ཁམས་མི་ཉག་ཡུལ་གྱི་སྐོར་བྲོ་དང་བྲོ་ཤགས་ཀྱི་བྲོ་ཚིག་ཁག་ཅིག
རྩོམ་པ་པོ།:ཇེ་དགའ།
ཡོང་ཁུངས།:ཁམས་པའི་འཛུམ་རིས་ལས་བཏུས།
དུས་ཚོད།:2014-08-14
ཀློག་གྲངས།:
བྲོ་ཤགས།
དགུང་ཨ་སྔོན་སྟེང་ལ་འཛོམས་གསུམ་སྣང་།།
འཛོམས་རེ་རེ་སྐབས་སུ་མིང་རེ་བཏགས།།
བཏགས་ཤེས་ན་མཁས་པའི་གྲས་ལ་བཞག།
བཏགས་མ་ཤེས་རྩིག་ཁུག་ཉི་མ་ལྡེ།།
བྲག་དཀར་ཡག་སྟེང་ལ་འཛོམས་གསུམ་སྣང་།།
འཛོམས་རེ་རེ་སྐབས་སུ་མིང་རེ་བཏགས།།
བཏགས་ཤེས་ན་མཁས་པའི་གྲས་ལ་བཞག།
བཏགས་མ་ཤེས་རྩིག་ཁུག་ཉི་མ་ལྡེ།།
གྲོང་རྒྱ་གྲོང་སྟེང་ལ་འཛོམས་གསུམ་སྣང་།།
འཛོམས་རེ་རེ་སྐབས་སུ་མིང་རེ་བཏགས།།
བཏགས་ཤེས་ན་མཁས་པའི་གྲས་ལ་བཞག།
བཏགས་མ་ཤེས་རྩིག་ཁུག་ཉི་མ་ལྡེ།།
ལན་ནམ་དཀྲོལ་ཚིག
དགུང་ཨ་སྔོན་སྟེང་གི་འཛོམས་གསུམ་ནི།།
སེར་ཉི་མ་ཟླ་བ་ལྷོ་སྤྲིན་གསུམ།།
དགུང་ཨ་སྔོན་སྟེང་གི་འཛོམས་གསུམ་རེད།།
རྒོད་ཐང་དཀར་གླག་མོ་ཁྱུང་མོ་གསུམ།།
བྲག་དཀར་ཡག་སྟེང་གི་འཛོམས་གསུམ་རེད།།
དྲིན་ཕ་ལོ་མ་ལོ་བུ་རྒྱུད་གསུམ།།
གྲོང་རྒྱ་གྲོང་སྟེང་གི་འཛོམས་གསུམ་རེད།།
བྲོ་ཚིག
1
དགུང་ཨ་སྔོན་སྐྱིད་པོ་རི་ལ་ཆགས།།
སེར་ཉི་ཟླ་བདེ་མོ་སྤང་ལ་མཛེས།།
དཀར་ལྷོ་སྤྲིན་འཛོམས་པའི་སྨོན་ལམ་ཤོག།
བྲག་དཀར་ཡག་སྐྱིད་པོ་རི་ལ་ཆགས།།
རྒོད་ཐང་དཀར་བདེ་མོ་བྲག་ལ་མཛེས།།
རྒྱབ་གཤོག་སྒྲོ་འཛོམས་པའི་སྨོན་ལམ་ཤོག།
གྲོང་རྒྱ་གྲོང་སྐྱིད་པོ་རི་ལ་ཆགས།།
དྲིན་ཕ་མ་བདེ་མོ་གྲོང་ལ་མཛེས།།
ཚ་བུ་རྒྱུད་འཛོམས་པའི་སྨོན་ལམ་ཤོག།
2
དགུང་ཨ་སྔོན་གཡང་གཞི་གཡང་ཁང་ནང་།།
སེར་ཉི་ཟླ་གཡང་གི་མདའ་དར་བཙུགས།།
དཀར་སྨིན་དྲུག་དར་ཚོན་སྣ་ལྔས་བརྒྱན།།
བྲག་དཀར་ཡག་གཡང་གཞི་གཡང་ཁང་ནང་།།
རྒོད་ཐང་དཀར་གཡང་གི་མདའ་དར་བཙུགས།།
རྒྱབ་གཤོག་སྒྲོ་དར་ཚོན་སྣ་ལྔས་བརྒྱན།།
གྲོང་རྒྱ་གྲོང་གཡང་གཞི་གཡང་ཁང་ནང་།།
རྒན་ཕ་ཁུ་གཡང་གི་མདའ་དར་བཙུགས།།
རང་མི་སེར་དར་ཚོན་སྣ་ལྔས་བརྒྱན།།
3
དགུང་ཨ་སྔོན་སྟེང་ལ་ཡར་ཡར་འགྲོ།
སེར་ཉི་ཟླ་ཨ་བདེ་འདྲི་བཞིན་འགྲོ།
སེར་ཉི་ཟླ་བདེ་བའི་སྐད་ཅིག་གོ།
དཀར་ལྷོ་སྤྲིན་བསམ་པ་ལམ་སང་དགའ།།
བྲག་དཀར་ཡག་སྟེང་ལ་ཡར་ཡར་འགྲོ།
རྒོད་ཐང་དཀར་ཨ་བདེ་འདྲི་བཞིན་འགྲོ།
རྒོད་ཐང་དཀར་བདེ་བའི་སྐད་ཅིག་གོ།
རྒྱབ་གཤོག་སྒྲོ་བསམ་པ་ལམ་སང་དགའ།།
གྲོང་རྒྱ་གྲོང་སྟེང་ལ་ཡར་ཡར་འགྲོ།
དྲིན་ཕ་མ་ཨ་བདེ་འདྲི་བཞིན་འགྲོ།
དྲིན་ཕ་མ་བདེ་བའི་སྐད་ཅིག་གོ།
ང་བུ་ཆུང་བསམ་པ་ལམ་སང་དགའ།།
4
དགུང་ཨ་སྔོན་སྦ་ཆེན་ས་ལ་ཕུབ།།
སེར་ཉི་ཟླ་འབྲི་བརྒྱས་མཐའ་ནས་བསྐོར།།
དཀར་སྨིན་དྲུག་འོ་མའི་རྒྱ་མཚོ་འཁྱིལ།།
བྲག་དཀར་ཡག་སྦ་ཆེན་ས་ལ་ཕུབ།།
རྒོད་ཐང་དཀར་འབྲི་བརྒྱས་མཐའ་ནས་བསྐོར།།
རྒྱབ་གཤོག་སྒྲོ་འོ་མའི་རྒྱ་མཚོ་འཁྱིལ།།
གྲོང་རྒྱ་གྲོང་སྦ་ཆེན་ས་ལ་ཕུབ།།
དྲིན་ཕ་མ་འབྲི་བརྒྱས་མཐའ་ནས་བསྐོར།།
རང་མི་སེར་འོ་མའི་རྒྱ་མཚོ་འཁྱིལ།།
དགུང་ཨ་སྔོན་སྟེང་ལ་འཛོམས་གསུམ་སྣང་།།
འཛོམས་རེ་རེ་སྐབས་སུ་མིང་རེ་བཏགས།།
བཏགས་ཤེས་ན་མཁས་པའི་གྲས་ལ་བཞག།
བཏགས་མ་ཤེས་རྩིག་ཁུག་ཉི་མ་ལྡེ།།
བྲག་དཀར་ཡག་སྟེང་ལ་འཛོམས་གསུམ་སྣང་།།
འཛོམས་རེ་རེ་སྐབས་སུ་མིང་རེ་བཏགས།།
བཏགས་ཤེས་ན་མཁས་པའི་གྲས་ལ་བཞག།
བཏགས་མ་ཤེས་རྩིག་ཁུག་ཉི་མ་ལྡེ།།
གྲོང་རྒྱ་གྲོང་སྟེང་ལ་འཛོམས་གསུམ་སྣང་།།
འཛོམས་རེ་རེ་སྐབས་སུ་མིང་རེ་བཏགས།།
བཏགས་ཤེས་ན་མཁས་པའི་གྲས་ལ་བཞག།
བཏགས་མ་ཤེས་རྩིག་ཁུག་ཉི་མ་ལྡེ།།
ལན་ནམ་དཀྲོལ་ཚིག
དགུང་ཨ་སྔོན་སྟེང་གི་འཛོམས་གསུམ་ནི།།
སེར་ཉི་མ་ཟླ་བ་ལྷོ་སྤྲིན་གསུམ།།
དགུང་ཨ་སྔོན་སྟེང་གི་འཛོམས་གསུམ་རེད།།
རྒོད་ཐང་དཀར་གླག་མོ་ཁྱུང་མོ་གསུམ།།
བྲག་དཀར་ཡག་སྟེང་གི་འཛོམས་གསུམ་རེད།།
དྲིན་ཕ་ལོ་མ་ལོ་བུ་རྒྱུད་གསུམ།།
གྲོང་རྒྱ་གྲོང་སྟེང་གི་འཛོམས་གསུམ་རེད།།
བྲོ་ཚིག
1
དགུང་ཨ་སྔོན་སྐྱིད་པོ་རི་ལ་ཆགས།།
སེར་ཉི་ཟླ་བདེ་མོ་སྤང་ལ་མཛེས།།
དཀར་ལྷོ་སྤྲིན་འཛོམས་པའི་སྨོན་ལམ་ཤོག།
བྲག་དཀར་ཡག་སྐྱིད་པོ་རི་ལ་ཆགས།།
རྒོད་ཐང་དཀར་བདེ་མོ་བྲག་ལ་མཛེས།།
རྒྱབ་གཤོག་སྒྲོ་འཛོམས་པའི་སྨོན་ལམ་ཤོག།
གྲོང་རྒྱ་གྲོང་སྐྱིད་པོ་རི་ལ་ཆགས།།
དྲིན་ཕ་མ་བདེ་མོ་གྲོང་ལ་མཛེས།།
ཚ་བུ་རྒྱུད་འཛོམས་པའི་སྨོན་ལམ་ཤོག།
2
དགུང་ཨ་སྔོན་གཡང་གཞི་གཡང་ཁང་ནང་།།
སེར་ཉི་ཟླ་གཡང་གི་མདའ་དར་བཙུགས།།
དཀར་སྨིན་དྲུག་དར་ཚོན་སྣ་ལྔས་བརྒྱན།།
བྲག་དཀར་ཡག་གཡང་གཞི་གཡང་ཁང་ནང་།།
རྒོད་ཐང་དཀར་གཡང་གི་མདའ་དར་བཙུགས།།
རྒྱབ་གཤོག་སྒྲོ་དར་ཚོན་སྣ་ལྔས་བརྒྱན།།
གྲོང་རྒྱ་གྲོང་གཡང་གཞི་གཡང་ཁང་ནང་།།
རྒན་ཕ་ཁུ་གཡང་གི་མདའ་དར་བཙུགས།།
རང་མི་སེར་དར་ཚོན་སྣ་ལྔས་བརྒྱན།།
3
དགུང་ཨ་སྔོན་སྟེང་ལ་ཡར་ཡར་འགྲོ།
སེར་ཉི་ཟླ་ཨ་བདེ་འདྲི་བཞིན་འགྲོ།
སེར་ཉི་ཟླ་བདེ་བའི་སྐད་ཅིག་གོ།
དཀར་ལྷོ་སྤྲིན་བསམ་པ་ལམ་སང་དགའ།།
བྲག་དཀར་ཡག་སྟེང་ལ་ཡར་ཡར་འགྲོ།
རྒོད་ཐང་དཀར་ཨ་བདེ་འདྲི་བཞིན་འགྲོ།
རྒོད་ཐང་དཀར་བདེ་བའི་སྐད་ཅིག་གོ།
རྒྱབ་གཤོག་སྒྲོ་བསམ་པ་ལམ་སང་དགའ།།
གྲོང་རྒྱ་གྲོང་སྟེང་ལ་ཡར་ཡར་འགྲོ།
དྲིན་ཕ་མ་ཨ་བདེ་འདྲི་བཞིན་འགྲོ།
དྲིན་ཕ་མ་བདེ་བའི་སྐད་ཅིག་གོ།
ང་བུ་ཆུང་བསམ་པ་ལམ་སང་དགའ།།
4
དགུང་ཨ་སྔོན་སྦ་ཆེན་ས་ལ་ཕུབ།།
སེར་ཉི་ཟླ་འབྲི་བརྒྱས་མཐའ་ནས་བསྐོར།།
དཀར་སྨིན་དྲུག་འོ་མའི་རྒྱ་མཚོ་འཁྱིལ།།
བྲག་དཀར་ཡག་སྦ་ཆེན་ས་ལ་ཕུབ།།
རྒོད་ཐང་དཀར་འབྲི་བརྒྱས་མཐའ་ནས་བསྐོར།།
རྒྱབ་གཤོག་སྒྲོ་འོ་མའི་རྒྱ་མཚོ་འཁྱིལ།།
གྲོང་རྒྱ་གྲོང་སྦ་ཆེན་ས་ལ་ཕུབ།།
དྲིན་ཕ་མ་འབྲི་བརྒྱས་མཐའ་ནས་བསྐོར།།
རང་མི་སེར་འོ་མའི་རྒྱ་མཚོ་འཁྱིལ།།
འབྲེལ་ཡོད་འོས་སྦྱོར།