྱོད་ལྡན་རིགས་ཞེན་པ་ཁག་ཅིག་གིས་བཙུགས་པའི་ནུབ་བོད་ལེགས་བཅོས་སྐྱིད་སྡུག་ཅེས་པའི་ཚོགས་པར་ཞུགས་ཏེ་ཕྱག་ལས་མང་ཙམ་གནང་བས་རྗེས་སུ་ལྷ་ས་ནས་ཁྲིམས་ལ་སྦྱོར་བའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་སྐད། ཁོང་གིས་མཛད་པའི་སིང་གཱ་ལའི་ལོ་རྒྱུས་ཞེས་པའི་མཇུག་རྩོམ་དུ། བཙུན་པའི་ཆ་ལུགས་རིང་ནས་ཡལ་གྱུར་ཅིང་། །འདུལ་བའི་སྤྱོད་ལམ་ཤུལ་དུ་མ་ལུས་ཀྱང་། །གནས་བརྟན་དགེ་སློང་ཚོགས་དང་མཇལ་བ་འདི། །ཚེ་རབས་སྔ་མའི་ལས་ཀྱི་འབྲས་བུར་ངེས། །ཞེས་དང་། ཡུལ་དེར་མཛད་པའི་གསུང་མགུར་ཞིག་ལས། རི་བོ་སྒང་དྲུག་ལྗོངས་ནས་རི་དྭགས་བཞིན་འཁྱམས་ཏེ། །ཐག་རིང་རྒྱུས་མེད་མི་ཡི་རྒྱལ་ཁམས་སུ་སླེབས་ནས། །མདོ་མེད་འཕྱོར་མོའི་ཕྱོགས་ལ་སེམས་པ་རང་ཤོར་བའི། །དྲིན་ཅན་ཕ་མ་བརྗེད་པའི་བུ་རུལ་ང་སྐྱོ་བ། །ཞེས་པའི་གསུང་ཟུར་ལས་ཀྱང་ཕྱོགས་ཙམ་དཔག་ཐུབ་པ་ལྟར་ཁོང་སིང་གཱ་ལར་བཞུགས་དུས་དགུང་གྲངས་བཞི་བཅུ་བ་ཡིན་ལ་དེའི་སྔོན་གྱི་དགུང་ལོ་སོ་ལྔ་བར་རྒྱ་གར་གྱི་ཀུ་ལ་ཞེས་པར་བཞུགས་ཚེ་སོ་ཐར་གྱི་སྡོམ་ཁྲིམས་སྤངས་པར་མངོན་ཞིང་། ཆབ་མདོར་ཁོང་གི་བུ་མོ་དགེ་རྒྱས་གཡང་འཛོམས་ཞེས་པ་ཞིག་ཀྱང་ཡོད་པར་གླེང་།
ཁྲི་བྱང་རིན་པོ་ཆེ་དང་བཀའ་བློན་ཀ་ཤོད་པ་གཉིས་ཀྱིས་གདན་འདྲེན་ཕྱག་འཕྲིན་བསྐུར་བ་བཞིན་ལམ་བར་ནས་གནད་འགག་ཆེ་བའི་བོད་ཀྱི་ས་བབ་རྩད་གཅོད་དང་འབྲེལ་ས་ཁྲ་ཞིག་ཀྱང་བྲིས་རྗེས་སྤྱི་ལོ ༡༩༤༥ ལོའི་ལོ་སྨད་ཙམ་ལ་ཕྱིར་ལྷ་སར་ཕེབས་ཤིང་ཧོར་ཁང་བསོད་ནམས་དཔལ་འབར་དང་ཟླ་བཟང་སོགས་སློབ་མ་ཁ་ཤས་རྗེས་སུ་བཟུང་མོད། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ལས་ཕྱི་མ་གཙོ་བོར་གནང་སྟེ་སྤྱི་ལོ ༡༩༤༦ ལོའི་ཟླ་གཉིས་པར་བཀའ་གཙིགས་རྡོ་རིང་དང་། འུ་ཤིང་དུ་ཡོད་པའི་རྡོ་རིང་། རྒྱ་གར་དུ་བཞུགས་ཚེ་ཕྱག་ཏུ་སོན་པའི་ཤིན་ཅང་དང་ཏུན་ཧོང་གི་ཡིག་རྙིང་སོགས་ལ་གཟིགས་རྟོགས་དང་ཞིབ་འཇུག་མཛད་དེ་དེབ་དཀར་རྩོམ་པའི་ལས་ལ་བྲེལ་བཞིན་པའི་སྐབས་གློ་བུར་དུ་བོད་ཀྱི་བཀའ་བློན་ཀ་ཤོད་པ་སོགས་ཀྱིས་བཀའ་ཕབས་ཏེ་འཛིན་བཟུང་བྱས། ཁོང་འཛིན་བཟུང་བྱེད་དགོས་པའི་རྒྱུ་རྐྱེན་ནི། ༡ དངུལ་ལོར་རྫུན་མ་བཟོས་པ་དང་། ༢ སྦོམ་མདའ་རབ་དགའ་སོགས་ཀྱིས་བཙུགས་པའི་ནུབ་བོད་ལེགས་བཅོས་སྐྱིད་སྡུག་ཅེས་པའི་ཚོགས་པར་ཞུགས་པ། ༣ ར་ཤི་ཡའི་དམར་ཕྱོགས་པའི་གསང་ཉུལ་བ་བྱས་པ། ༤ བཀའ་བློན་ཀ་ཤོད་པས་མཁས་པའི་ཕྲག་དོག་བྱས་པ། ༥ ཀ་ཤོད་པས་དགེ་ཆོས་ཀྱི་གྲོགས་པོ་ཞིག་ལ་གཟི་རྩ་ཆེན་ཞིག་ཡོད་པ་འཕྲོག་ཕྱིར་གཉིས་ཀ་ལྷན་དུ་བཙོན་འཇུག་བྱས་པ། ༦ གོ་མིན་ཏང་གི་གསང་ཉུལ་བ་བྱས་པས་རེད་སོགས་བཤད་ཚུལ་སྣ་ཚོགས་ཤིག་ཡོད་ཀྱང་། བཙོན་འཇུག་བྱེད་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི། དགེ་ཆོས་ཁོང་གིས། གཞན་ཕན་སྙིང་རྗེའི་སྣུམ་དང་བྲལ་ན་ཡང་། །རིག་རྩལ་ཐབས་མཁས་གློག་གི་ཆོ་འཕྲུལ་གྱིས། །དྲང་བོའི་མི་ལ་འཁྱོག་པོའི་ལམ་སྟོན་པ། །སྐྲ་སེར་སྤྲེའུའི་རིགས་ལ་དོགས་ཟོན་མཛོད། །ཅེས་པའི་སྡོམ་ཚིག་བཞག་མྱོང་བ་ལྟར་དབྱིན་ཇི་སོགས་ནུབ་ཕྱོགས་པའི་ལྟ་སྤྱོད་དང་ཧམ་སེམས་ལ་ཁོང་གཏན་ནས་མི་དགྱེས་ཤིང་། དེ་དག་ཐེར་འདོན་གྱི་རྩོམ་ཡིག་ཀྱང་སྔ་ཕྱིར་མང་དུ་སྤེལ་མྱོང་བ་དང་། དགེ་ཆོས་སོགས་ཀྱིས་དབྱིན་ཇིས་བོད་ཟ་འདོད་ཀྱི་མཆེ་བ་གཙིགས་ནས་ཡོད་པའི་ཚུལ་ཡང་གསལ་ཞིབ་ཏུ་ཤེས་ཏེ་ཁོང་སྤྲང་བརྫུས་ཀྱིས་བོད་ཀྱི་ས་མཚམས་དངོས་སུ་ཕེབས་ཏེ་བརྟག་དཔྱད་དང་ས་ཁྲ་བྲིས་པའི་ཚུལ་སོགས་དབྱིན་ཇི་བས་ཚོར་རྗེས། དབྱིན་ཇི་བ་རང་གིས་ལག་མ་འགུལ་བར་བོད་བཀའ་ཤག་ལ་དགེ་ཆོས་ནི་རྒྱ་གར་གུང་ཁྲན་ཏང་གི་གསང་ཉུལ་བ་ཡིན་ཚུལ་གྱི་དབྱེན་སྦྱོར་གསང་ཏར་བཏང་བར། བདེན་རྫུན་གྱི་དབྱེ་བ་མི་ཁོར་བའི་དེ་སྐབས་ཀྱི་བོད་བཀའ་ཤག་ཀ་ཤོད་པ་སོགས་ཀྱིས་དངུལ་ལོར་རྫུན་མ་བཟོས་པར་བསྙད་བཏགས་ཏེ་རྒྱལ་ཁམས་རིག་པས་བསྐོར་ཞིང་རྒྱལ་ཞེན་གྱི་མེ་ལྕེ་འབར་བ། འདྲ་མཉམ་དྲང་བདེན་གྱི་ལས་ལ་དགྱེས་པའི་དུས་རབས་ཀྱི་དཔའ་བོ་སྟེ་འཛམ་གླིང་ན་དཀོན་པའི་བཻ་ཌཱུར་ཡའི་བུམ་པ་ཞིག་རྡོ་ལ་བརྡབས་སོང་བ་ནི་དོན་དངོས་ཤིག་གོ། །དེའི་ཕྱིར་ང་ཚོས་མཚམས་འདིར། རོ་དང་མཚུངས་པའི་ལུས་པོ་འདི། །ག་དུས་ཤི་ཡང་མི་འགྱོད་དེ། །གསེར་དང་མཚུངས་པའི་རྣམ་དཔྱོད་དག ། མཉམ་དུ་ཤི་ན་ཤིན་ཏུ་འགྱོད། །ཅེས་པའི་ཞལ་གདམས་དྲོན་མོ་དེ་ཡང་བསྐྱར་ཐེངས་གཅིག་མི་དྲན་ནམ།
ཁོང་བཙོན་འཇུག་བྱས་སྐབས་བརྩམས་ཆོས་གང་མང་ཞིག་གཞུང་བཞེས་བྱས་སོང་བ་བདེན་མོད། ཁ་ཅིག་གིས་བོད་ཀྱི་སྲིད་དོན་རྒྱལ་རབས་ཀྱང་དེའི་གྲས་ཀྱི་གཅིག་ཏུ་ངོས་བཟུང་འདུག་པ་ནི་མི་བདེན་པར་སྙམ་སྟེ་ལོགས་ཤིག་ཏུ་དཔྱད་པར་འདོད་དོ། །
ཁོང་མི་ལོ་གསུམ་གྱི་ཡུན་ལ་བཙོན་ཁང་ནས་མནར་གཅོད་བྱས་རྗེས་བཙོན་གྲོལ་བཏང་ཡང་བཙོན་ཁང་ནས་ལུས་སེམས་གཉིས་ཀྱིས་སྡུག་བསྔལ་མྱོང་དྲགས་པ་དང་། རིག་པ་ཡང་རྣལ་དུ་མི་གནས་པ་༼མང་བོ་ཞིག་གིས་ཁོང་བཙོན་ནས་བཏང་ཚེ་དུག་དྲངས་ཡོད་པར་འདོད། ༽སོགས་ཀྱིས་རྒྱུན་པར་ཆང་ཁོ་ན་བཞེས་ཏེ་སྤྱོད་ལམ་གང་ལའང་ཆ་འཇོག་མེད་པ་ཞིག་ཏུ་གྱུར། སྡེ་བ་གཞུང་ནས་དབྱེ་འབྱེད་ཀྱིས་ཕྱིར་སྤྲད་པའི་གསུང་རྩོམ་ལྷག་འཕྲོ་རྣམས་ལ་གཟིགས་ཏེ་ཁོང་གི་སྐུ་ཟླ་ཚེ་བརྟན་གཡུ་སྒྲོན་ལ་ང་ཤི་མ་ཐག་ཏུ་ངའི་བརྩམས་ཆོས་བཅུག་པའི་ལྕགས་སྒམ་འདི་ཧོར་ཁང་ལ་སྐྱོལ་ཅིག་ཅེས་རང་གི་སྐུ་སྲོག་ལས་ཀྱང་འདང་ཆེ་བའི་གསུང་རྩོམ་དག་གིས་མ་འོངས་པར་རང་རེ་བོད་ཁ་བ་ཅན་ལ་ཕན་འདོད་ཀྱི་རེ་ལྟོས་ཟབ་མོ་དང་བཅས་ཏེ། རབ་རྒྱལ་ལྕགས་ཡོས ༼སྤྱི་ལོ་༡༩༥༡༽ལོའི་ཟླ་བརྒྱད་པའི་ཚེས་བཅུ་བཞིའི་ཉིན་མི་རིགས་ཤིག་གི་གཟི་བརྗིད་དུ་བརྩི་ཆོག་པའི་རིགས་པའི་དཔའ་བོ་ཁོང་ལྷ་སར་སྐུ་གཤེགས་སོ། །
བརྩམས་ཆོས་ཆེས་མང་བོ་ཞིག་བོད་གཞུང་སྐུ་དྲག་ཚོས་འཕྲོག་པ་དང་ཨ་མདོའི་ཡུལ་ནས་འཐོར་བརླག་ཏུ་སོང་བའང་ཤིན་ཏུ་མང་བས་ད་ལྟ་ང་ཚོའི་བགོ་སྐལ་དུ་སྨིན་པ་ནི་པོད་ཁ་ཤས་ལས་མེད་ཀྱང་། ཕྱི་ཡུལ་ན་ཁོང་གི་དབྱིན་ཡིག་གི་བརྩམས་ཆོས་རེ་འགའ་འང་ཡོད་པར་བཤད་ལ་དུས་ཀྱི་འཁོར་བསྐྱོད་ཁྲོད་ནས་ཁོང་གི་གསུང་རྩོམ་ཁ་ཤས་གསར་དུ་རྙེད་ཀྱང་སྲིདདོ། །འདིར་དགེ་ཆོས་ཀྱི་སྐུ་ཡོན་ཁོ་ན་བརྗོད་མོད། ཁོང་ཡང་སྐྱོན་མེད་ཡོན་ཏན་གྱི་གོང་བུ་ཞིག་ག་ལ་ཡིན་ཏེ་མིན་ནོ། །འདིའི་ཕྱོགས་ལ་ཞིབ་འཇུག་བྱེད་འདོད་མཁན་ཚོས་ཧོར་འཇིགས་ཀྱིས་བྲིས་པའི་དགེ་ཆོས་ཀྱི་ལེའུ་སྐྱུར་མོ་སོགས་ལ་གཟིགས་རོགས་ཞུ།
མདོར་ན་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྐུ་ཚེར་ཁོང་རང་ཉིད་ཀྱིས་སྡོམ་ཚིག་ཅིག་བཞག་ཡོད་པ་ནི། གདུང་བཙུན་བཙུན་པའི་རིགས་དང་ཕལ་བའི་ཚུལ། །མཁོ་དགུ་ཚང་བའི་དུས་དང་སྤྲང་བོའི་དུས། བཙུན་པ་བཟང་ཤོས་ཁྱིམ་པ་སྡུག་ཤོས་སོགས། སྐྱེ་བ་གཅིག་ལ་ལུས་རྟེན་མང་དུ་བརྗེས། །ཞེས་པ་སྟེ། ཤོ་ལོ་ཀ་འདིའི་སྟེང་ནས་ཁོང་གི་ལོ་རྒྱུས་དངོས་ལ་དཔྱད་པ་ལེགས་པོ་ཞིག་བྱེད་ཐུབ་སྙམ་མོ། །
ཁོང་གི་བསྒྱུར་རྩོམ་དང་བརྩམས་ཆོས་ད་སྔ་དཔར་དུ་བཀོད་ཡོད་མིན་ལ་མ་ལྟོས་པར་འབྲེལ་ཡོད་ཡིག་ཆ་དག་ལས་མཚན་བྱང་བདག་གི་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བ་ནི། སྔོན་ཆད་སུས་ཀྱང་བསྒྱུར་མ་མྱོང་བའི་གནས་བརྟན་སྡེ་བའི་ལུགས་ཀྱི་ཆོས་ཀྱི་ཚིགས་སུ་བཅད་པ་དང་། ར་མཱ་ཡ་ཎའི་རྟོགས་བརྗོད། བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར། ལེགས་ལྡན་ནག་པོའི་གླུ། ནག་པོ་སྤྱོད་པས་མཛད་པའི་ཨེ་ཝཾ་གྱི་རྣམ་བཤད་རི་མོ་ཅན། དཔལ་ནག་པོའི་གླུ་དད་པའི་རྣལ་འབྱོར། ལས་ཀྱི་རྣལ་འབྱོར། དམ་ཚིག་སྒྲོལ་མའི་སྐོར་བཅས་རྒྱ་གཞུང་ནས་བོད་སྐད་དུ་བསྒྱུར་བ་དང་། ཏུན་ཧོང་ཡིག་ཆ། རྒྱའི་ལོ་རྒྱུས་ལས་བྱུང་བའི་བོད་ཀྱི་རྒྱལ་རབས་སྐོར། ཚད་མ་རྣམ་འགྲེལ་གྱི་རྩ་བ་དང་དེབ་ཐེར་སྔོན་པོ། སྤྱོད་འཇུག་ཆེན་མོ་བཅས་གཞན་དང་ལྷན་ཅིག་དབྱིན་ཡིག་ཏུ་བསྒྱུར་བ་སོགས་ཡིག་བསྒྱུར་གྱི་ཕྱག་ལས་རླབས་ཆེན་གནང་བས་ཁོང་ནི་ཉེ་རབས་ཀྱི་འགྲན་ཟླ་བྲལ་བའི་ལོ་ཙཱ་བ་ཞིག་ཡིན་པ་བདེན་དཔང་བྱས་ཡོད་ལ། ཁོང་རང་གིས་ཀྱང་། རིང་ནས་འདྲེས་པའི་རང་ཁྱིམ་གྱི་ངོས་ཟིན་ཅིང་། །ཚེ་རབས་སྔ་མའི་ལས་ཀྱི་འཕྲོ་རྙེད་དེ། །དུས་ཀྱི་མཐར་ཡང་རྫོགས་པའི་སངས་རྒྱས་གསུང་། །གསར་དུ་བསྒྱུར་བའི་དགའ་བ་གང་གིས་མཚོན། ཞེས་གསུངས་སོ། །
བརྩམས་ཆོས་ཀྱི་སྐོར་ལ། སེམས་ཙམ་པའི་གྲུབ་མཐའི་རྣམ་བཞག ཕྱི་རོལ་བའི་གྲུབ་མཐའི་རྣམ་བཞག སཾ་བོད་སྐད་གཉིས་ཤན་སྦྱར་མ་ལེགས་སྦྱར་བང་མཛོད། ཤིན་ཏུ་སྨྲ་བའི་རིག་ལམ་ངོ་མཚར་ཅན། ཕྲ་བའི་རྣམ་དཔྱོད་ཀྱི་སྒོ་སྟོན་པའི་ཕྱིར་དུ་བློ་ཆུང་ལ་བཞད་གད་ཙམ་སློང་བ། ཕྱི་རོལ་བའི་གྲུབ་མཐའི་རྣམ་བཞག་རྒྱས་པ། ཕྱི་རོལ་བ་ནང་ཕན་ཚུན་མི་མཐུན་པའི་གནད་གསལ་བར་བསྟན་པ། ལྷ་ས་ནས་རྡོར་གླིང་བར་གྱི་ལམ་ཡིག སིངྒ་ལའི་གནས་ཡིག རྒྱ་གར་གནས་ཡིག འཇིག་རྟེན་རིལ་བོའམ་ཟླུམ་པོ། སྟོན་པ་མ་ནི་བྱ་བའི་ལོ་རྒྱུས། ཁྲི་གཙུག་ལྡེ་བཙན་གྱི་མགུར་ཚིག་སྐད་གསར་བཅད་དུ་བཅོས་པ། རྒྱ་གར་གྱི་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་རྒྱས་པ། རྒྱ་གར་གྱི་གནས་ཡིག་རྩོམ་འཕྲོ་ཅན། འཛམ་གླིང་རྒྱས་བཤད། འཛམ་གླིང་ཤེས་བྱ་ཉོས་པའི་དེབ། རྒྱ་གར་གྱི་མཚན་ཉིད། ཡུལ་ལུགས། བཟའ་བཏུང་ཆས་གོས། ཡུལ་ལྗོངས། ཕོ་བྲང་། རྡོ་རིང་སོགས་ཀྱི་འདྲ་རིས་བརྒྱ་དང་ཉི་ཤུ་རྩ་ལྔ་རྒྱུ་མཚན་འགྲེལ་བཤད་ཅན་དང་། སྨན་དང་ཟས་རིགས་ཀྱི་རོ་ཉི་ཤུ་བཅས་གསལ་བའི་དེབ་ཆེ་བ་གཅིག འདོད་པའི་བསྟན་བཅོས། ཧི་མ་ལ་ཡའི་བསྟན་བཅོས། དེབ་ཐེར་དཀར་བོ། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ། སྒྲའི་ཟིན་བྲིས། དབུ་ཚད་ཀྱི་དཀའ་བའི་གནད། འདུ་བྱེད་མཐའ་དཔྱད། བདག་མེད་དྲིས་པ་ཞེས་བྱ་བ། རང་བཞིན་ངེས་པ། དབུ་མའི་རྣམ་བཤད་ཀླུ་སྒྲུབ་དགོངས་རྒྱན། ༼འདི་ཁོང་གི་རང་རྩོམ་ཡིན་མིན་ལ་དོགས་པ་ཡོད། ༽གཏམ་གྱི་ཚོགས་ཉིན་མཚན་བདུན་པ། སུམ་རྟགས་ཀྱི་སྐོར་ཐོར་བུ། སྙན་དངགས་ཀྱི་དཀའ་གནད་ཐོར་བུ། བོད་ཀྱི་རྒྱལ་རབས་གལ་ཆེན། ལྷ་ས་དང་ར་ས། རྒྱ་བོད་མནའ་བསྐྱལ་ཚུལ། ལྷ་ས་དང་བསམ་ཡས་སོགས་ཀྱི་རྡོ་རིང་ངོ་བཤུས་མཆན་བུ། ནོར་བུ་ཀེ་ཏ་ཀའི་སྐོར། ཆུ་ཤིང་གི་སྐོར། མེ་ཏོག་ཙམ་པ་ཀའི་སྐོར། ཨུ་དུམ་ཝ་རའི་མེ་ཏོག་གི་སྐོར། གངས་རིའི་སྐོར། ཞང་དགའ་བའི་བློ་གྲོས་ལ་དྲི་ལན། རྡུལ་ཆུང་ལ་དཔྱད་པའི་སྐོར། རྡི་ཚ་སྐམ་པོས་ཕུལ་བའི་ཞུ་ཡིག ཞབས་བརྟན་འཆི་མེད་དབྱངས་སྙན། བོད་སྐད་ཀྱི་བསླབ་བྱ་གཉིས་པ་དང་གསུམ་པ། ཏུན་ཧོང་ཡིག་ཆ་གོ་བདེར་མཛད་པ། སྒྲོལ་མ་གཡང་འཛོམས་ལ་གནང་བའི་བསླབ་བྱ། ཀ་ལི་ཀ་ཏ་ནས་གནང་བའི་མགུར་མ། བཙོན་ཁང་ནས་གནང་བའི་གསུང་མགུར། བྷངྒ་ལའི་ཡུལ་དུ་མཛད་པའི་གསུང་མགུར། བླ་བྲང་ལ་བསྐུར་བའི་ཀ་རྩོམ། སྨིན་གླིང་ཁྲི་ཆེན་ལ་ཕུལ་བའི་ཀུན་འཁོར། ཕལ་སྐད་ཀ་རྩོམ། ཨ་མཆོད་ཀྱི་ངང་ཚུལ། བྷ་བུ་མཐར་ཕྱིན་ལ་གནང་བའི་ཀ་རྩོམ། སྔར་ན་མེད་པའི་བློ་བསྐྱེད། བླ་བྲང་གྲོགས་པོ་རྣམ་པར་གསར་བྱུང་དངོས་པོ་ངོ་སྤྲོད་པའི་ཚུལ་དུ་ཕུལ་བའི་སྙན་རྩོམ། བླ་བྲང་དགེ་བཤེས་བརྩོན་འགྲུས་ཀྱི་འཕྲིན་ལན། རྗེ་གྲུབ་པའི་དབང་ཕྱུག་དྲིལ་བུ་བའི་སོགས་བླ་བྲང་ལ་བསྐུར་བའི་ཚིགས་བཅད་སྙན་རྩོམ། དབྱངས་ཅན་མའི་བསྟོད་པ། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་རྣམ་མགུར་ལ་མཇལ་རྗེས་བྲིས་པའི་སྙན་རྩོམ། སྙན་རྩོམ་ཐོར་བུ་མང་བོ། རྒྱ་གར་དུ་བྲིས་པའི་སྙན་རྩོམ། བླ་བྲང་ལ་ཕུལ་བའི་སྙན་རྩོམ། འདུ་འབྲལ་སྙིང་བོ་མེད་པར་རྟོགས་པའི་གླུ། རྒྱལ་ཁམས་བསྐོར་བའི་སྣང་ཚུལ། སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་ཐར་མདོར་བསྡུས། རྒྱ་གར་བའི་ངག་སྒྲོས་བཞིན་བཀོད་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མུ་སྟེགས་པའི་སྟོན་པ་དྲུག་བཏུལ་ཚུལ་དང་ཆོས་རྒྱལ་མྱ་ངན་མེད་ཀྱི་ལོ་རྒྱུས་མདོར་བསྡུས། སློབ་དཔོན་དཎྡིའི་ལོ་རྒྱུས། ༼འདི་ནི་སྙན་ངག་སྤྱི་དོན་གྱི་ནང་དུ་བཀོད་འདུག་པ་དེ་ཡིན་ལ། མཁས་དབང་ཚེ་ཏན་རིན་པོ་ཆེས་ཀྱང་ཁོང་གི་བརྩམས་ཆོས་ཡིན་ཚུལ་སྒྲ་ཐག་ཏུ་གསུང་འདུག ༽བཙོན་ཁང་ནས་བྲིས་པའི་སྒྲོལ་མའི་བསྟོད་པ་ཤོ་ལོ་ཀ་གསུམ་ཅན་བཅས་རིན་ཐང་གཞལ་དུ་མེད་པའི་གསུང་རྩོམ་ངོ་མཚར་བ་མང་བོ་ཞིག་ཡོད་འདུག་ཀྱང་། མཐོ་རིམ་མི་སྣས་འཕྲོག་པ་དང་མཁས་གྲགས་ཅན་གྱིས་བརྐུས་པ། ལེ་ལོ་ཅན་གྱིས་བོར་བ་སོགས་མང་ཙམ་ཡོད་སྣང་ངོ་། །
དྲུག་པ། དེབ་དཀར་ཇི་ལྟར་བརྩམས་ཤིང་དེ་རྩོམ་འཕྲོར་ལུས་དགོས་པའི་རྒྱུ་རྐྱེན།
མཁས་དབང་དགེ་འདུན་ཆོས་འཕེལ་ཁོང་ནི་ཕྱི་ནང་གི་རིག་གནས་གསར་རྙིང་ཀུན་ལ་བློ་རྩལ་རྒྱས་པ་ཞིག་ཡིན་པར་མ་ཟད་རིགས་ཞེན་དང་ལ་རྒྱ་ཤིན་ཏུ་ཆེ་བ། ལ་རྒྱ་དེ་ཡང་ཨུ་ཚུགས་ཀྱི་ལ་རྒྱ་ཞིག་མ་ཡིན་པར་སྔོན་དཔག་རྗེས་དཔྱོད་ཀྱི་སྒོ་ནས་དྲང་བདེན་སྨྲ་བའི་ལ་རྒྱ་བ་ཞིག་ཡིན་ལ། དེབ་དཀར་ལས། དེས་ན་འདིར་གང་ཞིག་ཆེད་དུ་བརྗོད་པར་བྱ་བ་ནི། བཙན་པོ་དང་ཡབ་སྲས་དེ་དག་གིས་འཇིག་རྟེན་སྲིད་ལུགས་དང་འབྲེལ་བའི་མཛད་སྒོ་ཅི་དང་ཅི་གནང་གི་ལོ་རྒྱུས་དང་། དྲག་པོ་གཡུལ་གྱི་སྒོ་ནས་ཆབ་སྲིད་དང་རྒྱལ་ཁམས་ཀྱི་རྒྱ་ཁྱོན་ཇི་ཙམ་དུ་རྒྱ་བསྐྱེད་པའི་མཛད་ཚུལ་ཙམ་ཞིག་གཙོ་བོར་བཏོན་ཏེ་འཆད་པ་ལགས། ཞེས་གསུངས་པ་ལྟར་སྔ་མོ་ཞིག་ནས་འཇིག་རྟེན་སྲིད་ལུགས་དང་འབྲེལ་བའི་ལོ་རྒྱུས་དེབ་ཐེར་ཞིག་རྩོམ་འདུན་ཡོད་འདུག་པས། སྤྱི་ལོ ༡༩༤༢ ལོ་ཡས་མས་སུ་ཁོང་གིས་རྒྱ་གར་གྱི་གནས་མཆོག་ཀ་ལི་ཏའི་བྱང་ཆུབ་ཆོས་ཚོགས་སུ་ཕྱག་ལས་གནང་སྐབས་སུ་ཕྱིས་སུ་འབྲི་འདུན་གྱི་ལོ་རྒྱུས་རྒྱུ་ཆར་དམིགས་ཏེ། རྒྱའི་ལོ་རྒྱུས་སུ་གསལ་བའི་སྲོང་བཙན་སྒམ་པོ་དང་། ཁྲི་སྲོང་ལྡེ་བཙན་གྱི་ལོ་རྒྱུས། ཐང་ཡིག་ལེའུ་བརྒྱ་དང་ཉེར་གཉིས་པ་དང་། ཟུའི་གུར་གྱི་རྒྱལ་རབས་ལེའུ་གྱ་གསུམ་པའི་ནང་འཁོད་པའི་བོད་ཀྱི་ལོ་རྒྱུས་ཡོད་དོ་ཅོག་བོད་ཡིག་ཏུ་བསྒྱུར་བར་བཤད་ལ། སྤྱི་ལོ ༡༩༣༦ ལོར་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་གང་རྙེད་རྣམས་ཉར་ཚགས་ལེགས་པོ་མཛད། རྒྱ་གར་གྱི་ལོ་རྒྱུས་དང་གནའ་རྫས་སོགས་ལ་ཞིབ་འཇུག་གིས་བོད་ཡིག་གི་ཁུངས་དང་ཐོན་མི་སཾ་བྷོ་ཊས་རྒྱ་གར་དུ་སློབ་གཉེར་གནང་ཚུལ་སོགས་རྒྱ་གར་དང་བོད་ཀྱི་འབྲེལ་ཡོད་ལོ་རྒྱུས་མང་བོར་རྒྱུས་ལོན། རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་བོར་འབྲེལ་འདྲིས་ཀྱིས་བོད་པའི་ལོ་རྒྱུས་ཀྱི་གནད་དོན་མང་བོར་གཏིང་ཟབ་པའི་དཔྱད་པ་དང་ཞིབ་འཇུག་གང་ལེགས་གནང་།
ཕྱིར་ལྷ་སར་ཕེབས་རྗེས་སྤྱི་ལོ ༡༩༤༦ ལོའི་ཟླ་གཉིས་པའི་ནང་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བཞེངས་པར་གྲགས་པའི་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྷ་ཁང་ཞེས་བྱ་བའི་གཙུག་ལག་ཁང་གི་ཤུལ་དུ་ཡོད་པའི་བཀའ་གཙིགས་ཀྱི་རྡོ་རིང་དང་། འུ་ཤིང་དུ་ཡོད་པའི་རལ་བ་ཅན་ནམ་ཁྲི་གཙུག་ལྡེ་བཙན་གྱིས་བཞེངས་པའི་འོན་ཅང་རྡོའམ། ད་ལྟ་འུ་ཤང་དུ་འབོད་པའི་ས་ཆར་དཔེ་མེད་བཀྲ་ཤིས་དགེ་འཕེལ་གླིང་གི་གཙུག་ལག་ཁང་ཞེས་བྱ་བའི་གནས་ཤུལ་དུ་ཡོད་པའི་རྡོ་རིང་ངོས་ཀྱི་ཡི་གེར་ལོ་རྒྱུས་ཀྱི་གནད་དོན་ཇི་ལྟར་འཁོད་པ་དག་ལ་ཞིབ་འཇུག་གཏིང་ཟབ་དང་དེ་ལ་འགྲེལ་བ་འབྲི་བ་སོགས་སྔོན་འགྲོའི་སྟ་གོན་གྱི་རིམ་པ་མ་ཚང་བ་མེད་པར་བྱས་ཏེ། སློབ་བུ་ཧོར་ཁང་བསོད་ནམས་དཔལ་འབར་གྱི་ལས་ཤག་ནས་བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་འདི་ཉིད་དངོས་སུ་འབྲི་འགོ་བརྩམས།
དེ་ཡང་གཞུང་ལས། ཕྱོགས་ལྷུང་ཞེན་པས་དམར་བོར་མ་བྱས་ཤིང་། །ངོ་བསྲུང་ཚིག་གིས་སྔོན་པོར་མ་བྱས་ལ། །ཕྱིས་བྱུང་གཏམ་གྱིས་སེར་བོར་མ་བྱས་པ། །དེ་ཕྱིར་འདི་ནི་དེབ་ཐེར་དཀར་བོ་ཡིན། །ཞེས་ཐུན་མིན་ཁྱད་ཆོས་མཚོན་པའི་དེབ་ཐེར་དཀར་བོ་ཞེས་པའི་མཚན་ཡང་གསོལ། ༼རྡོ་རྗེ་རྒྱལ་གྱིས་བྲིས་པའི་དགེ་ཆོས་ཀྱི་ལོ་རྒྱུས་སུ་ཐོག་མར་དེབ་དཀར་གྱི་མཚན་ལ་བོད་གཞུང་སྤྱི་དོན་ཆེན་མོ་ཞེས་གསོལ་ཞིང་དེ་ལ་སྟོད་སྨད་ཀྱི་ཆ་གཉིས་ཡོད་པ་ཡོངས་རྫོགས་འབྲི་ཚར་ཡང་སྨད་ཆ་ལ་ཞུ་དག་མ་བྱས་སྐད་ཅིག་བཤད་དེ་བདེན་མིན་དཔྱད། ༽ དེབ་དཀར་འབྲི་འགོ་བཟུང་སྟེ་ཟླ་གཉིས་ཡས་མས་ཀྱི་མཚམས་སུ་སླེབས་པའི་དགོང་མོ་ཞིག་ལ་གློ་བུར་དུ་བཀའ་བློན་ཀ་ཤོད་པ་སོགས་ཀྱི་བཀའ་བཀོད་ཇི་བཞིན་ལྷ་སའི་མི་དཔོན་གཉིས་ཀྱིས་ཁོང་འཛིན་བཟུང་བྱས་ཏེ་མུན་དོང་དུ་བཅུགས་ཤིང་མནར་གཅོད་གང་མང་བྱས་ཀྱང་། ད་རུང་ཁོང་གིས་ཐུགས་རེ་མ་ཆད་པར། བཙོན་ཁང་ནས་ཧོར་ཁང་བ་ལ་འཕྲིན་ཡིག་གི་ཚུལ་དུ། རྒྱལ་རབས་འདི་ལ་བར་ཆད་ཅིག་འབྱུང་སྙམ་པ་དང་བོ་ནས་བློ་ལ་ཡོད་ཀྱང་། བར་ཆད་འདི་ཙམ་ཧ་ཅང་ཐལ་ཆེ་བ་ལགས། འོན་ཀྱང་རྗེ་མི་ལས། བླ་མའི་གདམས་ངག་མི་ཟབ་ན། །བདུད་ཀྱི་བར་ཆད་ཅི་ལ་ཡོང་། །གསུངས་པ་ལྟར་ལགས། བཙན་པོ་རྣམས་ལ་འགོ་བའི་ལྷ་ཞིག་དང་ལྷ་དེ་ཚོ་ལ་སྐྱོབས་པའི་ནུས་པ་ཞིག་ཡོད་ན། ད་རུང་རྒྱལ་རབས་འདི་འགྲུབ་པའི་རེ་བ་ཙམ་ཡོད་ཅེས་གསུངས་མོད། མི་རིགས་འདིའི་བསོད་ནམས་མར་འགྲིབ་ཀྱི་དུས་ལ་བབས་ཤིང་། སྐུ་དྲག་ཚོའི་རང་སྐྱིད་གཞན་འདོར་གྱི་མཛད་སྤྱོད་ཐལ་དྲགས་པ་སོགས་ཀྱིས་དྲང་བདེན་དང་སྤྱི་ཕན་རྒྱབ་ཏུ་བོར་བས། ཁ་གསལ་ཞིང་དོན་གྱི་གནད་འདུས་པའི་རྒྱལ་རབས་དེབ་ཐེར་དཀར་བོ་དེ་ཉིད་ཀྱང་མཐའ་འཁྱོངས་ཐབས་བྲལ་ཏེ་བཙན་པོ་མང་སྲོང་མང་བཙན་གྱི་ལོ་རྒྱུས་ཀྱི་མཚམས་ནས་རྩོམ་འཕྲོར་ལུས།
སྤྱི་ལོ ༡༩༥༠ ལོར་བཙོན་གྲོལ་བཏང་རྗེས་བོད་གཞུང་གིས་མཐུན་རྐྱེན་སྦྱར་ཏེ་འཕྲོ་སྐྱོང་དགོས་པའི་བཀའ་ཕབ་ཀྱང་། ལོ་ཡི་འཁོར་ལོ་གསུམ་ཙམ་ལ་ཉེས་མེད་ཁྲིམས་ཀྱིས་ལུས་སེམས་གཉིས་ཆར་མནར་དྲགས་པས་དགེ་འདུན་ཆོས་འཕེལ་ཁོང་ལ་རླབས་ཆེ་བའི་ཕྱག་ལས་འདིའི་འཕྲོ་སྐྱོང་བའི་ནུས་ཤུགས་རྩ་བ་ནས་ཉམས་པས། སྔ་སོར་བཙོན་ཁང་ནས་འཕྲིན་ཡིག་གི་ཚུལ་དུ། ཧོར་ཁང་བ་ལ། རང་སྡེའི་རིགས་ལ་ཞེན་པ་དཀར་བའི་མདངས། །རང་བྱུང་སྙིང་གི་དབུས་ན་གནས་པ་འདིས། །རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ། །རང་གིས་ནུས་པའི་སྲི་ཞུ་ཅུང་ཟད་སྒྲུབ། །ཅེས་རྒྱལ་རབས་རྩོམ་འཕྲོ་ཅན་དེ་རེ་ཞིག་རྫོགས་སོ། །ཞེས་འགོད་དགོས་པའི་བཀའ་གནང་སྟེ། བོད་ཀྱི་ལོ་རྒྱུས་རིག་པའི་གོད་ཆག་གམ་དྲང་བདེན་ཤེས་ཡོན་པ་ཞིག་གིས་མྱོང་མི་འོས་པའི་གཏམ་རྒྱུད་སྐྱོ་བོ་དེ་མི་ཡུལ་ལ་བཞག་ནས་ཕེབས་སོང་ངོ་། །
དེབ་དཀར་གྱི་ཁྱད་ཆོས་གོང་དུའང་མདོ་ཙམ་ངོ་སྤྲོད་བྱས་ཟིན་མོད། མདོར་ན། སྔོན་ཆད་བོད་ཀྱི་ལོ་རྒྱུས་གཞན་དག་ཏུ་གསལ་ཁ་མ་ཐོན་པ་རྣམས་ལ་དག་ཐེར་དང་ཁ་སྐོང་། ལྟ་བ་གསར་བ་མང་བོ་བཏོན་པ། ལུང་རིགས་ཀྱི་རྒྱབ་ལྗོངས་བཙན་པ། མི་ཆོས་ཀྱི་ལོ་རྒྱུས་ལྟ་བ་ཆེས་ཆེར་གསལ་བ་སོགས་ཀྱི་ཁྱད་ཆོས་དང་ལྡན་པར་མ་ཟད། མང་བོ་ཞིག་གིས་ཆོས་སྲིད་གཉིས་འགལ་ཟླར་འཛིན་ཅིང་ཆོས་ཀྱིས་བོད་མི་རིགས་འདི་ཕུང་ལ་སྦྱོར་བར་སྨྲ་མོད། ཁོང་གུ་དོག་གི་བསམ་བློ་དེ་ལས་རིང་དུ་བརྒལ་ཏེ། "ང་ཚོ་བོད་ལ་ཆ་བཞག་ན་བོད་རྒྱལ་ཚོའི་དུས་རབས་ནས་ཆོས་དར་བ་རེད། ཆོས་དར་བ་ལ་བརྟེན་ནས་སྲིད་དར་བས་ལྷོ་ཆུ་བོ་གང་གཱ་ནས་བྱང་བྱེ་མ་སྐེ་རིང་ལ་ཐུག་གི་བར་མཚམས་བཟུང་ཐུབ་པ་བྱུང་བ་རེད། དེ་ཆོས་ཀྱི་ཐོག་ནས་བྱུང་བ་རེད། སྲིད་རྐྱང་བ་ཡིན་ན་སོ་སོའི་སྲིད་བཟུང་ནས་སོ་སོའི་ལུང་བ་ལ་བསྡད། རྒྱ་ནག་དང་ས་འབྲེལ་ཆེན་པོ་ཡིན་ཙང་དམག་འདྲ་བྱུང་ན་དེ་ཚོའི་ཁ་གཏད་འདྲ་བཅར་བ་དེ་འདྲ་མ་གཏོགས་བོད་ཞེ་དྲག་རྒྱ་ཆེན་པོ་ཡོང་ཐུབ་རྒྱུ་མ་རེད།" ཅེས་སོགས་དང་། བོད་ཀྱི་རྒྱ་བསྐྱེད་དེ་ཆོས་ཀྱི་ཐོག་ནས་རྒྱ་བསྐྱེད་བྱས་པ་རེད། ཆོས་ལ་བརྟེན་ན་ངེས་པར་དུ་རྒྱ་བསྐྱེད་ཐུབ་རྒྱུ་རེད། ཆོས་ལ་བརྟེན་ནས་བོད་དེ་རྒྱ་ཆེན་པོ་ཆགས་པ་རེད། སོག་པོའི་རྒྱ་བསྐྱེད་དེ་དཔའ་ཡི་རྒྱ་བསྐྱེད་རེད། ཅེས་དང་། དབྱིན་ཇིའི་རྒྱ་བསྐྱེད་དེ་མུ་གེས་རྒྱ་བསྐྱེད་པ་ཡིན་ཟེར། ཞེས་སོགས་དོན་དངོས་དང་མཐུན་ཞིང་ཕལ་བའི་བློ་ངོར་མ་ཤར་བའི་བསམ་བློའི་རིན་ཐང་གྱ་ནོམ་པ་དང་ལྡན་པར་བྲིས་ཡོད་དོ། །

འབྲེལ་ཡོད་འོས་སྦྱོར།