ཁམས་མི་ཉག་ཡུལ་གྱི་སྐོར་བྲོ་དང་བྲོ་ཤགས་ཀྱི་བྲོ་ཚིག་ཁག་ཅིག
རྩོམ་པ་པོ།:ཇེ་དགའ།
ཡོང་ཁུངས།:ཁམས་པའི་འཛུམ་རིས་ལས་བཏུས།
དུས་ཚོད།:2014-08-14
ཀློག་གྲངས།:
5
ས་ལ་བདེ་ཀླུང་བདེ་ལུང་པ་བདེ།།
ས་བདེ་ས་གཅིག་ལ་དགོན་ཆེན་ཆགས།།
དགོན་ཆེན་པོ་ཕྱི་ཡག་ནང་ཡག་རེད།།
ཕྱི་ཡག་ཡག་མཆོད་རྟེན་བརྒྱ་རྩ་ཡག།
ནང་ཡག་ཡག་བླ་མ་བཟང་པོ་ཡག།
ས་ལ་བདེ་ཀླུང་བདེ་ལུང་པ་བདེ།།
ས་བདེ་ས་གཅིག་ལ་རྫོང་ཆེན་ཆགས།།
རྫོང་ཆེན་པོ་ཕྱི་ཡག་ནང་ཡག་རེད།།
ཕྱི་ཡག་ཡག་དམག་དང་གོ་ཚོན་ཡག།
ནང་ཡག་ཡག་དཔོན་པོ་བཟང་པོ་ཡག།
ས་ལ་བདེ་ཀླུང་བདེ་ལུང་པ་བདེ།།
ས་བདེ་ས་གཅིག་ལ་གྲོང་ཆེན་ཆགས།།
གྲོང་ཆེན་པོ་ཕྱི་ཡག་ནང་ཡག་རེད།།
ཕྱི་ཡག་ཡག་བུ་ཚ་རིགས་རྒྱུད་ཡག།
ནང་ཡག་ཡག་ཕ་མ་བཟང་པོ་ཡག།
6
ཤྭ་བ་ཆུང་ཆུང་ལ་མོ་བརྒལ་ནས་འགྲོ།
ལ་མོ་མ་བརྒལ་སྨོན་ལམ་ཚིག་གསུམ་བཏབ།།
ཤྭ་བ་ལུས་ལ་བར་ཆད་མ་འོང་དགོས།།
ཐང་དཀར་ཆུང་ཆུང་བྲག་དཀར་བརྒལ་ནས་འགྲོ།
བྲག་དཀར་མ་བརྒལ་སྨོན་ལམ་ཚིག་གསུམ་བཏབ།།
ཐང་དཀར་ལུས་ལ་བར་ཆད་མ་འོང་དགོས།།
གྲས་མཉམ་ཆུང་ཆུང་གྲོང་ཆེན་བརྒལ་ནས་འགྲོ།
གྲོང་ཆེན་མ་བརྒལ་སྨོན་ལམ་ཚིག་གསུམ་བཏབ།།
གྲས་མཉམ་ལུས་ལ་བར་ཆད་མ་འོང་དགོས།།
7
རི་ནོར་བུ་འདྲ་ལེའི་རི་འགོ་མཛེས།།
ཤིང་ཡར་འཁྲུངས་ཐམས་ཅད་ཐང་ཤིང་འཁྲུངས།།
ཡར་འཁྲུངས་འཁྲུངས་རྩེ་མོ་དགུང་དང་མཉམ།།
མར་འཁྱིལ་འཁྱིལ་ལོ་མ་ས་ལ་འཁྱིལ།།
མར་ས་ལ་འཁྱིལ་བཞིན་བསོད་ནམས་འཁོར།།
རི་ནོར་བུ་འདྲ་ལེའི་རི་སྐེད་མཛེས།།
ཤིང་ཡར་འཁྲུངས་ཐམས་ཅད་ཙནྡན་འཁྲུངས།།
ཡར་འཁྲུངས་འཁྲུངས་རྩེ་མོ་བྲག་དང་མཉམ།།
མར་འཁྱིལ་འཁྱིལ་ལོ་མ་ས་ལ་འཁྱིལ།།
མར་ས་ལ་འཁྱིལ་བཞིན་བསོད་ནམས་འཁོར།།
རི་ནོར་བུ་འདྲ་ལེའི་རི་མདའ་མཛེས།།
ཤིང་ཡར་འཁྲུངས་ཐམས་ཅད་རྒྱ་ཤིང་འཁྲུངས།།
ཡར་འཁྲུངས་འཁྲུངས་རྩེ་མོ་གྲོང་དང་མཉམ།།
མར་འཁྱིལ་འཁྱིལ་ལོ་མ་ས་ལ་འཁྱིལ།།
མར་ས་ལ་འཁྱིལ་བཞིན་བསོད་ནམས་འཁོར།།
8
ཨ་སྔོན་དགུང་ལ་ཡར་ཡར་འགྲོ་ན་འགྲོ།
ཉི་ཟླ་ངེད་གཉིས་རྩེད་མོ་རྩེ་ན་རྩེ།།
སྨིན་དྲུག་ང་ཚོ་ཉམས་དགའ་རྒྱས་ན་རྒྱས།།
བྲག་དཀར་སྟེང་ལ་ཡར་ཡར་འགྲོ་ན་འགྲོ།
ཐང་དཀར་ངེད་གཉིས་རྩེད་མོ་རྩེ་ན་རྩེ།།
གཤོག་སྒྲོ་ང་ཚོ་ཉམས་དགའ་རྒྱས་ན་རྒྱས།།
རྒྱ་གྲོང་སྟེང་ལ་ཡར་ཡར་འགྲོ་ན་འགྲོ།
གྲས་མཉམ་རང་གཉིས་རྩེད་མོ་རྩེ་ན་རྩེ།།
མི་སེར་ང་ཚོ་ཉམས་དགའ་རྒྱས་ན་རྒྱས།།
9
རྒྱ་གར་རྡོ་དང་རྡོ་གཅིག།
རྒྱ་ནག་རྡོ་དང་རྡོ་གཉིས།།
རང་ཡུལ་རྡོ་དང་རྡོ་གསུམ།།
རྡོ་གསུམ་འབྱུང་ས་མི་གཅིག།
ལ་ལུང་པ་ཁ་ཁ།།
རྡོ་གསུམ་འཛོམས་ས་ཡག་མོ།།
ལྷ་སའི་རྡོ་ར་ཕྲ་མོ།།
ལྷ་ས་རྡོ་དང་རྡོ་གཅིག།
མོན་ཡུལ་རྡོ་དང་རྡོ་གཉིས།།
རང་ཡུལ་རྡོ་དང་རྡོ་གསུམ།།
རྡོ་གསུམ་འབྱུང་ས་མི་གཅིག།
ལ་དང་ལུང་པ་ཁ་ཁ།།
རྡོ་གསུམ་འཛོམས་ས་ཡག་མོ།།
དྭགས་པོའི་རྡོ་ར་ཕྲ་མོ།།
གངས་རི་རྡོ་དང་རྡོ་གཅིག།
རྫ་རི་རྡོ་དང་རྡོ་གཉིས།།
རང་ཡུལ་རྡོ་དང་རྡོ་གསུམ།།
རྡོ་གསུམ་འབྱུང་ས་མི་གཅིག།
ལ་དང་ལུང་པ་ཁ་ཁ།།
རྡོ་གསུམ་འཛོམས་ས་ཡག་མོ།།
མི་ཉག་རྡོ་ར་ཕྲ་མོ།།
10
དགུང་ཨ་སྔོན་གཡང་གཞི་གཡང་ཁང་ནང་།།
སེར་ཉི་ཟླ་གསུམ་གྱིས་གཡང་འབོད་བྱེད།།
གཡང་ཕྱི་ལ་མ་འགྲོ་ནང་ལ་འཁོར།།
བྲག་དཀར་ཡག་གཡང་གཞི་གཡང་ཁང་ནང་།།
རྒོད་ཐང་དཀར་གསུམ་གྱིས་གཡང་འབོད་བྱེད།།
གཡང་ཕྱི་ལ་མ་འགྲོ་ནང་ལ་འཁོར།།
གྲོང་རྒྱ་གྲོང་གཡང་གཞི་གཡང་ཁང་ནང་།།
སྡེ་མི་སེར་གསུམ་གྱིས་གཡང་འབོད་བྱེད།།
གཡང་ཕྱི་ལ་མ་འགྲོ་ནང་ལ་འཁོར།།
ས་ལ་བདེ་ཀླུང་བདེ་ལུང་པ་བདེ།།
ས་བདེ་ས་གཅིག་ལ་དགོན་ཆེན་ཆགས།།
དགོན་ཆེན་པོ་ཕྱི་ཡག་ནང་ཡག་རེད།།
ཕྱི་ཡག་ཡག་མཆོད་རྟེན་བརྒྱ་རྩ་ཡག།
ནང་ཡག་ཡག་བླ་མ་བཟང་པོ་ཡག།
ས་ལ་བདེ་ཀླུང་བདེ་ལུང་པ་བདེ།།
ས་བདེ་ས་གཅིག་ལ་རྫོང་ཆེན་ཆགས།།
རྫོང་ཆེན་པོ་ཕྱི་ཡག་ནང་ཡག་རེད།།
ཕྱི་ཡག་ཡག་དམག་དང་གོ་ཚོན་ཡག།
ནང་ཡག་ཡག་དཔོན་པོ་བཟང་པོ་ཡག།
ས་ལ་བདེ་ཀླུང་བདེ་ལུང་པ་བདེ།།
ས་བདེ་ས་གཅིག་ལ་གྲོང་ཆེན་ཆགས།།
གྲོང་ཆེན་པོ་ཕྱི་ཡག་ནང་ཡག་རེད།།
ཕྱི་ཡག་ཡག་བུ་ཚ་རིགས་རྒྱུད་ཡག།
ནང་ཡག་ཡག་ཕ་མ་བཟང་པོ་ཡག།
6
ཤྭ་བ་ཆུང་ཆུང་ལ་མོ་བརྒལ་ནས་འགྲོ།
ལ་མོ་མ་བརྒལ་སྨོན་ལམ་ཚིག་གསུམ་བཏབ།།
ཤྭ་བ་ལུས་ལ་བར་ཆད་མ་འོང་དགོས།།
ཐང་དཀར་ཆུང་ཆུང་བྲག་དཀར་བརྒལ་ནས་འགྲོ།
བྲག་དཀར་མ་བརྒལ་སྨོན་ལམ་ཚིག་གསུམ་བཏབ།།
ཐང་དཀར་ལུས་ལ་བར་ཆད་མ་འོང་དགོས།།
གྲས་མཉམ་ཆུང་ཆུང་གྲོང་ཆེན་བརྒལ་ནས་འགྲོ།
གྲོང་ཆེན་མ་བརྒལ་སྨོན་ལམ་ཚིག་གསུམ་བཏབ།།
གྲས་མཉམ་ལུས་ལ་བར་ཆད་མ་འོང་དགོས།།
7
རི་ནོར་བུ་འདྲ་ལེའི་རི་འགོ་མཛེས།།
ཤིང་ཡར་འཁྲུངས་ཐམས་ཅད་ཐང་ཤིང་འཁྲུངས།།
ཡར་འཁྲུངས་འཁྲུངས་རྩེ་མོ་དགུང་དང་མཉམ།།
མར་འཁྱིལ་འཁྱིལ་ལོ་མ་ས་ལ་འཁྱིལ།།
མར་ས་ལ་འཁྱིལ་བཞིན་བསོད་ནམས་འཁོར།།
རི་ནོར་བུ་འདྲ་ལེའི་རི་སྐེད་མཛེས།།
ཤིང་ཡར་འཁྲུངས་ཐམས་ཅད་ཙནྡན་འཁྲུངས།།
ཡར་འཁྲུངས་འཁྲུངས་རྩེ་མོ་བྲག་དང་མཉམ།།
མར་འཁྱིལ་འཁྱིལ་ལོ་མ་ས་ལ་འཁྱིལ།།
མར་ས་ལ་འཁྱིལ་བཞིན་བསོད་ནམས་འཁོར།།
རི་ནོར་བུ་འདྲ་ལེའི་རི་མདའ་མཛེས།།
ཤིང་ཡར་འཁྲུངས་ཐམས་ཅད་རྒྱ་ཤིང་འཁྲུངས།།
ཡར་འཁྲུངས་འཁྲུངས་རྩེ་མོ་གྲོང་དང་མཉམ།།
མར་འཁྱིལ་འཁྱིལ་ལོ་མ་ས་ལ་འཁྱིལ།།
མར་ས་ལ་འཁྱིལ་བཞིན་བསོད་ནམས་འཁོར།།
8
ཨ་སྔོན་དགུང་ལ་ཡར་ཡར་འགྲོ་ན་འགྲོ།
ཉི་ཟླ་ངེད་གཉིས་རྩེད་མོ་རྩེ་ན་རྩེ།།
སྨིན་དྲུག་ང་ཚོ་ཉམས་དགའ་རྒྱས་ན་རྒྱས།།
བྲག་དཀར་སྟེང་ལ་ཡར་ཡར་འགྲོ་ན་འགྲོ།
ཐང་དཀར་ངེད་གཉིས་རྩེད་མོ་རྩེ་ན་རྩེ།།
གཤོག་སྒྲོ་ང་ཚོ་ཉམས་དགའ་རྒྱས་ན་རྒྱས།།
རྒྱ་གྲོང་སྟེང་ལ་ཡར་ཡར་འགྲོ་ན་འགྲོ།
གྲས་མཉམ་རང་གཉིས་རྩེད་མོ་རྩེ་ན་རྩེ།།
མི་སེར་ང་ཚོ་ཉམས་དགའ་རྒྱས་ན་རྒྱས།།
9
རྒྱ་གར་རྡོ་དང་རྡོ་གཅིག།
རྒྱ་ནག་རྡོ་དང་རྡོ་གཉིས།།
རང་ཡུལ་རྡོ་དང་རྡོ་གསུམ།།
རྡོ་གསུམ་འབྱུང་ས་མི་གཅིག།
ལ་ལུང་པ་ཁ་ཁ།།
རྡོ་གསུམ་འཛོམས་ས་ཡག་མོ།།
ལྷ་སའི་རྡོ་ར་ཕྲ་མོ།།
ལྷ་ས་རྡོ་དང་རྡོ་གཅིག།
མོན་ཡུལ་རྡོ་དང་རྡོ་གཉིས།།
རང་ཡུལ་རྡོ་དང་རྡོ་གསུམ།།
རྡོ་གསུམ་འབྱུང་ས་མི་གཅིག།
ལ་དང་ལུང་པ་ཁ་ཁ།།
རྡོ་གསུམ་འཛོམས་ས་ཡག་མོ།།
དྭགས་པོའི་རྡོ་ར་ཕྲ་མོ།།
གངས་རི་རྡོ་དང་རྡོ་གཅིག།
རྫ་རི་རྡོ་དང་རྡོ་གཉིས།།
རང་ཡུལ་རྡོ་དང་རྡོ་གསུམ།།
རྡོ་གསུམ་འབྱུང་ས་མི་གཅིག།
ལ་དང་ལུང་པ་ཁ་ཁ།།
རྡོ་གསུམ་འཛོམས་ས་ཡག་མོ།།
མི་ཉག་རྡོ་ར་ཕྲ་མོ།།
10
དགུང་ཨ་སྔོན་གཡང་གཞི་གཡང་ཁང་ནང་།།
སེར་ཉི་ཟླ་གསུམ་གྱིས་གཡང་འབོད་བྱེད།།
གཡང་ཕྱི་ལ་མ་འགྲོ་ནང་ལ་འཁོར།།
བྲག་དཀར་ཡག་གཡང་གཞི་གཡང་ཁང་ནང་།།
རྒོད་ཐང་དཀར་གསུམ་གྱིས་གཡང་འབོད་བྱེད།།
གཡང་ཕྱི་ལ་མ་འགྲོ་ནང་ལ་འཁོར།།
གྲོང་རྒྱ་གྲོང་གཡང་གཞི་གཡང་ཁང་ནང་།།
སྡེ་མི་སེར་གསུམ་གྱིས་གཡང་འབོད་བྱེད།།
གཡང་ཕྱི་ལ་མ་འགྲོ་ནང་ལ་འཁོར།།
འབྲེལ་ཡོད་འོས་སྦྱོར།