ཡན་ལག་གཉིས་ལྡན་གྱི་སྒྲུབ་ངག་ལ་རགས་ཙམ་དཔྱད་པ།
རྩོམ་པ་པོ།:ཤ་བོ་ཐར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-05-20
ཀློག་གྲངས།:
གཉིས་པ། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག
ཀ ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གི་རྣམ་པ།
དེ་ཡང་ཚད་མའི་བསྟན་བཅོས《རིགས་རྒྱན》ལས།“རྟགས་དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་དངོས་སུ་སྟོན་པའི་ཡན་ལག་གཉིས་ལྡན་གྱི་སྒྲུབ་ངག”[22]ཅེས་དེ་སྒྲུབ་ཀྱི་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གི་མཚན་ཉིད་སྟོན་ལ། མཚན་གཞི་ནི་དཔེར་ན། གང་མི་རྟག་པ་མ་ཡིན་ན་བྱས་པ་མ་ཡིན་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། སྒྲ་ཡང་བྱས། ཞེས་པ་ལྟ་བུ། ཁྱོད་ལ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེས་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་བྱས་པ་མེད་པར་མི་མཐུན་དཔེ་ནམ་མཁའ་དང་སྦྱར་ནས་དངོས་སུ་སྟོན་པའི་སྒྲུབ་ངག་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་ལ་དབྱེ་ན་ཡང་ཁོ་རང་དུ་གྱུར་པའི་ཕྱོགས་ཆོས་སྔོན་འགྲོ་ཅན་གྱི་སྒྲུབ་ངག་ཡང་དག་དང་། ཁྱབ་པ་སྔོན་འགྲོ་ཅན་སྒྲུབ་ངག་ཡང་དག་གཉིས།
དང་པོ་ནི། དཔེར་ན།
༡ སྒྲ་ནི་བྱས། གང་མི་རྟག་པ་མ་ཡིན་ན་བྱས་པ་མ་ཡིན་པས་ཁྱབ། དཔེར་ན་ནམ་མཁའ་བཞིན།
གཉིས་པ་ནི། དཔེར་ན།
༢ གང་མི་རྟག་པ་མ་ཡིན་ན་བྱས་པ་མ་ཡིན་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། སྒྲ་ཡང་བྱས་ལྟ་བུ།
སྒྲུབ་ངག་གི་རྣམ་པ་འདི་གཉིས་ནི་རྟགས་ཀྱི་ཚུལ་གསུམ་འགོད་པའི་གོ་རིམ་ཁྲོད་ཕྱོགས་ཆོས་དང་རྗེས་ཁྱབ་གཉིས་དངོས་སུ་སྟོན་པའི་གོ་རིམ་ལ་ཁྱད་པར་བྱུང་པ་ལས། དེ་སྒྲུབ་ཀྱི་བསྒྲུབ་བྱ་སྒྲ་མི་རྟག་པ་སྒྲུབ་པའི་ནུས་པ་མི་འདྲ་བ་མེད་དེ། གཉིས་ཀས་ཀྱང་ཕྱི་རྒོལ་གྱི་རྒྱུད་ལ་ཚུལ་གསུམ་དྲན་པའི་དྲན་ཤེས་བསྐྱེད་པ་ལ་བརྟེན་ནས་བསྒྲུབ་བྱ་སྒྲ་མི་རྟག་པ་རྟོགས་པར་བྱེད་པ་ཡིན་ནོ། །སྐབས་འགར“སྒྲ་མི་རྟག་སྟེ། བྱས་པའི་ཕྱིར།”ཞེས་པའི་རྟགས་སྦྱོར་ལས་ཚུལ་གསུམ་མཚོན་པར་བྱེད་པའི་རྗེས་ཁྱབ་ནི“གང་བྱས་ན་མི་རྟག་པས་ཁྱབ”ཅེས་པ་དང་ལྡོག་ཁྱབ་ནི“གང་མི་རྟག་པ་མ་ཡིན་ན་བྱས་པ་མ་ཡིན་པས་ཁྱབ”ཅེས་པ་ཡིན་ལ། དེ་ཡང་རྗེས་ཁྱབ་ནི“མཐུན་ཕྱོགས་སུ་ཡོད་པར་ངེས་པ”ཞེས་པ་དང་ལྡོག་ཁྱབ་ནི“མི་མཐུན་ཕྱོགས་ལ་མེད་པ”ཞེས་པའི་ཁྱད་ཆོས་ཀྱིས་བསྟན་པར་མཐོང་སྟེ། 《རིགས་ཐིགས》ལས། “མཐུན་པའི་ཕྱོགས་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དང་དོན་མཐུན་པའོ། །མི་མཐུན་པའི་ཕྱོགས་ནི་མཐུན་པའི་ཕྱོགས་མ་ཡིན། །”[23]ཞེས་གསུངས་པ་ལྟར། མཐུན་པའི་ཕྱོགས་ཞེས་པ་དེ་ནི་སྦྱོར་བའི་བསྒྲུབ་བྱའི་ཆོས་རང་ཉིད་ལ་གོ་བ་ཡིན་ལ། མི་མཐུན་ཕྱོགས་ནི་མཐུན་ཕྱོགས་མ་ཡིན་པར་གོ་བ་ཡིན་ནོ། །དེ་ལྟར་ན་གོང་གི་སྦྱོར་བའི་མཐུན་ཕྱོགས་ནི་བསྒྲུབ་བྱའི་ཆོས་སྟེ་མི་རྟག་པར་གོ་བ་ཡིན་ལ། མི་མཐུན་ཕྱོགས་ནི་མཐུན་ཕྱོགས་མ་ཡིན་ཏེ་མི་རྟག་པ་མ་ཡིན་པར་གོ་སྟེ། 《རིགས་པ་ལ་འཇུག་པ》ལས། “མི་མཐུན་ཕྱོགས་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་དོན་མཐུན་པ་ནི་མ་ཡིན་ནོ། །དཔེར་ན་གང་རྟག་པ་མ་ཡིན་པ་དེ་བྱས་པ་མ་ཡིན་པས་ཁྱབ་ནམ་མཁའ་ལ་སོགས་པ་བཞིན་ནོ། །”[24] ཞེས་གསུངས་པ་བཞིན། མི་མཐུན་ཕྱོགས་ནི་རྟག་པ་ཡིན་ནོ། །དེས་ན་རྟག་པ་དང་མི་རྟག་པ་མ་ཡིན་པ་གཉིས་དོན་མི་མཚུངས་པའི་མིང་རྟོག་སོ་སོ་བ་གཉིས་ཡིན་ལ། མི་རྟག་པ་མ་ཡིན་པའི་ཁྱབ་མཐའ༼外延༽དེ་རྟག་པའི་ཁྱབ་མཐའ་ལས་ཆེ་ཞིང་རྟག་པ་བཀག་ན་མི་རྟག་པ་མ་ཡིན་པས་ཁྱབ་པ་མེད་དོ། །ཡང་ཁ་ཅིག་གིས་སློབ་དཔོན་ཕྱོགས་གླང་གིས་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་སྟོན་པའི་སྐབས་སུ་མིང་རྟོག་གི་ཁྱབ་ཁོངས༼论域༽བསྟན་ཟིན་ཞེས་བརྗོད་ལ། དེ་ལྟར་ན། མི་རྟག་པ་མ་ཡིན་ཞེས་པའི་མིང་རྟོག་གིས་རྟག་པ་ཞེས་པའི་མིང་རྟོག་ཐད་ཀར་མཚོན་མི་ནུས་པས། སློབ་དཔོན་ཆོས་གྲགས་ཀྱིས་རྟག་པ་དང་མི་རྟག་པ་མ་ཡིན་པ་གཉིས་ངེས་པར་དུ་ཡོད་པའི་ཁྱབ་མཐའ་རུ་འདུས་ཞེས་གསུངས་མེད་དེ། མི་རྟག་པ་དང་མི་རྟག་པ་མ་ཡིན་པ་གཉིས་འགལ་བའི་མིང་རྟོག་ཅིག་ཡིན་པ་ལ་གཉིས་ཀྱི་ཁྱབ་ཁོངས་ནི་བདག་མེད་ལས་ཡོད་པ་ནི་མ་ཡིན་པས། མི་རྟག་པ་མ་ཡིན་ཞེས་པའི་མིང་རྟོག་གིས་རྟག་པ་མཚོན་ནུས་པ་ལས་གཞན་མེད་པ་ཡང་འདུས་པའི་ཕྱིར། དཔེར་ན། “རི་བོང་རྭ་མི་རྟག་པ་མ་ཡིན”ཞེས་པ་ལྟ་བུ་ལ་མཚོན་ན་ཡང་དག་པའི་དོན་རྟོག་ཅིག་ཡིན་ལ། ང་ཚོས་ཚད་མ་རིག་པའི་ལམ་ནས་ཞིབ་འཇུག་བྱས་ན། གོང་གི་སྦྱོར་བའི་མི་མཐུན་ཕྱོགས་ནི་མི་རྟག་པ་མ་ཡིན་ཞེས་བརྗོད་པ་ལས་རྟག་པ་ཞེས་བརྗོད་པར་མི་རིགས། གལ་ཏེ་མི་རྟག་པ་དང་རྟག་པ་གཉིས་ལ་མི་རྟག་པ་རྣམ་བཅད་ལ་ཁེགས་ན་རྟག་པ་ཡོངས་གཅོད་ཀྱིས་འགྲུབ་ལ། རྟག་པ་རྣམ་བཅད་ལ་ཁེགས་ན་མི་རྟག་པ་ཡོངས་གཅོད་ཀྱིས་འགྲུབ་པའི་ཕན་ཚུན་སྤང་འགལ་གྱི་དངོས་འགལ་དུ་འགྱུར་བས། རྩོད་པའི་སྐབས་སུ་སྐྱོན་འབྱུང་བའི་ཕྱིར་ཏེ། 《སྡེ་བདུན་རྒྱན》ལས་འདི་ལྟ་བུའི་རྩོད་པའི་རིམ་པ་ཞིག་ཡོད་དེ། “ཤེས་བྱ་ཆོས་ཅན། ནམ་མཁའ་གཞལ་བྱར་སྒྲུབ་པ་ལ་རྟག་པ་རྟགས་སུ་བཀོད་པའི་ཚེ་གཞལ་བྱ་མ་ཡིན་པ་ལ་མི་རྟག་པས་ཁྱབ་པར་ཐལ། རྟག་པ་གཞལ་བྱ་ཡིན་པས་ཁྱབ་པའི་ཕྱིར”[25]ཞེས་བཀོད་པའི་ཕྱིར། ཐལ་འགྱུར་འདིའི་སུན་འབྱིན་གྱི་ཡུལ་ནི་ནམ་མཁའ་ཆོས་ཅན། གཞལ་བྱ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཡིན་ལ། རྗེས་ཁྱབ་ནི“གང་རྟག་ན་གཞལ་བྱ་ཡིན་པས་ཁྱབ”ཅེས་པ་དང་ལྡོག་ཁྱབ་ནི“གང་གཞལ་བྱ་མ་ཡིན་ན་མི་རྟག་པས་ཁྱབ”ཅེས་པ་ཡིན། སྤྱིར་རྟག་པ་བཀག་ན་རྟག་པ་མ་ཡིན་འགྲུབ་ལ། གལ་ཏེ་རྟག་པ་བཀག་ན་མི་རྟག་པས་ཁྱབ་ན། གོང་གི་ཐལ་འགྱུར་དེའི་ལྡོག་ཁྱབ“གང་གཞལ་བྱ་མ་ཡིན་ན་མི་རྟག་པས་ཁྱབ”ཅེས་པའི་དོན་དེ་འགྲུབ། ཡིན་ན་ཡང“གང་གཞལ་བྱ་མ་ཡིན་ན་མི་རྟག་པས་ཁྱབ”ཅེས་པའི་དོན་རྟོག་དེ་ནི་ཡང་དག་ཅིག་མ་ཡིན་པར“གང་གཞལ་བྱ་མ་ཡིན་ན་རྟག་པ་མ་ཡིན་པས་ཁྱབ” ཅེས་པའི་དོན་རྟོག་ནི་ཡང་དག་གོ །མི་རྟག་པ་དང་རྟག་པ་མ་ཡིན་པ་གཉིས་ཕན་ཚུན་མི་འགལ་ན་ཡང་འབྲེལ་བ་མ་ཡིན་པར། གང་རྟག་པ་མ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་བ་མེད་དེ། རི་བོང་རྭ་རྟག་པ་མ་ཡིན་པ་ཡིན་ཀྱང་མི་རྟག་པ་མ་ཡིན་ནོ། །དེང་གི་དུས་འདིར་ཚད་མ་རིག་པར་ཞིབ་འཇུག་བྱེད་པའི་མཁས་པ་དག་གིས་ཚད་མ་རིག་པ་ལས་བྱུང་བའི་རྗེས་དཔག་གི་རིགས་པར་ཞིབ་འཇུག་བྱེད་པ་ལས། རྟོག་པའི་རྣམ་པར་ཞིབ་འཇུག་བྱེད་པ་ཅུང་ཟད་ཞན། ཡིན་ནའང་བོད་བརྒྱུད་ཚད་མ་རིག་པས་མིང་རྟོག་ཕན་ཚུན་བར་གྱི་འབྲེལ་བ་ཁྱབ་མཐའ་ཆེ་ཆུང་དང་དོན་རྟོག་གྲུབ་པའི་ཆ་རྐྱེན་ལ་ཞིབ་འཇུག་ཅུང་གཏིང་ཕིགས་པར་བྱས་འདུག དེ་ནི་ཚད་མ་རིག་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། བསྡུས་གྲྭའི་རྩོད་པའི་སྐབས་ཀྱི་སྲོག་ཤིང་ལྟ་བུ་ཡིན་ནོ། །
ཁ ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གི་དཔེ། དེ་ཡང་སྒྲ་མི་རྟག་པར་སྒྲུབ་པའི་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་སྟེ། མི་རྟག་པ་མ་ཡིན་ན་བྱས་པ་མ་ཡིན་པས་ཁྱབ། དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་བཞིན།
སྒྲ་ནི་བྱས་ཞེས་པ་ལྟ་བུ་ནི་རྟགས“བྱས་པ”དེ་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས“མི་རྟག་པ་མ་ཡིན་པ”ལ་མེད་པ་ཁོ་ནར་སྒྲུབ་པ་དང་། དཔེ་ནམ་མཁའ་ནི་དེ་སྒྲུབ་ཀྱི་རྟགས་ཆོས་གཉིས་དང་མི་ལྡན་པའི་མི་མཐུན་དཔེ་ཡང་དག་ཡིན་ལ། དཔེ་ནམ་མཁའ་ནི་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་དཔེར་བཟུང་བ་གང་ཞིག སྒྲའི་སྟེང་དུ་བྱས་པ་མ་ཡིན་ན་མི་རྟག་པ་མ་ཡིན་པས་ཁྱབ་པ་ཚད་མས་མ་ངེས་པའི་སྔ་རོལ་ཏུ། དཔེ་ནམ་མཁའི་སྟེང་དུ་བྱས་པ་མ་ཡིན་ན་མི་རྟག་པ་མ་ཡིན་པས་ཁྱབ་པ་ཚད་མས་ངེས་པའི་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཡིན་ལ། དེ་ལྟ་བུའི་གང་ཟག་གི་ངོར་ད་གཟོད་“གང་མི་རྟག་པ་མ་ཡིན་ན་བྱས་པ་མ་ཡིན་པས་ཁྱབ། དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་བཞིན་”ཞེས་པའི་ཆོས་མི་མཐུན་སྦྱོར་ཀྱི་ངག་དགོད་དགོས་ལ། འགོད་པའི་རིམ་པ་ནི་དང་པོ་རྒོལ་བས་སྒྲ་རྟག་གམ་མི་རྟག་པ་ཅེས་ཚད་མས་མ་ངེས་པའི་སྔ་རོལ་དུ་བྱེ་བྲག་གི་དཔེ་ཆོས་ཅན་ནམ་མཁའི་སྟེང་དུ་མི་རྟག་པ་མ་ཡིན་པར་ཚད་མས་ངེས་པ་དང་། གཉིས་ནས་སྒྲའི་སྟེང་དུ་བྱས་པ་མ་ཡིན་ན་མི་རྟག་པ་མ་ཡིན་པས་ཁྱབ་པ་ཚད་མས་མ་ངེས་པའི་སྔ་རོལ་དུ། དཔེ་ནམ་མཁའི་སྟེང་དུ་བྱས་པ་མ་ཡིན་ན་མི་རྟག་པ་མ་ཡིན་པས་ཁྱབ་པ་ཚད་མས་ངེས་པའི་རྒོལ་བ་ཡིན་པས། དེ་ལྟ་བུའི་རྒོལ་བའི་ངོར“བྱས་པ་མ་ཡིན་ན་མི་རྟག་པ་མ་ཡིན་པས་ཁྱབ་པ”སྒྲུབ་ཚེ་ངེས་ཟིན་བྱེ་བྲག་གི་ཆོས་ནམ་མཁའ་གཅིག་པུའི་སྟེང་དུ་བྱས་པ་མ་ཡིན་ན་རྟག་པ་མ་ཡིན་པས་ཁྱབ་པའི་རྟགས་ལ་བརྟེན་ནས་དེ་སྒྲུབ་ཀྱི་བསྒྲུབ་བྱ་སྒྲུབ་པ་ཞིག་ཡིན་པས། ཕྱི་ཚུལ་གཏན་ཚིགས་རིག་པས་ཡོད་ཚད་མི་འདུས་པའི་ཕྱོགས་བསྡུས་རྗེས་དཔག་ཟེར་ཞིང་། མཇུག་སྡུད་རྣམ་དག་ཅིག་ཐོབ་ནུས་པ་མ་ཡིན་ཞེས་ཟེར། ཅིའི་ཕྱིར་ཞེ་ན། ང་ཚོས་ཆོས་ཉིད་ཅིག་གཏན་ལ་དབབ་པ་ལ་དང་པོ་ཆོས་ཉིད་དེར་ལྡན་པའི་བྱེ་བྲག་གི་ཆོས་ཐམས་ཅད་ཀྱི་ཁྱད་ཆོས་ངེས་ཟིན་དགོས་ལ། བྱེ་བྲག་གི་ཆོས་ཐམས་ཅད་ཀྱི་ཁྱད་ཆོས་ངེས་ཟིན་པའི་རྟགས་ལ་བརྟེན་ནས་ཆོས་ཉིད་ཅིག་གམ་སྤྱི་སྡོམ་ཞིག་གཏན་ལ་དབབ་པ་ཡིན་པས། གོང་གི“གང་བྱས་པ་མ་ཡིན་པ་ཐམས་ཅད་མི་རྟག་པ་མ་ཡིན་པས་ཁྱབ་པའི”ཆོས་ཉིད་དེ་གཏན་ལ་དབབ་པར་ཁྱད་ཆོས་དེ་ལྡན་པའི་བྱེ་བྲག་གི་ཆོས་ནམ་མཁའ་གཅིག་པུའི་སྟེང་དུ“བྱས་པ་མ་ཡིན་ན་མི་རྟག་པ་མ་ཡིན་པས་ཁྱབ་པའི”རྟགས་ལ་བརྟེན་ནས་གཏན་འཁེལ་བྱས་པ་ཡིན་པས། ཕྱི་རྒོལ་གྱིས་དཔེ་ཆོས་ཅན་ནམ་མཁའ་ཁོ་ནས་“གང་བྱས་པ་མ་ཡིན་པ་ཐམས་ཅད་མི་རྟག་པ་མ་ཡིན་པས་ཁྱབ་པའི”ཆོས་ཉིད་ལ་ཚད་མས་ལམ་ནས་ངེས་པ་རྙེད་མི་ཐུབ་པར་སྣང་། ཡང་ཁ་ཅིག་གིས་དཔེ་ནམ་མཁའི་སྟེང་དུ་བྱས་པ་མ་ཡིན་ན་མི་རྟག་པ་མ་ཡིན་པའི་རྟགས་ལ་བརྟེན་ནས་ཤེས་འདོད་ཆོས་ཅན་སྒྲའི་སྟེང་དུ་བྱས་པ་མ་ཡིན་པ་མི་རྟག་པ་མ་ཡིན་པའི་ཁྱབ་པ་ངེས་ཟིན་ཟེར་ན། དེར་ཡང་ངེས་པ་མེད་དེ། སྐབས་འདིའི་དཔེ་ནམ་མཁའི་བྱེད་ལས་ནི“གང་བྱས་པ་མ་ཡིན་པ་ཐམས་ཅད་མི་རྟག་པ་མ་ཡིན་པས་ཁྱབ་པའི”ཆོས་ཉིད་ངེས་པར་བྱེད་པ་ལས་བསྒྲུབ་བྱ་སྒྲ་མི་རྟག་པ་སྒྲུབ་པ་ལ་ཐད་ཀར་ནུས་པ་ཆེན་པོ་མེད། ཡིན་ན་ཡང་སློབ་དཔོན་མཆོག་གི《རྣམ་འགྲེལ》དང《རིགས་ཐིགས》སོགས་ཀྱི་དགོངས་པར་མཇལ་ན་སྒྲུབ་ངག་ཐམས་ཅད་ནི་དཔེ་བཀོད་དེ་བསྒྲུབ་བྱ་སྒྲུབ་པའི་རྣམ་པ་ཁོ་ན་མ་ཡིན་ལ། དཔེ་བཀོད་དེ་བསྒྲུབ་བྱ་སྒྲུབ་པའི་རྣམ་པ་ནི་གྲུབ་མཐའ་མི་མཐུན་པ་རྩོད་པའི་སྐབས་དང་རང་གི་གདུལ་བྱ་བཀྲི་བའི་རིམ་པའི་སྐབས་སུ་ད་གཟོད་དཔེ་བཀོད་དེ་བསྒྲུབ་བྱ་སྒྲུབ་པའི་རྣམ་པར་སྣང་སྟེ། 《རིགས་ཐིགས་ཀྱི་འགྲེལ་བ》ལས། “སྔར་ཤེས་ཀྱང་བརྗེད་ན་དྲན་རུང་དུ་ཡོད་པ་ནི། སྒྲུབ་ངག་འགོད་པའི་ཡུལ་གཙོ་བོ་ཡིན་ལ། གྲུབ་མཐའ་མི་མཐུན་པ་རྩོད་པའི་སྐབས་དང་། རང་གི་གདུལ་བྱ་བཀྲི་བའི་སྐབས་གཉིས་ཀར་གསུམ་ཀ་གཞི་ནས་བསྒྲུབ་དགོས་པ་ཡང་སྲིད་དོ། །”[26] ཞེས་གསུངས་པའི་ཕྱིར། དེའི་ཕྱིར་ང་ཚོས་ངེས་ཐུབ་པ་ནི་སློབ་དཔོན་ཆོས་གྲགས་ཀྱི་འདོད་པའི་ཡན་ལག་གཉིས་ལྡན་གྱི་སྒྲུབ་ངག་གི་དཔེ་ནི། འགོད་ཡུལ་ཕྱི་རྒོལ་གྱི་ཁམས་དང་མོས་པ་ལ་གཞིགས་ནས་གདམ་ཀ་བྱེད་པ་ལས། སྒྲུབ་ངག་ཡོད་ཚད་ལ་དཔེ་བཀོད་དེ་བསྒྲུབ་བྱ་སྒྲུབ་པ་ནི་མ་ཡིན། དེ་ལྟར་ན། གྲུབ་ཟིན་སྒྲུབ་པས་སྔ་རྒོལ་གྱི་སྐྱོན་དུ་འགྱུར་རོ། །དེའི་ཕྱིར་སློབ་དཔོན་ཆོས་གྲགས་ཀྱི་འདོད་པའི་ཡན་ལག་གཉིས་ལྡན་གྱི་སྒྲུབ་ངག་དེ་ཡ་ལི་ཧྲི་ཏོ་དེའི༼亚里士多德༽ཚན་གསུམ་སྒྲུབ་ངག་ལྟར་མཇུག་སྡུད་རྣམ་དག་ཅིག་ཐོབ་ནུས་པ་ཞིག་ཡིན། དེ་ཡང་དཔེ་ཆོས་ཅན་གྱི་ནུས་པ་ནི་ཕྱི་ཚུལ་གཏན་ཚིགས་པར་བཤད་པའི་ཆ་མ་ཚང་བའི་ཕྱོགས་བསྡུས་རྗེས་དཔག༼不完全归纳推理༽ཅིག་མ་ཡིན་ཏེ། ཆ་མ་ཚང་བའི་ཕྱོགས་བསྡུས་རྗེས་དཔག་གི་མཚན་ཉིད་ནི《ཕྱི་ཚུལ་གཏན་ཚིགས་རིག་པ》ལས། “སྤྱི་དེའི་བྱེ་བྲག་གི་ཆོས་གཅིག་ལ་ཁྱད་ཆོས་དེ་ཡོད་པའམ་མེད་པའི་རྟགས་ལ་བརྟེན་ནས་སྤྱི་དེའི་བྱེ་བྲག་ཡོད་ཚད་ལ་ཁྱད་ཆོས་དེ་ཡོད་པའམ་མེད་པ་རྗེས་སུ་དཔག་པ་ལ་ཆ་མི་ཚང་བའི་ཕྱོགས་བསྡུས་རྗེས་དཔག་ཟེར”[27]ཞེས་བཤད། དེ་བས་ཕྱི་ཚུལ་གཏན་ཚིགས་རིག་པའི་ཆ་མི་ཚང་བའི་ཕྱོགས་བསྡུས་རྗེས་དཔག་ནི་བྱེ་བྲག་གི་ཆོས་གཅིག་ལ་ཁྱད་ཆོས་དེ་ལྡན་པའི་རྟགས་ཀྱིས་དེ་མཚུངས་ཀྱི་ཆོས་ཐམས་ཅད་ལ་དེ་ཉིད་ལྡན་པའི་རྗེས་དཔག་གི་རྣམ་པ་ཡིན་ལ། ཚད་མ་རིག་པའི་དཔེའི་བྱེད་ལས་ནི་རྒོལ་བས་དཔེ་ཆོས་ཅན་གྱི་སྟེང་ནས་རྟགས་ཀྱི་ཚུལ་གསུམ་ངེས་ནས་མ་བརྗེད་ལ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་སྟེང་དུ་རྟགས་ཀྱི་ཚུལ་གསུམ་སྔར་ངེས་ཀྱང་ཡུལ་དུས་གང་རུང་ཞིག་གིས་བརྗེད་ནས་དྲན་རུང་དུ་ཡོད་པ་ཞིག་ཡིན་པས། དེ་སྒྲུབ་ཀྱི་རྒོལ་བ་ལ་དཔེ་ཆོས་ཅན་དེ་ལྟ་བུ་བཀོད་ན་རྒོལ་བར་དེ་སྒྲུབ་ཀྱི་དྲན་རུང་དུ་ཡོད་པའི་ཚུལ་གསུམ་གྱི་འབྲེལ་བ་དྲན་པར་བྱེད་པ་ཙམ་ལས་ཚུལ་གསུམ་མི་ཤེས་པ་ལ་ཤེས་བར་བྱེད་པ་དང་། བྱེ་བྲག་གི་ཆོས་གཅིག་གི་སྟེང་དུ་ཁྱབ་པ་ངེས་པ་ལ་ཆོས་ཐམས་ཅད་ཀྱི་སྟེང་དུ་ཁྱབ་པ་ངེས་པར་སྒྲུབ་པ་ནི་མ་ཡིན། དེ་བས་དཔེ་ནུས་པ་ནི་ཕྱི་ཚུལ་གཏན་ཚིགས་ཀྱི་དཔེའི་བྱེད་ལས་མ་མཚུངས་ལ། ཚད་མ་རིག་པའི་དཔེའི་བྱེད་ལས་ནི་ཕྱོགས་བསྡུས་རྗེས་དཔག་ཀྱང་མ་ཡིན་ནོ། །
ག ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་དང་ཚན་གསུམ་སྒྲུབ་ངག་བསྡུས་མ་ཅན་གཉིས་བསྡུར་ནས་བརྟག་པ།
དེ་ཡང་ཆོས་མི་མཐུན་སྦྱོར་དང་ཚན་གསུམ་སྒྲུབ་ངག་གཉིས་བསྡུར་ནས་བརྟག་པར་བྱ་བ་ལ། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ལ་ཡང་ཚན་གསུམ་སྒྲུབ་ངག་ལྟར་ངེས་སྲོལ་ཡོད་ལ། རྣམ་པ་ནི་རྟགས་སྦྱོར་གྱི་ཚུལ་གསུམ་དང་འདྲ་བ་ཡིན། གལ་ཏེ་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་དེ་ཚན་གསུམ་སྒྲུབ་ངག་གི༼AAA༽རྣམ་པ་ཅན་དང་འདྲ་བར་མཐོང་ན། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ནི༼EAA༽གྱི་རྣམ་པར་སྣང་ལ། འོན་ཀྱང་ཚན་གསུམ་སྒྲུབ་ངག་གི་རྣམ་པ་བཅུ་དྲུག་གི་ཁྲོད་དུ༼EAA༽ཅན་གྱི་རྣམ་པ་ཞིག་མི་འདུག་མོད། ཡིན་ནའང་ང་ཚོས“གཞི་གནས་བརྗེ་བསྒྱུར”༼换质、换位༽སོགས་བྱས་ན༼EAA༽ཅན་གྱི་རྣམ་པ་དེ༼AAA༽རྣམ་པ་ཅན་དུ་འགྱུར་ཏེ། དཔེར་ན། གང་མི་རྟག་པ་མ་ཡིན་ན་བྱས་པ་མ་ཡིན་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། སྒྲ་ཡང་བྱས། ལྟ་བུ།
སྒྲུབ་ངག་གི“གང་མི་རྟག་པ་མ་ཡིན་ན་བྱས་པ་མ་ཡིན་པས་ཁྱབ”ཅེས་པ་དེ་ནི“གང་བྱས་ན་མི་རྟག་པས་ཁྱབ”ཅེས་པའི་རྗེས་ཁྱབ་ལས་ཐད་ཀར་རྗེས་སུ་དཔག་པ་ཞིག་ཡིན། ཡང་ན“གང་བྱས་ན་མི་རྟག་པས་ཁྱབ”ཅེས་པའི་དོན་རྟོག་དེ་གཞི་བརྗེ༼换质༽དང་ཕྱིས་སུ་གནས་བརྗེ༼换位༽བྱས་ནས་ཐོབ་པའི་མཇུག་སྡུད་ཅིག་ཡིན། དེའི་བརྗེ་བསྒྱུར་གྱི་རྣམ་པ་ནི༼SAP→ PES༽འདི་ལྟར་ཡིན། གལ་ཏེ་ང་ཚོས་ད་དུང་མུ་མཐུད་ནས“གང་མི་རྟག་པ་མ་ཡིན་ན་བྱས་པ་མ་ཡིན་པས་ཁྱབ”ཅེས་པ་དེ་གཞི་བརྗེ་གནས་བརྗེ༼换质位༽བྱས་ན“གང་བྱས་ན་མི་རྟག་པས་ཁྱབ”ཅེས་པའི་དོན་རྟོག་དེ་འགྲུབ་བོ།།
ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གི་དང་པོ་ཁྱབ་པ་བརྗོད་པའི་ཡན་ལག་ནི་དགག་པའི་དོན་རྟོག་ཅིག་ཡིན་ལ། ཕྱོགས་ཆོས་བརྗོད་པའི་ཡན་ལག་ནི་སྒྲུབ་པའི་དོན་རྟོག་ཅིག་ཡིན་པ་མ་ཟད། མཇུག་སྡུད་ཀྱང་སྒྲུབ་པའི་དོན་རྟོག་ཅིག་ཡིན། འོན་ཀྱང་ཚན་གསུམ་སྒྲུབ་ངག་གི་ངེས་སྲོལ་ལས“གལ་ཏེ་སྒྲུབ་བྱེད་ལས་གང་རུང་ཞིག་དགག་ཚིག་སྦྱར་བ་ཅིག་ཡིན་ན། དེའི་སྡོམ་ཚིག་ཀྱང་དགག་ཚིག་སྦྱར་བ་ཅིག་ཡིན། གལ་ཏེ་སྡོམ་ཚིག་ཀྱང་དགག་ཚིག་སྦྱར་བ་ཞིག་ཡིན་ན། དེའི་སྒྲུབ་བྱེད་ལས་གང་རུང་ཞིག་ཀྱང་དགག་ཚིག་སྦྱར་བ་ཞིག་ཡིན་དགོས”[28] ཞེས་བཀོད་པས། ཚད་མ་རིག་པའི་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་གི་ངེས་སྲོལ་འདི་ནི་ཕྱི་ཚུལ་གཏན་ཚིགས་རིག་པའི་ཚན་གསུམ་སྒྲུབ་ངག་ལ་མེད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད། གལ་ཏེ་ང་ཚོས“གང་མི་རྟག་པ་མ་ཡིན་ན་བྱས་པ་མ་ཡིན་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། སྒྲ་ཡང་བྱས”ཞེས་ལྟ་བུའི་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་དེ་ཚན་གསུམ་སྒྲུབ་ངག་གི་རྣམ་པ་ལྟར་བཀོད་ན། འདི་ལྟ་སྟེ། གང་མི་རྟག་པ་མ་ཡིན་ན་བྱས་པ་མ་ཡིན་པས་ཁྱབ། དཔེར་ན་ནམ་མཁའ་བཞིན།༼སྒྲུབ་བྱེད་ཆེ་བ༽སྒྲ་བྱས་པ་ཡིན། ༼སྒྲུབ་བྱེད་ཆུང་བ༽ དེའི་ཕྱིར་སྒྲ་མི་རྟག ༼མཇུག་སྡུད༽ འདིའི་སྐབས་ཀྱི་དཔེ་ནམ་མཁའི་བྱེད་ལས་ནི“གང་མི་རྟག་པ་མ་ཡིན་ན་བྱས་པ་མ་ཡིན་པས་ཁྱབ”ཅེས་པའི་ལྡོག་ཁྱབ་སྒྲུབ་པར་བྱེད་པ་ཡིན། གལ་ཏེ་དཔེ་ནམ་མཁའ་རྩོད་གཞིར་བཟུང་ནས་ཚན་གསུམ་སྒྲུབ་ངག་གི་གྲས་སུ་བཞག་ན། སྦྱོར་བ་དེ་ནི“གང་མི་རྟག་པ་མ་ཡིན་ན་བྱས་པ་མ་ཡིན་པས་ཁྱབ”ཅེས་པ་དང“ནམ་མཁའ་ཡང་བྱས་པ་མ་ཡིན”ཞེས་པར་འགྱུར་བས། སྦྱོར་བ་དེས་ནམ་མཁའ་མི་རྟག་པ་མ་ཡིན་པར་སྒྲུབ་པ་ལས་སྒྲ་མི་རྟག་པར་སྒྲུབ་མི་ནུས། དེའི་ཕྱིར་ནམ་མཁའི་བྱེད་ལས་ནིཕྱི་ཚུལ་གཏན་ཚིགས་རིག་པར་“གང་མི་རྟག་པ་མ་ཡིན་ན་བྱས་པ་མ་ཡིན་པས་ཁྱབ”ཅེས་པ་ཕྱོགས་བསྡུས་རྗེས་དཔག་ལ་བརྟེན་ནས་སྒྲུབ་པ་ཡིན། རྗེས་དཔག་གི་རྣམ་པ་ནི་བྱེ་བྲག་གི་ཆོས་གཅིག་ལ་བརྟེན་ནས་སྤྱི་ལ་ཁྱབ་པའི་ཆོས་ཉིད་ཅིག་གཏན་ལ་ཕབ་པས་ན་སྦྱོར་བ་དེའི་མཇུག་སྡུད་ནི་ཡང་དག་ཐོབ་ངེས་པ་ཅིག་མ་ཡིན། འོན་ཀྱང་ཚད་མ་རིག་པ་ལྟར་ན། དཔེ་ཆོས་ཅན་གྱི་བྱེད་ལས་ནི་གྲུབ་མཐའ་མི་མཐུན་པ་རྩོད་པའི་སྐབས་དང་རང་གི་གདུལ་བྱ་རྗེས་སུ་འཛིན་པའི་སྐབས་སུ་འགོད་དེ་སྒྲུབ་པ་ལས། སྒྲུབ་ངག་ཡིན་ན་དཔེ་བཀོད་པས་མ་ཁྱབ་པའི་ཕྱིར། བཀོད་པའི་དཔེ་དེ་ཡང་ཕྱི་ཚུལ་གཏན་ཚིགས་རིག་པ་ལྟར་ཕྱོགས་བསྡུས་ཀྱི་རིགས་པས་དཔག་པ་ནི་མ་ཡིན་པར་དཔེ་ཆོས་ཅན་གྱི་སྟེང་དུ་ངེས་ཟིན་པའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཁྱབ་པའི་འབྲེལ་བ་ལ་དྲན་གསོ་བྱེད་པ་ཡིན་པས་དེ་གཉིས་ནི་འདྲ་བ་མ་ཡིན་ནོ། །
གསུམ་པ། ཆོས་མཐུན་སྦྱོར་དང་མི་མཐུན་སྦྱོར་གཉིས་ཁྱད་པར་བཤད་པ།
སྤྱིར་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་དང་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གཉིས་ལ། བསྒྲུབ་བྱ་སྒྲུབ་པའི་ཕྱིའི་རྣམ་པར་ཁྱད་པར་ཅུང་ཟད་ཡོད་ན་ཡང་། དེ་སྒྲུབ་ཀྱི་བསྒྲུབ་བྱ་ལ་ཁྱད་པར་ཅི་ཡང་མེད་དེ། དཔེར་ན། སྒྲ་མི་རྟག་པར་སྒྲུབ་པ་ལ། ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་གིས་རྟགས་བྱས་པ་དེ་བསྒྲུབ་བྱའི་ཆོས་མི་རྟག་པའི་སྤྱིའི་མཐུན་ཕྱོགས་ལ་ཡོད་པ་ཁོ་ན་དངོས་སུ་སྟོན་པའི་ལམ་ནས་བསྒྲུབ་བྱ་སྒྲ་མི་རྟག་པར་སྒྲུབ་པ་ཡིན་ལ། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གིས་རྟགས་བྱས་པ་དེ་སྒྲ་མི་རྟག་པའི་མི་མཐུན་ཕྱོགས་མི་རྟག་པ་མ་ཡིན་པ་ལ་མེད་པ་ཁོ་ན་དངོས་སུ་སྟོན་པའི་ལམ་ནས་རང་གི་བསྒྲུབ་བྱ་སྒྲ་མི་རྟག་པར་སྒྲུབ་པ་ཡིན་པའི་ཕྱིར། དེ་བས་རང་གི་བསྒྲུབ་བྱ་སྒྲ་མི་རྟག་པར་སྒྲུབ་པ་ལ་རྗེས་ཁྱབ་དང་ལྡོག་ཁྱབ་གང་གི་ལམ་ནས་བསྒྲུབ་ཀྱང་དམ་བཅའ་འམ་མཇུག་སྡུད་ལ་འདར་པ་སྤུ་ཙམ་ཡང་མེད་པས། དོན་གྱིས་རྗེས་ལྡོག་གི་ཁྱབ་པ་འདི་ལ་གཞིགས་ན། ཆོས་མཐུན་པའི་སྒྲུབ་ངག་གིས་ཀྱང་སྦྱོར་བ་ཆོས་མི་མཐུན་པ་ཉིད་རྟོགས་པ་ཡིན་ལ། གལ་ཏེ་དེ་ལྟར་མེད་ན་བསྒྲུབ་པར་བྱ་བ་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་མེད་པའི་ཕྱིར། དེ་བཞིན་དུ་ཆོས་མི་མཐུན་པ་སྦྱོར་གྱི་སྒྲུང་ངག་གིས་ཀྱང་རྗེས་སུ་འགྲོ་བ་རྟོགས་ཏེ། དེ་ལྟར་མེད་ན་ནི་བསྒྲུབ་པར་བྱ་བ་མེད་ན་གཏན་ཚིགས་མེད་པར་མི་འགྲུབ་པའི་ཕྱིར། དེ་ཡང《རྣམ་འགྲེལ》ལས། “དེ་ཉིད་ཀྱི་ཕྱིར་འབྲེལ་ཤེས་ན། །གཉིས་ལས་གང་ཡང་རུང་སྨྲས་པས། །དོན་གྱིས་གོ་བས་ཅིག་ཤོས་ལ། །དྲན་པ་ཡང་དག་སྐྱེ་བར་འགྱུར། །”[29]ཞེས་གསུངས་པའི་ཕྱིར། དེས་ན་སློབ་ཆོས་གྲགས་ཀྱིས་རྗེས་ཁྱབ་གྲུབ་ན་ལྡོག་ཁྱབ་གྲུབ་པས་ཁྱབ་ལ། ལྡོག་ཁྱབ་གྲུབ་ན་རྗེས་ཁྱབ་གྲུབ་པས་ཁྱབ་པ་ཁས་ལེན་ནོ། །ཡིན་ནའང་ང་ཚོས་རྒོལ་བ་དབང་རྟུལ་གྱི་རྒྱུད་ལ་ལྡན་པའི་སྒྲ་རྟག་འཛིན་གྱི་བློ་ལྡོག་སྟེ་སྒྲ་མི་རྟག་པར་ངེས་པ་རྙེད་པ་ལ། ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་དང་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གཉིས་རྒྱུ་འབྲས་ཀྱི་འབྲེལ་བ་ལྟ་བུར་སྣང་སྟེ། དཔེར་ན། སྒྲ་རྟག་པར་འཛིན་པའི་རྒོལ་བའི་ངོར་དང་པོ“སྒྲ་ཆོས་ཅན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར།”ཞེས་པའི་ཐལ་འགྱུར་འགོད་ལ། དེ་ལྟ་བུའི་ཐལ་འགྱུར་ལ་བརྟེན་ནས་ཕྱི་རྒོལ་གྱི་རྒྱུད་ལ་སྒྲ་རྟག་གམ་མི་རྟག་ཕལ་ཆེར་རྟག་ལས་ཆེ་སྙམ་པའི་དོན་མི་འགྱུར་གྱི་ཐེ་ཚོམ་སྐྱེ་གཤིས། དོན་མི་འགྱུར་གྱི་ཐེ་ཚོམ་ལྡོག་པ་ལ་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་འགོད་དགོས་ཏེ། དཔེར་ན། “གང་རྟག་པ་ཡིན་ན་བྱས་པ་མ་ཡིན་པས་ཁྱབ། དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་བཞིན། སྒྲ་བྱས་སོ། །”ལྟ་བུ། འདི་ལྟ་བུའི་སྒྲུབ་ངག་བཀོད་པས་ཕྱི་རྒོལ་གྱི་རྒྱུད་ལ་སྒྲ་རྟག་གམ་མི་རྟག་ཇི་འདྲ་ཞིག་སྙམ་པའི་ཆ་མཉམ་གྱི་ཐེ་ཚོམ་ཞིག་ངང་གིས་སྐྱེ་ལ། ཐེ་ཚོམ་དེ་ལྡོག་པའི་ཕྱིར་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་འགོད་དགོས་ཏེ། དཔེར་ན། “གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ནི་བྱས།“ཞེས་པ་ལྟ་བུ། དེ་ལྟ་བུའི་སྒྲུབ་ངག་བཀོད་པ་ལ་བརྟེན་ནས་ཕྱི་རྒོལ་གྱི་རྒྱུད་ལ་སྒྲ་རྟག་གམ་མི་རྟག་ཕལ་ཆེར་མི་རྟག་ལས་ཆེ་སྙམ་པའི་དོན་འགྱུར་གྱི་ཐེ་ཚོམ་སྐྱེས་ལ། དེ་ལྟ་བུའི་ཐེ་ཚོམ་ལྡོག་པ་ལ“སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར།”ཞེས་པའི་རྟགས་སྦྱོར་བཀོད་པ་ལ་བརྟེན་ནས་བསྒྲུབ་བྱ་སྒྲ་མི་རྟག་པ་དངོས་སུ་རྟོགས་དགོས་སོ། །དེ་བས་བདག་གི་བསམ་པར་རྒོལ་བ་དབང་རྟུལ་ཞིག་ལ་སྒྲུབ་ངག་འགོད་པའི་སྐབས་སུ་དང་པོ་དོན་མི་འགྱུར་གྱི་ཐེ་ཚོམ་ལྡོག་བྱེད་ཀྱི་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་འགོད་དགོས་ལ། ཕྱིས་སུ་བསྒྲུབ་བྱ་དེ་ལ་ཆ་མཉམ་པའི་ཐེ་ཚོམ་ལྡོག་བྱེད་ཀྱི་ཆོས་མཐུན་གྱི་སྒྲུང་ངག་འགོད་དགོས་པས། རྒོལ་བ་དབང་རྟུལ་གྱི་ལམ་ནས་བཤད་ན་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་དེ་ཆོས་མཐུན་སྦྱོར་གྱི་དངོས་རྒྱུ་ལྟ་བུར་གྱུར་ཡོད་ལ། ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་དེ་འབྲས་བུ་ལྟ་བུར་སྣང་བས། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་དང་ཆོས་མཐུན་སྦྱོར་སྒྲུབ་ངག་གཉིས་རྒྱུ་འབྲས་ཀྱི་འབྲེལ་བ་ལྟ་བུར་གྲུབ་བོ། །ཡང་རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་ཀྱི་བྱེད་ནུས་ཐད་ནས་བཤད་ན་ཡང་། རྗེས་འགྲོ་ངེས་པས་སྒྲུབ་བྱེད་རྟགས་དང་འགལ་བ་དང་། དེའི་ཕྱོགས་མཐུན་པ་མཐའ་དག་སེལ་བ་དང་། ལྡོག་པ་ངེས་པས་མ་ངེས་པ་དང་དེའི་ཕྱོགས་དང་མཐུན་པ་ལྷག་ལྡན་སོགས་སེལ་ཏེ། 《རྣམ་འགྲེལ་རང་འགྲེལ》ལས། “དེ་ལ་རྗེས་སུ་འགྲོ་བ་ངེས་པ་ནི་འགལ་བ་དང་དེའི་ཕྱོགས་དང་མཐུན་པ་རྣམས་བསལ་ལོ། །ལྡོག་པས་ནི་མ་ངེས་པ་དང་དེའི་ཕྱོགས་དང་མཐུན་པ་ལྷག་མ་ལྡན་པ་སོགས་པའོ། །”[30]ཞེས་གསུངས་སོ། །དེས་ན་སློབ་དཔོན་ཆོས་གྲགས་ཀྱི་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་དང་ཆོས་མི་མཐུན་པའི་སྒྲུབ་ངག་གཉིས་ཀྱི་དཔེའི་བྱེད་ལས་འདྲ་ན་ཡང་ཕྱི་རྒོལ་གྱི་རྒྱུད་ལ་བསྒྲུབ་བྱ་སྒྲུབ་པའི་རྗེས་དཔག་གི་རིགས་པའི་ཆ་ནས་དཔྱད་ན་ཁྱད་པར་ཅུང་ཟད་ཡོད་དོ། །
མཆན་འགྲེལ།
[1] 《ཚད་མ་རིགས་རྒྱན》རྗེ་དགེ་འདུན་གྲུབ་ཀྱིས་མཛད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་༡༩༩༦ལོར་པར་དུ་བསྐྲུན། ཤ ༢༩༩
[2] 《རྒྱ་གཞུང་རྩ་འགྲེལ་པོད་དང་པོ》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ་བ༣ པར་པར་དུ་བསྐྲུན། ཤ ༥༠༦
[3] 《རྒྱ་གཞུང་རྩ་འགྲེལ་པོད་དང་པོ》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ་བ༣ པར་པར་དུ་བསྐྲུན། ཤ ༢༡༤
[4] 《རྒྱ་གཞུང་རྩ་འགྲེལ་པོད་གཉིས་པ》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ་བ༣ པར་པར་དུ་བསྐྲུན། ཤ ༥༤
[5] 《རྒྱ་གཞུང་རྩ་འགྲེལ་པོད་གཉིས་པ》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ་བ༣ པར་པར་དུ་བསྐྲུན། ཤ ༡༨༩
[6] 《རྒྱ་གཞུང་རྩ་འགྲེལ་པོད་དང་པོ》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ་བ༣ པར་པར་དུ་བསྐྲུན། ཤ ༢༡༥
[7] 《རྒྱ་གཞུང་རྩ་འགྲེལ་པོད་གཉིས་པ》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ་བ༣ པར་པར་དུ་བསྐྲུན། ཤ ༡༢༤
[8] 《རྒྱ་གཞུང་རྩ་འགྲེལ་པོད་དང་པོ》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ་བ༣ པར་པར་དུ་བསྐྲུན། ཤ ༦༡༣
[9] 《རྒྱ་གཞུང་རྩ་འགྲེལ་པོད་དང་པོ》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ་བ༣ པར་པར་དུ་བསྐྲུན། ཤ ༥༠༧
[10] 《རྒྱ་གཞུང་རྩ་འགྲེལ་པོད་དང་པོ》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ་བ༣ པར་པར་དུ་བསྐྲུན། ཤ ༥༡༠
[11] 《རྒྱ་གཞུང་རྩ་འགྲེལ་པོད་དང་པོ》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ་བ༣ པར་པར་དུ་བསྐྲུན། ཤ ༢༡༥
[12] 《རྒྱ་གཞུང་རྩ་འགྲེལ་པོད་དང་པོ》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ་བ༣ པར་པར་དུ་བསྐྲུན། ཤ ༣༡༧
[13] 《རྒྱ་གཞུང་རྩ་འགྲེལ་པོད་དང་པོ》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ་བ༣ པར་པར་དུ་བསྐྲུན། ཤ ༥༡༧
[14] 《ཚད་མ་རིགས་ཐིགས་ཀྱི་འགྲེལ་བ་ལེགས་བཤད་སྙིང་བོའི་གཏེར》རྒྱལ་ཚབ་རྗེས་མཛད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༡༩༩༤ལོར་པར་དུ་བསྐྲུན། ཤ ༩༨
[15] 《ཚད་མ་རྣམ་འགྲེལ་གྱི་གཞུང་གསལ་པོར་བཤད་པ་ལེགས་བཤད་སྣང་བའི་གཏེར》འཇུ་མི་ཕམ་གྱིས་མཛད། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤ ༡༩
[16] 《ཚད་མ་རིགས་ཐིགས་ཀྱི་འགྲེལ་བ་ལེགས་བཤད་སྙིང་བོའི་གཏེར》རྒྱལ་ཚབ་རྗེས་མཛད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༡༩༩༤ལོར་པར་དུ་བསྐྲུན། ཤ ༩༨
[17] 《ཚད་མ་རིགས་ཐིགས་ཀྱི་འགྲེལ་བ་ལེགས་བཤད་སྙིང་བོའི་གཏེར》རྒྱལ་ཚབ་རྗེས་མཛད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༡༩༩༤ལོར་པར་དུ་བསྐྲུན། ཤ ༥༨
[18] 《རྒྱ་གཞུང་རྩ་འགྲེལ་པོད་དང་པོ》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ་བ༣པར་པར་དུ་བསྐྲུན། ཤ ༣༡༦
[19] 《རྒྱ་གཞུང་རྩ་འགྲེལ་པོད་དང་པོ》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ་བ༣པར་པར་དུ་བསྐྲུན། ཤ ༣༡༦
[20] 《རྒྱ་གཞུང་རྩ་འགྲེལ་པོད་དང་པོ》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ་བ༣པར་པར་དུ་བསྐྲུན། ཤ ༣༡༧
[21] 《ཚད་མ་སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ》མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༡༩༨༤ལོར་པར་དུ་བསྐྲུན། ཤ ༢༨༨
[22] 《ཚད་མ་རིགས་རྒྱན》རྗེ་དགེ་འདུན་གྲུབ་ཀྱིས་མཛད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་༡༩༩༦ལོར་པར་དུ་བསྐྲུན། ཤ ༢༩༩
[23] 《རྒྱ་གཞུང་རྩ་འགྲེལ་པོད་དང་པོ》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ་བ༣པར་པར་དུ་བསྐྲུན། ཤ ༥༠༦
[24] 《རྒྱ་གཞུང་རྩ་འགྲེལ་པོད་དང་པོ》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ་བ༣པར་པར་དུ་བསྐྲུན། ཤ ༢༠༡
[25] 《ཚད་མ་སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ》མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༡༩༨༤ལོར་པར་དུ་བསྐྲུན། ཤ ༢༦༤
[26] 《ཚད་མ་རིགས་ཐིགས་ཀྱི་འགྲེལ་བ་ལེགས་བཤད་སྙིང་བོའི་གཏེར》རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༡༩༩༤ལོར་པར་དུ་བསྐྲུན། ཤ ༥༨
[27]蔡贤浩 主编《形式逻辑》 华中师范大学出版社 1989年出版 第171
[28] 蔡贤浩 主编《形式逻辑》 华中师范大学出版社 1989年出版 第125
[29] 《རྒྱ་གཞུང་རྩ་འགྲེལ་པོད་དང་པོ》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ་བ༣ པར་པར་དུ་བསྐྲུན། ཤ ༢༡༥
[30] 《རྒྱ་གཞུང་རྩ་འགྲེལ་པོད་གཉིས་པ》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ་བ༣ པར་པར་དུ་བསྐྲུན། ཤ ༡༩༨

འབྲེལ་ཡོད་འོས་སྦྱོར།