སེམས་པ་ཟུང་གི་འཇིག་རྟེན། ཚྭ་རྡེའུ།
རྩོམ་པ་པོ།:ཚྭ་རྡེའུ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-11-20
ཀློག་གྲངས།:
ཕྲད་པའི་དྲན་གདུང་གི་རྨི་ལམ།།
སྔས་མགོ་གཅིག་སྟེང་ནས་རོལ་དང་།།
བྲལ་མཐའི་རྗེས་ཆགས་ཀྱི་སེམས་པར།།
འཆིང་ཐག་རང་རང་ནས་བརྒྱབ་ཆོག།
ཟམ་ཟིམ་སྦྲང་ཆར་གྱི་ཐིགས་པ།།
རྩྭ་ཕྲན་མགུལ་བ་རུ་འགྲིལ་ཚེ།།
བྲལ་ཁར་སྐྱེལ་ལམ་ནས་བཞག་པའི།།
མཐའ་མའི་ཞལ་རས་དེ་དྲན་བྱུང་།།
རི་ལ་མེ་ཏོག་དེ་བཞད་པས།།
དབྱར་ལ་ཐོན་པ་འདྲ་སྣང་ཡང་།།
འཇོལ་མོའི་གསུང་སྐད་ཀྱིས་སྟོང་བས།།
སྙིང་ལ་ཆབ་རོམ་ཞིག་ཆགས་སོང་།།
ལྷན་སྡོད་མ་བྱས་ཀྱང་རུང་གི།།
འབྲེལ་ཐག་མ་བཟུང་ཡང་ཆོག་གི།
ནང་སེམས་འོ་ཆུ་ཡི་མཚོ་མོ།།
འབྱེད་པའི་ཐབས་རྩལ་ཞིག་ཡོད་ན།།
བཀའ་ཁྲིམས་སྨིན་མ་ཡི་བ་རྒྱས།།
དབང་མེད་མཐའ་ཁྱོན་ནས་བསྐོར་ཡང་།།
གཉོམ་དུང་མིག་འབྲས་ཀྱི་འཁོར་ཕྱོགས།།
སྡེ་ཆེན་རུ་ཁ་ལ་ཤོར་སོང་།།
བྱམས་པའི་མདང་གསུམ་གྱི་གསང་གཏམ།།
སྙིང་གི་རུས་ངོས་ལ་བརྐོས་ཡོད།།
རུས་ལ་གས་ཆག་རང་མེད་ན།།
ཚིག་ལ་གསུབ་རྒྱུ་དེ་མི་སྲིད།།
དྲན་བྱུང་ཆུང་འདྲིས་དེ་དྲན་བྱུང་།།
གནག་སྣུམ་སྐྲ་ལོ་དེ་དྲན་བྱུང་།།
དྲན་བྱུང་ཆུང་འདྲིས་དེ་དྲན་བྱུང་།།
ནེམ་པའི་མཆུ་སྒྲོས་དེ་དྲན་བྱུང་།།
མཐོང་བྱུང་ཚི་གུ་དེ་མཐོང་བྱུང་།།
ལྕུག་ལྡེམ་སྐྱེས་གཟུགས་དེ་མཐོང་བྱུང་།།
བསྟར་འགྲིགས་ཚེམས་ཕྲེང་དེ་མཐོང་བྱུང་།།
འཕངས་བའི་ཟུར་མིག་དེ་མཐོང་བྱུང་།།
གཞོན་པའི་སྐྱོ་གདུང་གི་ལུས་པོ།།
གཙང་བོའི་ཕ་རོལ་དང་ཚུར་རོལ།།
དྲན་པའི་ལྕགས་ཟམ་གྱི་མཐུད་རྒྱུན།།
བསྣོལ་བ་ཨ་ལོང་དང་ཡང་ལོང་།།
སྙིང་ཕྱེད་ཨ་ཇོ་ཡིས་གནང་བའི།།
རིན་ཆེན་དངུལ་དཀར་གྱི་མཛུབ་དཀྲིས།།
ལག་པས་གཅོང་རོང་དུ་འཕངས་ཡང་།།
སེམས་པའི་ཟབ་ས་རུ་བསྐུངས་འདུག།
ཆུང་འདྲིས་རྗེས་དྲན་གྱི་སེམས་ངལ།།
རང་ལུས་གྲིབ་གཟུགས་དང་འགྲོགས་འདྲ།།
ངུ་བཞིན་རྒྱབ་ཕྱོགས་སུ་བསྐྱུར་ཡང་།།
འཐམས་བཞིན་གཏོང་བ་རང་མི་འདུག།
བྱམས་པའི་བརྩེ་འཕྲིན་དེ་འབྱོར་དུས།།
འཕྲིན་ལན་ཟླ་གསུམ་ལ་མ་བྱིན།།
ད་རེབ་སེམས་དཀྱིལ་ལ་ལྷུང་དུས།།
བྱམས་པ་གཞན་ཡུལ་ལ་འགྲིམས་འདུག།
སེམས་དང་བསམ་པ་ཡི་མོས་ཕྱོགས།།
གཅིག་ཏུ་འཁེལ་བ་རང་མེད་ན།།
བསྟུན་མཁས་སྤྱན་མཐའ་ཡི་ཆུ་མིག།
བཞུར་དང་མ་བཞུར་ཞིག་མི་འདུག།
བྱམས་པ་ལོ་གསུམ་ལ་སྒུག་ཀྱང་།།
བྱམས་པར་མཐོང་རྒྱུ་ཞིག་མི་འདུག།
བརྗེད་རྒྱུའི་དབུ་མནའ་དེ་བཞེས་ཉིན།།
བྱམས་པར་ལྷ་ཁང་ནས་འཇལ་བྱུང་།།
ལྷད་མེད་སྙིང་གཏམ་གྱི་བུ་རམ།།
འདྲེན་པའི་སྐལ་བཟང་ཞིག་སྟེར་ན།།
མཆུ་སྒྲོས་འགྲམ་ཆུང་ལ་རེག་པའི།།
ཚོད་མེད་ཧམ་པ་དེ་མི་འདུག།
རོ་མངར་ལན་གཅིག་ལ་མྱངས་ཆོག།
ཞབས་བཏེགས་ལན་གསུམ་ལ་ཞུས་ཆོག།
ཐམས་ཅད་ནས་ཆང་དང་བསྟུན་ན།།
གསང་གཏམ་རང་ཁ་ནས་བརྡོལ་འགྲོ།
དགའ་དུངས་གཤོག་དྲུག་གི་ཉ་མོ།།
ཚུར་ལ་ཁུགས་ཐབས་དེ་དཀའ་ཡང་།།
ནང་སེམས་རྣོ་དབལ་གྱི་ཀྱོ་བ།།
ཕྱིར་ལ་འཐེན་འདོད་ཅིག་མི་འདུག།
ཕྲད་འདོད་རེ་སྒུག་གི་ཉིན་གྲངས།།
སོས་དལ་མཁྲིག་སྟེང་གི་དུས་མདའ།།
ལྷན་འཛོམས་སྤྲོ་སྐྱིད་ཀྱི་དུས་ཡུན།།
འཆིང་གྲོལ་ཅང་ཤེས་ཀྱི་རྟ་མཆོག།
དཀར་འཇམ་སྒེག་ལྡན་གྱི་སྐྱེས་ལུས།།
མ་འགྱུར་སྔ་ས་ན་འཚམས་མོད།།
དུངས་བརྗོད་ལྗགས་འཕྲུལ་གྱི་གློག་ལ།།
སྔར་གྱི་སྐྱེན་མྱུར་དེ་མི་འདུག།
སྙིང་ཐུབ་དྭངས་གཙང་གི་ལང་ཚོ།།
ལོ་ཉར་ཟླ་ཉར་གྱི་པད་མོ།།
གཡུ་སྦྲང་ཁྲེལ་མེད་ཅིག་མིན་ན།།
ང་ཡི་ཟེའུ་འབྲུ་དེ་བསྐྱུར་རོགས།།
ཁྱོད་ནི་ཚིགས་དྲུག་གི་སྨྱུག་མ།།
ང་ནི་ཐག་འཁྱུད་ཀྱི་མེ་ཏོག།
འཛོམས་པ་ལན་གཅིག་གི་ཚེ་འདིར།།
བྲལ་ཏེ་འཚོ་ཐབས་ཤིག་མི་འགྲིག།
གསོང་གཏམ་བསང་གསུར་གྱི་ཁྲི་ལ།།
རེ་བའི་ཆང་ཕུད་ཅིག་མཆོད་དེ།།
ང་དང་ཆུང་འདྲིས་ཀྱི་ལས་སྨོན།།
ལྷ་ཁང་ཁྱེད་ཉིད་ལ་གཏད་ཡོད།།
འཛུམ་དང་ཞལ་རས་དེ་གླེང་ནས།།
ཚེ་ཡི་སྟོད་ཆ་དེ་རྫོགས་ཐལ།།
ལས་ཀྱི་ལན་ཆགས་སུ་གྱུར་ཀྱང་།།
ད་ནི་འགྱོད་སེམས་ཤིག་མི་འདུག།
བསང་དུད་རླུང་བུ་ཡིས་ཁྱེར་འགྲོ།།
ཐག་འཁྱུད་འཁྲི་ཤིང་གིས་བསླུས་འགྲོ།
ནམ་ཡང་འགྱུར་བ་དེ་མེད་པ།།
སེམས་པའི་གསོམ་ཤིང་གི་ཁ་ཏོག།
ཚེ་རབས་བརྒྱ་ཕྲག་ཏུ་བསགས་པའི།།
གཏན་གྲོགས་ཡིད་འོང་གི་མར་ལོ།།
འཇམ་པོ་འདང་བརྩེ་ཡིས་བྱིལ་ཏེ།།
ཡང་དག་བྲོ་ངར་དེ་མྱང་རོགས།།
ཆོས་ཉིད་འཁོར་བ་ཡི་རྒྱལ་ཁམས།།
འགྲིམས་ན་ངལ་དུབ་དང་ཨ་ཐང་།།
མ་འགྲིམ་ཟུར་གཞོགས་སུ་གཡུགས་ན།།
ཐོབ་པ་ས་སྐྱོ་དང་གནམ་སྐྱོ།།
སྔས་མགོ་གཅིག་སྟེང་ནས་རོལ་དང་།།
བྲལ་མཐའི་རྗེས་ཆགས་ཀྱི་སེམས་པར།།
འཆིང་ཐག་རང་རང་ནས་བརྒྱབ་ཆོག།
ཟམ་ཟིམ་སྦྲང་ཆར་གྱི་ཐིགས་པ།།
རྩྭ་ཕྲན་མགུལ་བ་རུ་འགྲིལ་ཚེ།།
བྲལ་ཁར་སྐྱེལ་ལམ་ནས་བཞག་པའི།།
མཐའ་མའི་ཞལ་རས་དེ་དྲན་བྱུང་།།
རི་ལ་མེ་ཏོག་དེ་བཞད་པས།།
དབྱར་ལ་ཐོན་པ་འདྲ་སྣང་ཡང་།།
འཇོལ་མོའི་གསུང་སྐད་ཀྱིས་སྟོང་བས།།
སྙིང་ལ་ཆབ་རོམ་ཞིག་ཆགས་སོང་།།
ལྷན་སྡོད་མ་བྱས་ཀྱང་རུང་གི།།
འབྲེལ་ཐག་མ་བཟུང་ཡང་ཆོག་གི།
ནང་སེམས་འོ་ཆུ་ཡི་མཚོ་མོ།།
འབྱེད་པའི་ཐབས་རྩལ་ཞིག་ཡོད་ན།།
བཀའ་ཁྲིམས་སྨིན་མ་ཡི་བ་རྒྱས།།
དབང་མེད་མཐའ་ཁྱོན་ནས་བསྐོར་ཡང་།།
གཉོམ་དུང་མིག་འབྲས་ཀྱི་འཁོར་ཕྱོགས།།
སྡེ་ཆེན་རུ་ཁ་ལ་ཤོར་སོང་།།
བྱམས་པའི་མདང་གསུམ་གྱི་གསང་གཏམ།།
སྙིང་གི་རུས་ངོས་ལ་བརྐོས་ཡོད།།
རུས་ལ་གས་ཆག་རང་མེད་ན།།
ཚིག་ལ་གསུབ་རྒྱུ་དེ་མི་སྲིད།།
དྲན་བྱུང་ཆུང་འདྲིས་དེ་དྲན་བྱུང་།།
གནག་སྣུམ་སྐྲ་ལོ་དེ་དྲན་བྱུང་།།
དྲན་བྱུང་ཆུང་འདྲིས་དེ་དྲན་བྱུང་།།
ནེམ་པའི་མཆུ་སྒྲོས་དེ་དྲན་བྱུང་།།
མཐོང་བྱུང་ཚི་གུ་དེ་མཐོང་བྱུང་།།
ལྕུག་ལྡེམ་སྐྱེས་གཟུགས་དེ་མཐོང་བྱུང་།།
བསྟར་འགྲིགས་ཚེམས་ཕྲེང་དེ་མཐོང་བྱུང་།།
འཕངས་བའི་ཟུར་མིག་དེ་མཐོང་བྱུང་།།
གཞོན་པའི་སྐྱོ་གདུང་གི་ལུས་པོ།།
གཙང་བོའི་ཕ་རོལ་དང་ཚུར་རོལ།།
དྲན་པའི་ལྕགས་ཟམ་གྱི་མཐུད་རྒྱུན།།
བསྣོལ་བ་ཨ་ལོང་དང་ཡང་ལོང་།།
སྙིང་ཕྱེད་ཨ་ཇོ་ཡིས་གནང་བའི།།
རིན་ཆེན་དངུལ་དཀར་གྱི་མཛུབ་དཀྲིས།།
ལག་པས་གཅོང་རོང་དུ་འཕངས་ཡང་།།
སེམས་པའི་ཟབ་ས་རུ་བསྐུངས་འདུག།
ཆུང་འདྲིས་རྗེས་དྲན་གྱི་སེམས་ངལ།།
རང་ལུས་གྲིབ་གཟུགས་དང་འགྲོགས་འདྲ།།
ངུ་བཞིན་རྒྱབ་ཕྱོགས་སུ་བསྐྱུར་ཡང་།།
འཐམས་བཞིན་གཏོང་བ་རང་མི་འདུག།
བྱམས་པའི་བརྩེ་འཕྲིན་དེ་འབྱོར་དུས།།
འཕྲིན་ལན་ཟླ་གསུམ་ལ་མ་བྱིན།།
ད་རེབ་སེམས་དཀྱིལ་ལ་ལྷུང་དུས།།
བྱམས་པ་གཞན་ཡུལ་ལ་འགྲིམས་འདུག།
སེམས་དང་བསམ་པ་ཡི་མོས་ཕྱོགས།།
གཅིག་ཏུ་འཁེལ་བ་རང་མེད་ན།།
བསྟུན་མཁས་སྤྱན་མཐའ་ཡི་ཆུ་མིག།
བཞུར་དང་མ་བཞུར་ཞིག་མི་འདུག།
བྱམས་པ་ལོ་གསུམ་ལ་སྒུག་ཀྱང་།།
བྱམས་པར་མཐོང་རྒྱུ་ཞིག་མི་འདུག།
བརྗེད་རྒྱུའི་དབུ་མནའ་དེ་བཞེས་ཉིན།།
བྱམས་པར་ལྷ་ཁང་ནས་འཇལ་བྱུང་།།
ལྷད་མེད་སྙིང་གཏམ་གྱི་བུ་རམ།།
འདྲེན་པའི་སྐལ་བཟང་ཞིག་སྟེར་ན།།
མཆུ་སྒྲོས་འགྲམ་ཆུང་ལ་རེག་པའི།།
ཚོད་མེད་ཧམ་པ་དེ་མི་འདུག།
རོ་མངར་ལན་གཅིག་ལ་མྱངས་ཆོག།
ཞབས་བཏེགས་ལན་གསུམ་ལ་ཞུས་ཆོག།
ཐམས་ཅད་ནས་ཆང་དང་བསྟུན་ན།།
གསང་གཏམ་རང་ཁ་ནས་བརྡོལ་འགྲོ།
དགའ་དུངས་གཤོག་དྲུག་གི་ཉ་མོ།།
ཚུར་ལ་ཁུགས་ཐབས་དེ་དཀའ་ཡང་།།
ནང་སེམས་རྣོ་དབལ་གྱི་ཀྱོ་བ།།
ཕྱིར་ལ་འཐེན་འདོད་ཅིག་མི་འདུག།
ཕྲད་འདོད་རེ་སྒུག་གི་ཉིན་གྲངས།།
སོས་དལ་མཁྲིག་སྟེང་གི་དུས་མདའ།།
ལྷན་འཛོམས་སྤྲོ་སྐྱིད་ཀྱི་དུས་ཡུན།།
འཆིང་གྲོལ་ཅང་ཤེས་ཀྱི་རྟ་མཆོག།
དཀར་འཇམ་སྒེག་ལྡན་གྱི་སྐྱེས་ལུས།།
མ་འགྱུར་སྔ་ས་ན་འཚམས་མོད།།
དུངས་བརྗོད་ལྗགས་འཕྲུལ་གྱི་གློག་ལ།།
སྔར་གྱི་སྐྱེན་མྱུར་དེ་མི་འདུག།
སྙིང་ཐུབ་དྭངས་གཙང་གི་ལང་ཚོ།།
ལོ་ཉར་ཟླ་ཉར་གྱི་པད་མོ།།
གཡུ་སྦྲང་ཁྲེལ་མེད་ཅིག་མིན་ན།།
ང་ཡི་ཟེའུ་འབྲུ་དེ་བསྐྱུར་རོགས།།
ཁྱོད་ནི་ཚིགས་དྲུག་གི་སྨྱུག་མ།།
ང་ནི་ཐག་འཁྱུད་ཀྱི་མེ་ཏོག།
འཛོམས་པ་ལན་གཅིག་གི་ཚེ་འདིར།།
བྲལ་ཏེ་འཚོ་ཐབས་ཤིག་མི་འགྲིག།
གསོང་གཏམ་བསང་གསུར་གྱི་ཁྲི་ལ།།
རེ་བའི་ཆང་ཕུད་ཅིག་མཆོད་དེ།།
ང་དང་ཆུང་འདྲིས་ཀྱི་ལས་སྨོན།།
ལྷ་ཁང་ཁྱེད་ཉིད་ལ་གཏད་ཡོད།།
འཛུམ་དང་ཞལ་རས་དེ་གླེང་ནས།།
ཚེ་ཡི་སྟོད་ཆ་དེ་རྫོགས་ཐལ།།
ལས་ཀྱི་ལན་ཆགས་སུ་གྱུར་ཀྱང་།།
ད་ནི་འགྱོད་སེམས་ཤིག་མི་འདུག།
བསང་དུད་རླུང་བུ་ཡིས་ཁྱེར་འགྲོ།།
ཐག་འཁྱུད་འཁྲི་ཤིང་གིས་བསླུས་འགྲོ།
ནམ་ཡང་འགྱུར་བ་དེ་མེད་པ།།
སེམས་པའི་གསོམ་ཤིང་གི་ཁ་ཏོག།
ཚེ་རབས་བརྒྱ་ཕྲག་ཏུ་བསགས་པའི།།
གཏན་གྲོགས་ཡིད་འོང་གི་མར་ལོ།།
འཇམ་པོ་འདང་བརྩེ་ཡིས་བྱིལ་ཏེ།།
ཡང་དག་བྲོ་ངར་དེ་མྱང་རོགས།།
ཆོས་ཉིད་འཁོར་བ་ཡི་རྒྱལ་ཁམས།།
འགྲིམས་ན་ངལ་དུབ་དང་ཨ་ཐང་།།
མ་འགྲིམ་ཟུར་གཞོགས་སུ་གཡུགས་ན།།
ཐོབ་པ་ས་སྐྱོ་དང་གནམ་སྐྱོ།།
འབྲེལ་ཡོད་འོས་སྦྱོར།