ར་རྫི་ཁ་ཆེ།
རྩོམ་པ་པོ།:གངས་རྩེན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-04-10
ཀློག་གྲངས།:
དེ་ཡང་བགྲང་བྱ་བཅུ་རུ་བརྩེགས་པའི་ཡར་སྔོན་དུ་ང་རང་སློབ་འབྲིང་ལ་སློབ་གཉེར་བྱེད་སྐབས་ངས་ཐོག་དང་པོ་སློབ་གྲོགས་ར་རྫི་ཁ་ཆེ་ངོ་ཤེས་བྱུང་། ངེད་གཉིས་ནི་འཛིན་གྲྭ་གཅིག་གི་སློབ་གྲོགས་ཡིན་པ་མ་ཟད། རྐབ་སྟེགས་གཅིག་གི་ཐོག་ཏུ་བསྡད་པའི་འདུག་གྲོགས་ཀྱང་ཡིན་གཤིས། ང་ལ་མཚོན་ན་ཁོ་རང་ནི་ངའི་འབྲེལ་བ་ཆེ་ཤོས་སུ་གྱུར་བའི་གྲོགས་པོ་ཞིག་རྩིས་ཀྱང་མི་འགྲིག་མི་སྲིད།
ར་རྫི་ཁ་ཆེ་ངོ་གདོང་ཅུང་གནག་ཅིང་རྨ་ཤུལ་དོད་པའི་ཡ་ཁའི་ཐོག་ཏུ་ཁ་སྤུའང་ཐར་ཐོར་སྐྱེས་ཡོད། མགོ་ཐོག་གི་སྐྲ་ལོ་འཛིངས་ཤིང་ཟིང་ལ། སྐྲའི་ཉག་མ་བར་ནས་རྨ་ཤུལ་ཡང་མི་ཉུང་བ་མངོན་འདུག རྨ་ཤུལ་དེ་དག་ལས་ཁོ་བྱིས་དུས་ཀྱི་ལོ་རྒྱུས་མངོན་ལ། ཕར་བལྟས་ཚོད་ལ་བྱིས་པ་པྲ་ཚགས་ཅན་ཞིག་ཡིན་པ་བཤད་མི་དགོས། ཁོས་རྟག་ཏུ་གྱོན་པའི་ཚི་ལན་སེར་པོ་དེ་དྲེག་པས་བཏུམས་ཤིང་ཧ་ཅང་ཧྲལ་ཧྲུལ་དུ་གྱུར་འདུག མི་རྣམས་ཀྱིས་ཆེས་བག་ཆགས་ཆེ་ཤོས་ནི་ཞེ་སྡང་དགྲ་ལ་ལངས་ན། ལྕག་ཚན་རྟ་ལ་བཞུས་ཞེས་པ་ལྟར། ཁོ་ཁོང་ཁྲོ་ལངས་སྐབས། ཚི་ལེན་སྲུབས་རྒྱུད་ཀྱི་ཤིག་སྲོ་མ་དག་ལ་བུ་དཔའ་བོས་སོ་གྲལ་སྒྲིག་སྒྲིག སྟག་ངར་མས་ངར་སྐད་གྲགས་གྲགས་སྒོས། སོ་སུམ་ཅུ་དཔལ་ཐུལ་རྔམ་རྔམ་བྱས་ནས་དམིགས་མེད་དུ་བཟོ་བཞིན་པའི་ངང་ཚུལ་དེ་རེད། ད་དུང་ཁོའི་གཟུགས་བོངས་ཚད་དགེ་རྒན་ཚོ་དང་མཉམ་པས་ང་ཚོའི་འཛིན་གྲྭའི་ཕ་རྒན་དུ་འབོད་པའི་མི་གཅིག་པུ་དེ་རེད། ང་ཚོའི་འཛིན་གྲྭའི་གཙོ་འགན་དགེ་རྒན་གྱིས་ར་རྫི་ཁ་ཆེ་གཟུགས་བོངས་ཆེ་ཟེར་ནས་འཛིན་གྲྭའི་སྐྱོར་དཔོན་དུ་བསྐོས་པ་ནས་བཟུང་། ཁོ་རང་མི་གྲངས་ལྔ་བཅུར་ཉེ་བའི་འཛིན་གྲྭ་འདིའི་དབང་ཤུགས་ཆེ་ཤོས་ཏུ་གྱུར། ཁོས་ཀྱང་དགེ་རྒན་གྱིས་གནང་བའི་ལས་ཀ་དེའི་ཕྱོགས་ལ་འབད་པ་བྱས་པས་དགེ་རྒན་གྱིས་གཟེངས་བསྟོད་མི་ཉུང་བ་ཐོབ་མྱོང་། དོན་ངོ་མ་བཤད་ན་ཆོས་འཕེལ་གྱིས་ལས་ཀ་དེའི་ཕྱོགས་ལ་འབད་པ་བྱེད་དོན་དེ་དགེ་རྒན་གྱི་བཀའ་ལ་བརྩི་མཐོང་ཆེ་བ་ཁོ་ནས་མ་ཡིན་ཏེ་ཁོ་རང་ལའང་དམིགས་ཡུལ་གཞན་ཞིག་ཡོད།
ཁོས་རྟག་ཏུ་ང་སྨུག་པོ་གདོང་ཚང་མི་ལ་དཔའ་ཡོད་ཚུལ། གྲི་ལ་རྣོ་ཡོད་ཚུལ། རིགས་རྒྱུད་གླིང་ནས་མཆེད་ཚུལ། དཔའ་བོ་དང་བླ་མ་མང་ཚུལ་སོགས་དྲག་གཏམ་བཤད་ཞོར་དགེ་རྒན་གྱིས་གནང་བའི་བཙན་མིང་དེ་ཁུར་ནས་སློབ་མ་ཚོའི་གསེབ་ནས་འབྲོང་རྒོད་འགྲོ་འགྲོ་བྱས་པས། སློབ་གྲོགས་ཆུང་ཆུང་དེ་ཚོས་བཀུར་བ་མེད་ཀྱང་གཏམ་ཚིག་ཕ་བོང་འདྲ་བའི་ཞབས་སུ་མི་འདུག་ཀ་མེད་དུ་གྱུར། ཐབས་ཤེས་ཤིག་ཡོད་པ་ནི་སྐྱོར་དཔོན་ར་རྫི་ཁ་ཆེ་ལ་སློབ་གྲོགས་ཚོས་ནམ་རྒྱུན་ཟས་སྣུམ་ཅན་འདྲ་སྟེར་རྒྱུ་བྱུང་ན་ད་གཟོད་ཁོའི་ཞལ་ལ་འཛུམ་མདངས་ཤར་བཞིན་ཧ་ཧ་ཧོ་ཧོ་ཟེར་ཞོར་བྱ་བ་གཏོར་བརླག་ཅི་ཞིག་བྱས་ཀྱང་སྐྱོན་མེད་དུ་བཏང་།
ལོ་ངོ་གཅིག་གི་སློབ་འབྲིང་འཚོ་བ་མཇུག་རྫོགས་ལ་ཉེའང་སྐྱོར་དཔོན་གྱིས་དགེ་རྒན་གྱིས་བཅོལ་བའི་ལས་ཀ་ལྕི་བས་ལན་ནམ། ཡང་ན་སློབ་མ་སོ་སོ་ནས་བཤུ་གཞོག་བྱས་པའི་ཟས་སྣུམ་ཟིན་དེ་ཚོ་ཟོས་ནས་དུས་ཚོད་ཁོམ་པ་མེད་ཡིན། གང་ལྟར་ཁོས་ད་དུང་དབྱངས་གསལ་སོ་བཞི་བྱང་ཆ་མི་ཐོན་པའི་སྐད་ཆ་ཞིག་སློབ་གྲྭའི་ར་སྐོར་ནང་དུ་སྟོན་ལོ་བཞིན་དུ་སྤུར།
ཉིན་གསུམ་གྱི་སློབ་མཐའི་རྒྱུགས་ལེན་གྱི་ཐོབ་སྐར་སློབ་གྲོགས་ཚོའི་ལག་ཏུ་འབྱོར་ནས་དགའ་སྤྲོ་ངང་ཕ་ཡུལ་ལ་ལོག་གྲབས་བྱས། འོན་ཀྱང་། སློབ་གྲོགས་ར་རྫི་ཁ་ཆེ་རྒྱུགས་ལེན་ཐོབ་སྐར་དམའ་བས་སློབ་རིམ་འཕར་མ་ཐུབ་པའི་བརྡ་ཐོ་ལག་ཏུ་ཐོན་རྗེས། ཁོང་ཁྲོ་ཚད་མེད་ལངས་ཏེ་ཚི་ལན་ནང་སྲུབས་ཀྱི་ཤིག་སྲོ་མ་དག་སོ་གྲལ་སྒྲིག་ཏེ་དྲག་གནོན་དང་འཐབ་འཛིང་རྒྱ་ཆེན་བྱས་མཐར། ང་སྤྲང་པོ་ཚང་ལ་རྒྱུ་འབྱོར་བ་མེད་ཚུལ། ཐབས་དཔུང་རོགས་ཉུང་ཚུལ་སོགས་ཡིད་ཀྱི་སྐྱོ་སྡུག་དག་རང་གི་སློབ་གྲོགས་དང་དགེ་རྒན་རྣམས་ལ་བཤད་ཀྱང་སུས་ཀྱང་དེར་སྙིང་རྗེ་དང་ཤ་ཚ་སྟེར་བ་ཕར་ཞོག ཐ་ན་ཁོའི་སྣང་ཚུལ་དེ་མཐོང་སྐབས་སུ་ལའང་སྐྱུག་བྲོ་བའི་སྣང་བ་རེ་སྟེར།
ངོ་མ་ཆོས་འཕེལ་ནི་མི་ལས་ངན་ཞིག་རེད། ཁོ་རང་ཆུང་དུས་ནས་ཕ་རྒན་འཇིག་རྟེན་གཞན་དུ་འཁྱམས། ཤུལ་དུ་ཁོང་མ་སྨད་གཉིས་ལུས། ཁོའི་ཨ་མས་ནམ་རྒྱུན་ཁོ་རང་ཨམ་ཕྲག་ཏུ་བཅུག་ནས་སྡེ་བ་གཞན་ལ་ཟས་སློང་དུ་འགྲོ་གྱིན་ཡོད། བསླངས་ཟས་དེ་ནི་ཁོང་མ་སྨད་ཀྱི་སྐྱིད་སྡུག་གི་འཚོ་བའི་གཞི་མ་གྱུར་ཡོད། དེའི་ཕྱིར། སྡེ་བ་གཅིག་པའི་མི་རྣམས་ཀྱིས་ཁོང་མ་སྨད་གཉིས་སྙིང་རྗེའི་གནས་སུ་གྱུར་ཡོད།
སྡེ་དཔོན་གྱིས་དང་ཐོག་ར་རྫི་ཁ་ཆེ་མ་སྨད་གཉིས་རུ་ནང་ལྟ་རྟོག་མི་སྣའི་གྲས་སུ་བཞག་ནས་རིམ་གྱིས་ར་རྗི་ཁ་ཆེ་ཡུལ་ཚོའི་བཅའ་སྡོད་སློབ་ཆུང་ལ་སློབ་གྲྭར་བཏང་། ཁོ་རང་རིག་གནས་སློབ་པའི་སྐལ་བ་ཐོབ་པ་དེ་དགའ་འོས་པའི་འཕྲིན་བཟང་ཞིག་རེད།
དགེ་རྒན་གྱིས་སློབ་གྲོགས་ཚོར་ཀ་ཁའི་འབྲི་ཀློག་ཐོག་མར་ཁྲིད་སྐབས་ར་རྫི་ཁ་ཆེ་གཅིག་པུས་གསལ་བྱེད་སུམ་ཅུ་བློ་འདོན་བྱང་བས་དགེ་རྒན་གྱིས་གཟུགས་བོངས་ཆེ་ཡང་དོན་གོ་འདུག་ཅེས་བསྟོད་བསྔགས་བྱེད་མྱོང་། འོན་ཀྱང་། ཨ་གསར་གྱི་གླང་བུར་ཡོན་ཏན་གྱི་ཆུ་མི་ཆགས་ཟེར་བ་ལྟར། བརྩོན་འགྲུས་ཀྱི་རྟ་ཕོ་གཏན་ནས་མཐར་སྐྲོད་བཏང་བའི་ར་རྗི་ཁ་ཆེ་སློབ་གྲྭར་ཞུགས་ནས་ལོ་ངོ་བཞི་ལྔ་འགོར་ཡང་ད་དུང་བྱང་ཆ་དོད་པའི་གསལ་བྱེད་སུམ་ཅུ་དེ་ཀློག་འདོན་ཙམ་མ་གཏོགས། ཚིག་གྲུབ་སྟབས་བདེ་ཞིག་ཀྱང་བཟོ་མི་ཤེས་པས། དགེ་རྒན་གྱི་མགོ་བོ་ན་བའི་ནད་དུ་གྱུར། མཐར་བྱ་ཐབས་མ་རྙེད་པར་ར་རྫི་ཁ་ཆེའི་ལོ་གྲངས་དེ་སློབ་ཆུང་སློབ་མའི་ལོ་གྲངས་ལས་ཚད་དུ་བརྒལ་ལོ་ཞེས་སློབ་འབྲིང་དུ་བཙན་གྱིས་བརྫངས།
གནས་ཚུལ་དེ་ར་རྫི་ཁ་ཆེ་རང་ཐོག་ནས་ལབ་ན། མི་ཚེའི་ཐོག་ཐེངས་དང་པོའི་རྒྱལ་ཁ་ཡིན་ལ། ཕམ་ཁ་ཞིག་ཀྱང་ལོས་ཡིན། ལོ་ངོ་གསུམ་གྱི་སློབ་འབྲིང་གི་འཚོ་བ་མཇུག་རྫོགས་ཏེ། དགེ་སློབ་ཕན་ཚུན་བར་གྱེས་བྲལ་གྱི་མིག་ཆུ་དྲན་རྟེན་དུ་བསྐྱུར་ནས། ཁ་གཡང་དང་སྨོན་ཚིག་གི་མགྲིན་དབྱངས་ཁྲོད་སླར་མཇལ་གྱི་ལག་བརྡ་རིང་མོ་ཕྱོགས་སུ་གཡུགས་བཞིན་གྱེས་སྐབས། སློབ་གྲོགས་ར་རྫི་ཁ་ཆེ་ད་དུང་དམའ་རིམ་དང་པོ་ཚང་གི་སྐྱོར་དཔོན་གྱི་འགན་བཞེས་ནས། ང་སྨུག་པོ་གདོང་ཚང་མི་ལ་དཔའ་ཡོད་ཚུལ། གྲི་ལ་རྣོ་ཡོད་ཚུལ་སོགས་དྲག་གཏམ་རྦབ་རྡོ་འདྲ་དྲངས་ཞོར་སློབ་གྲོགས་ཚོའི་གསེབ་ནས་ངར་ངར་རྒོད་རྒོད་བྱེད་པས། གསར་ཞུགས་སློབ་བུ་དེ་དག་སྐྲག་སྣང་ལངས་ཀྱང་ཁག་ཅི་ཞིག་ཡོད།
དེ་ལྟར་ལོ་གྲངས་མང་པོར་དགེ་རྒན་གྱིས་བཅོལ་བའི་ལས་ཀར་ངལ་མེད་བརྩོན་པའི་སློབ་གྲོགས་ར་རྫི་ཁ་ཆེ་ལག་མི་གཙང་བའི་སྐད་ཆ་ཞིག་སློབ་གྲྭའི་ར་སྐོར་ནང་དུ་བྱུང་ཞིང་། མཐར་དགེ་རྒན་དངསློབ་གྲྭའི་མགོ་གཙོས་གོ་སྐབས་དེ་དང་བསྟུན་ཁོ་རང་གཞི་ནས་སློབ་གྲྭ་ལས་མཐར་སྐྲད་བཏང་།
ཕོ་ལོ་ཉི་ཤུ་ལྷག་ཙམ་ལོན་པའི་ར་རྫི་ཁ་ཆེ་རིག་གནས་ཀྱི་རྒྱལ་ཁ་མ་ཐོབ་པར་ཕྱིར་ཕ་ཡུལ་དུ་མི་ལོག་དཀའ་མེད་དུ་གྱུར། ཁོ་ཡུལ་དུ་ལོག་རྗེས་འབྲོག་ལས་སྣེ་གཅིག་ཀྱང་མི་ཤེས་པས། ཡུལ་མི་རྣམས་ཀྱིས་ཨ་ནེ་ཆོས་དཔལ་ཚང་གི“ལས་བྱེད་ངལ་གསོ་བ”ཞེས་ཟུར་ཟ་བྱེད་ཀྱི་ཡོད། ཕ་མའི་སེམས་ནི་འབྲི་མར་སེར་པོ་ཟེར་བ་ལྟར། ཨ་ནེ་ཆོས་དཔལ་གྱིས་རང་གི་བུའི་དོན་དུ་བསམ་བློ་བཏང་བ་མང་དྲག་པས་མགོའི་སྐྲ་ལོའང་དཀར་པོར་གྱུར། ཐོག་མར་ཨ་ནེ་ཆོས་དཔལ་གྱིས་ཁྱིམ་མཚེས་ཚང་གི་བུ་མོ་གསལ་སྒྲོན་དང་མཉམ་དུ་གཉེན་སྒྲིག་གི་གསང་ཐག་བཅད་ཀྱང་། ཉིན་ཞིག་ར་རྫི་ཁ་ཆེ་གྲོང་བརྡལ་དུ་འབྲུ་རིགས་ལེན་དུ་སོང་སྐབས་དགོན་པའི་སྤྲུལ་སྐུ་རིག་འཛིན་ཆོས་དབྱིངས་རྡོ་རྗེའི་སྐུ་མདུན་ནས་སྐྲ་ཕུད་ཕུལ་ཏེ་རབ་བྱུང་བྱས་ནས་ཕྱིར་རང་དུ་ཁྱིམ་ལོག ཨ་ནེ་ཆོས་དཔལ་གྱིས་རང་གི་བུ་རབ་བྱུང་བྱས་པར་མཐོང་སྐབས་གཉེན་སྒྲིག་གསང་ཐག་བཅད་པའི་བྱ་བ་དེ་འབྲས་མེད་དུ་གྱུར་ཀྱང་རབ་བྱུང་ལེགས་ལམ་དུ་སོང་ན་ཅི་མ་རུང་སྙམ་ནས་ཁ་རོག་བསྡད།
དེ་ནས་བཟུང་དམར་གོས་ངུར་སྨྲིག་གིས་རྒྱན་པའི་ར་རྫི་ཁ་ཆེ་དགོན་པ་རུ་ཞུགས། དགོན་པའི་སྒྲིག་གཞི་ལྟར་དང་ཐོག་སྔགས་པ་གྲྭ་ཚང་ལ་བློ་འདོན་གཉེར། གྲྭ་ཚང་གི་དགེ་རྒན་གྱིས་དགེ་ཕྲུག་དག་ལ་དགའ་ལྡན་ལྷ་བརྒྱ་མ་ནས་རིམ་བཞིན་སྟོང་བཤགས་དང་སྤྱི་བཤགས། བླ་མ་མཆོད་པ་སོགས་བློ་ལ་ངེས་དགོས་པ་མ་ཟད། དབྱངས་ཀྱི་འགྲོས་དང་ཕྱག་རྒྱ་བཀོལ་སོགས་རིམ་བཞིན་ངེས་དགོས། ར་རྫི་ཁ་ཆེ་གཟའ་འཁོར་གཅིག་ཙམ་ནས་དགའ་ལྡན་ལྷ་བརྒྱ་མ་ཚང་མ་བློ་ལ་འདོན་ཤེས་པ་མ་ཟད་ཕྱག་རྒྱ་བཀོལ་སྟངས་ཀྱང་ལེགས་པར་རྟོགས་པས། གྲྭ་ཚང་གི་སྐྱོར་དཔོན་གྱིས་གཟེངས་བསྟོད་ཀྱི་མེ་ཏོག་ཕྱོགས་བཞིར་མཆོད་ལ།གྲྭ་ཕྲུག་གཞན་དག་གིས་ར་རྗི་ཁ་ཆེའི་འབད་བརྩོན་ལ་སློབ་སྦྱོང་དགོས་ཚུལ་མིག་དཔེར་བསྟན།
ར་རྫི་ཁ་ཆེ་གང་ལྟར་གཟེངས་བསྟོད་དང་ངོ་དགའ་ཡི་གནས་ཡུལ་མ་ཡིན་ཏེ། ཁོའི་བསམ་ཚུལ་ལ་དགོན་པའི་རིག་གནས་བསླབ་པར་དཀའ་ངལ་ཆེན་པོ་མེད་དེ། གཟའ་འཁོར་གཅིག་གི་འབད་བརྩོན་ཆུང་ཆུང་ལས་འདི་འདྲའི་གཟེངས་བསྟོད་ཐོབ་པས། མི་ཤེས་རྒྱུ་གང་ཡང་མི་འདུག་སྙམ་ཏེ། ང་རྒྱལ་གྱི་མགོ་བོ་འཕྲེད་དུ་གཡུག་བཞིན་དགོན་གསེབ་ཀྱི་ཁྱི་སྡོམ་དེ་ཚོ་བཞིན། ཉིན་གང་བོར་མགོ་གཡེང་གིས་ཉི་མ་འཆོར་ཐབས་བྱས། རིག་པ་བསླབ་པའི་དུས་ན་སྡུག་ཟེར་བ་ལྟར་རིག་གནས་བསླབ་པར་བརྩོན་པའི་རྒྱུན་གྱིས་ད་གཟོད་འབྲས་བུ་བཟང་པོ་ཐུབ་པ་ལས། ར་རྫི་ཁ་ཆེ་ལྟར་ཉིན་ཞག་ཁ་ཤས་ཀྱིས་མཁས་པའི་གོ་འཕང་དུ་ཇི་ལྟར་འགོད་ནུས་ཏེ་མི་ནུས་སོ། ལེ་ལེ་དང་གཏི་མུག་གིས་ཡོངས་སུ་བཏུམས་པའི་ར་རྫི་ཁ་ཆེ་དགའ་ལྡན་ལྷ་བརྒྱ་མའི་དབྱངས་རྟར་བཀྱོན་བཞིན་གྲྭ་ཆུང་དེ་དག་དང་ལྷན་དུ་ལོ་གྲངས་མང་པོ་འགོར། ར་རྫི་ཁ་ཆེ་ལ་ཉིན་རྒྱུན་དགེ་རྒན་གྱིས་བཀའ་བཀྱོན་ཐེབས་པ་ཡིན་ནམ། གྲྭ་ཆུང་དག་གིས་ཁ་འཚང་སྣ་འདྲུས་བྱས་པ་ཡིན། གང་ལྟར་ཁོའི་སེམས་སུ་གྲྭ་བ་དང་ཁོའི་བར་གྱི་ལས་དབང་དེ་ནམ་ཡང་འགལ་བ་ཛ་དྲག་ཅན་ཞིག་ཡིན་པར་སྙམ་ཏེ། གྲྭ་བའི་འཚོ་བའི་ཁྲོད་ཀྱི་ཁོ་རང་ནི་སྐྱ་ཆད་སྔོ་སྡུག་ཏུ་གྱུར་བའི་དགུན་དུས་ཀྱི་ཡུལ་ལྗོངས་ལྟར་སེམས་ཀྱི་ས་གཞི་ལ་ཡིད་ཆེས་ཀྱི་ལྗང་བུ་ཞིག་འཁྲུངས་མ་ཐོབ། དུས་མཚུངས་སུ་ར་རྫི་ཁ་ཆེ་ལུས་མི་གཙང་བའི་གཏམ་ཆ་ཞིག་དགོན་པའི་ལྕགས་རི་ཕྱི་ནང་ཡོངས་སུ་ཁྱབ་མཐར། དགེ་སྐོས་དང་བླ་མ་རིན་པོ་ཆེས་རྣ་བར་ཐོས་རྗེས། ཁོ་རང་དགོན་པ་ལས་ཕྱིར་ཕུད་བཏང་།
ར་རྫི་ཁ་ཆེ་ལུས་མི་གཙང་བའི་གཏམ་ཆ་དེ་ཁུངས་ལུང་གཏན་ནས་མེད་པ་ཞིག་མ་ཡིན་ཏེ། ཁོ་རང་རྟག་ཏུ་འཛིན་གྲྭའི་སྐྱོར་དཔོན་གྱིས་བཀའ་བཀྱོན་ཁ་ཟས་ལྟར་གྱུར་ཚེ། མ་ངན་བུ་མོ་གོ་དགའ་མ་གོ་ལ་ཡོད་དུས་གནས་དགའ་མ་ཟེར་བ་ལྟར། ཆོས་འཕེལ་སེམས་སུ་སེར་མོའི་འཚོ་བ་ལས་སྐྱ་མའི་འཚོ་བ་དགའ་བའི་སྣང་བ་སྐྱེས་ཏེ། གྲྭ་བ་ཕྱི་ལམ་འགྲོ་བའི་སྟ་གོན་བྱས།
ཆོས་ཚོགས་གྲོལ་རྗེས་ཀྱི་དབྱར་གཞུང་གི་ཉིན་ཞིག་ར་རྫི་ཁ་ཆེ་ཁྱིམ་དུ་ལོག ཁོའི་ཁྱིམ་ནས་ཐག་མི་རིང་ས་ན་ཆུ་མིག་ཁ་ཆུང་ཆུང་ཞིག་ཡོད་པ་དེ་ནི་ཁོ་ཚོའི་སྡེ་བའི་ཆུ་ལེན་ས་ཡིན། རྒྱུན་པར་ཆུ་ལེན་བུ་མོ་ཚོ་ཆུ་མིག་ཁ་རུ་སོང་ནས་ཆུ་ལེན་ཞོར། ཉིན་གཅིག་གི་བྱ་བའི་མཐོང་ཐོས་ཕན་ཚུན་བར་ལབ་གླེང་བྱེད་ཀྱི་ཡོད། ར་རྫི་ཁ་ཆེ་ཉིན་རྒྱུན་ཆུ་མིག་ཁ་རུ་བལྟས་ཏེ་སེམས་ལ་མི་དྲན་དགུ་སྣ་ཚོགས་བྱེད་ཀྱི་ཡོད། ཁོའི་དྲན་སྣང་དག་ཕྱོགས་གཅིག་ཏུ་བསྡུས་ན་ཐབས་གང་དྲག་གིས་གྲྭ་བ་ཕྱིར་ལོག་འགྲོ་རྒྱུ་དེ་རེད། ཉིན་ཞིག་ཁྱིམ་མཚེས་ཚང་གི་བུ་མོ་གསལ་སྒྲོན་ཁེར་རུ་ཆུ་ཟོ་ཁུར་ནས་ཆུ་མིག་ཁ་རུ་སོང་བར་རྗི་ཁ་ཆེས་མཐོང་བ་དང་ཆབས་ཅིག་འདོད་སེམས་ཀྱི་མེ་ལྕེ་དགུང་དུ་འཕྱོ་ཞིང་། ལན་ཆགས་ཀྱི་སེམས་སུ་འདྲེ་གདོན་སྣ་ཚོགས་ཞུགས་ཏེ། བསམ་ལོངས་དྲན་ལོངས་མེད་པར་རྒྱུགས་ཐེངས་གཅིག་གིས་བུ་མོ་གསལ་སྒྲོན་གྱི་གམ་དུ་རྒྱུགས་ནས་སྤྱང་ལྟོག་གིས་ལུག་ཁྱུ་མཐོང་བ་བཞིན། དུས་ཚོད་སྐད་ཅིག་ཙམ་གྱིས་བུ་མོ་གསལ་སྒྲོན་གྱི་ཡོད་ཚད་བཙན་བདག་བྱས། གནས་ཚུལ་དེ་ཁྱིམ་མཚེས་ཚང་གི་ཨ་མ་དོན་ཡོད་ཀྱིས་ཤེས་ནས་ཨ་ནེ་ཆོས་དཔལ་བར་ལ་ཁ་མཆུ་བསླངས། མཐར་ཕན་ཚུན་བར་གྱི་རྩོད་གླེང་ཇེ་ཆེར་སོང་ནས་ཐད་ཀར་ཡུལ་ཚོའི་སྲིད་གཞུང་ལ་གཏུགས་ཞུ་མི་བྱེད་བྱ་ཐབས་བྲལ་ཏེ། མ་གཞི་བུ་མོ་གསལ་སྒྲོན་གྱི་ལྟོ་བ་ཉིན་ལྟར་ཇེ་ཆེར་སོང་བས་ལོས་ཡིན།
སྟོན་མཇུག་གི་རླུང་བུ་འུར་འུར་དུ་གང་སར་གཡོས་ཏེ། གྲང་རླུང་དང་འགྲོགས་པའི་ཁ་བའི་འདབ་མ་ཐར་ཐོར་ཞིག་བར་སྣང་གི་དབྱིངས་རིམ་དུ་འཕྱོ། རི་བོ་དང་རྩྭ་ཐང་དག་ལྗང་མདོག་གི་ལྭ་བ་ཕུད་ནས་གསེར་མདོག་གི་ཞལ་རས་མི་ཡུལ་དུ་ངོམ། ཨ་ནེ་ཆོས་དཔལ་གྱི་བུ་ར་རྫི་ཁ་ཆེ་ཡུལ་དུ་གྱར་བའི་གནས་ཚུལ་ཞིག་སྡེ་བའི་གང་སར་ཁྱབ། གནས་ཚུལ་དེས་ཨ་ནེ་ཆོས་དཔལ་ཚང་དང་ཨ་མ་དོན་ཡོད་ཚང་བར་གྱི་འགལ་བ་ཇེ་ཆེ་རུ་གྱུར། མཐར་བྱ་ཐབས་བྲལ་ནས་ཨ་ནེ་ཆོས་དཔལ་གྱིས་རྒྱུ་ནོར་ཡོད་ཚད་ཨ་མ་དོན་ཡོད་ཚང་གི་བུ་སྐལ་དུ་བྱིན།
ཞོགས་ཀའི་མཚམས་སྤྲིན་གྱི་རི་རྒྱལ་ལྷུན་པོའི་མགུན་དུ་ཁྱུད་པའི་ཐོ་རེངས་དང་མཉམ་དུ། རྒས་པོ་ལོ་ལོན་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་སྡེ་བའི་དཀྱིལ་དུ་སྤུངས་པའི་མ་ཎ་རྡོ་འབུམ་ལ་ཕྱག་མཆོད་བྱེད་དུ་སླེབས། ཉི་མ་ཤར་ལ་ཁད་ཀྱང་ཨ་ནེ་ཆོས་དཔལ་ད་དུང་ཕྱག་སྐོར་ལ་མི་ཡོང་བར་དོན་ཅི་ཞིག་བྱུང་ངམ། མཚམས་ཤིག་ནས་ཨ་མ་དོན་ཡོད་ཀྱིས་ཐུར་སྣེ་ལག་པས་བཟུང་བཞིན་པད་ཕུང་མདུན་དུ་རྒྱུགས་ཞོར། “མདང་ནུབ་ཨ་ནེ་ཆོས་དཔལ་ཕྱི་མར་འཁྱམས་སོང་”ཞེས་བཀྲ་མ་ཤིས་པའི་སྐད་ཆ་དེ་སྐོར་མཁན་ཚོའི་རྣ་བར་བླུགས། ལྷིང་འཇགས་ཀྱི་མ་ཎ་རྡོ་ཕུང་དེ་གསང་བ་ཁྲི་སྟོང་གི་ཀློང་ནས་ལྷིང་ངེར་བརྗིད་ཅིང་། རྡོ་ཐོག་ཏུ་གསལ་བའི་མ་ཎ་འབྲི་དྲུག་གི་མཆོད་པ་དེ་ནི་མི་རིགས་ཤིག་གི་སྙིང་སྟོབས་དང་སྤོབས་པ་མངོན། བྱིན་མཐུ་བླ་ལྷག་ཏུ་མཐོ་བའི་མ་ཎའི་དབྱངས་རྟས་ཤི་བོ་ལན་ཆགས་དེ་བདེ་ལྡན་དག་པའི་ཞིང་དུ་འགོད་པར་ཐེ་ཚོམ་ཅི། རྒས་པ་ལོ་ལོན་དག་ཡིད་ཆེས་ཀྱི་དད་སེམས་རིང་མོ་སེམས་ཁོངས་ནས་འཕྱོ་བཞིན་རེ་སྤོབས་ཀྱི་གོམ་པ་མདུན་ནས་མདུན་དུ་སྤོ་བཞིན་ཕྱག་བསྐོར་བྱེད་བཞིན་འདུག
ཁ་སྔོན་དབུས་ནས་སླེབས་པའི་གནས་མཇལ་བ་ཞིག་གི་བཤད་པར། ར་རྫི་ཁ་ཆེ་་སྟོད་ཕྱོགས་རྒྱ་གར་ལ་སོང་ཚར་བ་མ་ཚད། སྐྱབས་རྗེ་ག་གེ་མོ་ཞིག་གི་སྐུ་དངོས་ཞལ་ནས་ཁོ་རང་དགོན་པ་ཞིག་གི་ཡང་སྲིད་དུ་ངོས་སུ་འཛིན་ཡོད་སྐད། གང་ལྟར་ར་རྫི་ཁ་ཆེ་རྒྱ་གར་དུ་སོང་མིན་སུས་ཀྱང་མི་ཤེས་ཀྱང་། ཁོང་ང་རང་སར་ཡོང་ནས་བླ་མའི་རྣམ་ཐར་འབྲི་བའི་ལས་ཀ་དེ་ང་ལ་བཅོལ་སྐབས། རྒྱབ་ཁུག་སེར་པོ་ནང་དུ་སྐྱབས་རྗེ་ག་གེ་མོས་སྐུ་དངོས་སུ་གནང་བྱུང་ཞེས་པའི་ཡི་གེ་ཤོག་ལྷེ་གཅིག་ང་ལ་བསྟན་བྱུང་ངས་ཁོ་རང་གིས་བསྟན་པའི་ཤོག་ལྷེ་དེ་ལ་ཡིད་ཆེས་བྱས་པ་མིན་ཀྱང་། བདེན་དོན་ཞིག་བཙལ་དགོས་སྙམ་ནས་ཞིབ་ཏུ་བལྟས་ཚེ་འདི་ལྟར་བྲིས་འདུག
“འདི་ནས་རྩིས་པའི་བྱང་གི་ཕྱོགས་ན་ཡབ་མིང་སྐལ་དང་ཡུམ་མིང་ཆོས་གཉིས་ཀྱི་སྲས་སྟག་ལོ་ཅན་དེ་དུས་གསུམ་རྒྱལ་བ་ཀུན་གྱི་ངོ་བོར་གྱུར་བའི་ཁྱབ་བདག་རྡོ་རྗེ་འཆང་ངོར་དབྱེར་མེད་པའི་རྒྱལ་སྲས་བླ་མ་དམ་པ་ཀུན་མཁྱེན་ཡེ་ཤེས་ཀྱི་ཡང་སྲིད་འཁྲུལ་མེད་དུ་གཟིགས་སོ།། འདིས་སྤྱིར་སངས་རྒྱས་བསྟན་པ་དང་ཡང་དགོས་དཔལ་ལྡན་ས་སྐྱ་བའི་བསྟན་པའི་སྲོག་ཤིང་དུ་བརྟན་པར་སྨོན། སྐྱབས་རྗེ་ག་གེ་མོས་ཤར་བྲིས”ཞེས་བྲིས་ཡོད་པ་མ་ཟད། བཀའ་ཡིག་དེའི་མཇུག་ཏུ་ཐམ་ག་ཞིག་ཀྱང་རྒྱབ་འདུག རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས་ཞེས་པ་ལྟར་སངས་རྒྱས་ཀྱི་ངོ་བོ་དང་མཛད་པ་བསམ་གྱིས་མི་ཁྱབ་པས་སེམས་ཅན་རང་ག་བའི་བློ་ངོར་ལ་ཇི་ལྟར་ཆུད། ངས་དེ་ལྟར་བསམ་བཞིན་སྔོན་ཁོ་རང་ལ་ཐེ་ཚོམ་བྱས་པ་རྣམས་མཐོ་ལོ་བཤགས་པ་མ་ཟད། རང་ནུས་ཅི་ལྕོག་གིས་ལས་ཀ་དེར་དང་ལེན་བྱས།
དུས་དེ་ནས་ངས་ཁོང་གཏན་ནས་མཐོང་མ་མྱོང་བ་མ་ཟད། ཇི་ལྟར་སེམས་ཅན་གྱི་འགྲོ་དོན་ལ་བསྟན་འགྲོ་སྤེལ་བའི་མཛད་འཕྲིན་གྱི་སྐད་ཆ་ཞིག་ཐོས་མ་བྱུང་། དེ་རིང་གྲོགས་པོ་དཔལ་མགོན་གྱིས་དྲ་ཐོག་གི་སྐད་ཆ་དེས་ངས་ད་གཟོད་ཁོ་རང་མི་ཡུལ་དང་བྲལ་བར་རྟོགས། བླ་མ་རིན་པོ་ཆེ་ཞིག་སེམས་ཅན་གྱི་དོན་དུ་དགོངས་པ་ཆོས་དབྱིངས་སུ་འཐིམ་པ་དེ་ཁོང་རང་ངོས་ནས་བདེ་ཆེན་དག་པའི་ཞིང་དུ་འཕུར་བར་ཐེ་ཚོམ་ཅི་ཞིག་ཀྱང་། དད་ལྡན་སེམས་ཀྱི་བློ་ངོས་ན་བརྗོད་ན་མི་ནུས་པའི་གནས་ཚུལ་དེ་ཐོས་རྗེས་ངའི་སེམས་སུ་བློ་དཀྲོག་ཅིག་དང་། ཚ་འདེད་ཀྱི་ཚོར་བ་ཞིག་གིས་ལུས་ཀྱི་བ་སྤུ་ཡོངས་སུ་གཡོས་བྱུང་། དེ་དང་མཉམ་དུ་ཁོ་རང་ལ་ཁས་བླངས་བའི་དོན་དག་དེས་ང་ནི་ཅིས་ཀྱང་མི་དྲི་མི་བྲོ་བ་མཚན་ཉིད་དུ་གྱུར་བར་སྐྲག་ནས། དབེན་ཐིང་ཐིང་གི་མཚན་འདིར“རྣམ་ཐར”ཐུང་ཐུང་དེ་བྲིས་ཀྱང་། སློབ་གྲོགས་ཀྱི་བློ་དང་མཐུན་པར་ཞིག་འཇོན་ཨེ་ཡོད་སྙམ་པའི་སེམས་ཀྱི་སྐྲག་སྣང་ཞིག་བར་མེད་དུ་གཡོས་ཀྱང་། དགོངས་པ་སྟོང་ཁྲག་གིས་མཐོ་ལོ་བཤགས་བཞིན་གློག་ཀླད་དེ་སྒོ་རྒྱབ་ནས་ཉལ་དུ་སོང་།

2008.2.6ཉིན་ཀྲུང་དབྱང་མི་རིགས་སློབ་ཆེན་སློབ་མའི་ཉལ་ཁང་དུ་བྲིས།
འབྲེལ་ཡོད་འོས་སྦྱོར།