མིང་ཐོ་འགོད་པ།
མིང་། རྡོ་རྗེ་སྐྱིད།༼ཆེ༽
འཛིན་གྲྭ། བདུན་བཞི་འཛིན་གྲྭ
སློབ་གྲྭ། མང་རྫོང་མི་རིགས་སློབ་འབྲིང་གཉིས་པ།
དགུན་གནང་གཏོང་རན་དུས། དགེ་རྒན་གྱིས་ང་ཚོར་ཤོག་ལེབ་གཉིས་བྱིན་ནས་ཕྱིར་མིང་ཐོ་འགོད་དུས་བློ་ལ་ངོས་དགོས་ཞེས་བཤད། འོན་ཀྱང་བདག་གིས་དགེ་རྒན་གྱིས་བཤད་པ་ཐམས་ཅད་སྟོང་བཤད་ཁོ་ན་རེད་བསམ་ནས། བློར་འཛིན་རྒྱུ་ཕར་ཞོག མིག་གིས་ཀྱང་མ་བལྟས་པར་ལས་བྱ་གཞན་དག་བྲིས་ཚར་རྗེས། ཉིན་རྒྱུན་དུ་རྩེད་མོ་ལ་གཡེང་ནས་ཉི་མ་ཕུད་པ་ཡིན།
དུས་ཚོད་ཀྱི་འདས་ཟིན་ལ་སྙིང་རྗེ་མེད་པར་སློབ་སྐབས་གསར་བའི་མིང་ཐོ་འགོད་པའི་ཉིན་མོར་སླེབས་བྱུང། ང་རང་སློབ་ཁང་གི་མདུན་དུ་ཐོན་དུས་སློབ་གྲོགས་ཤིག་གིས་ང་ལ་བློ་རྒྱུགས་ཀྱང་ལེན་གྱི་ཡོད་ཟེར། དེ་ཐོས་མ་ཐག་ངའི་སྙིང་གི་ལྡིང་ཚད་ཧ་ཅང་མགྱོགས་ལ། གཞུང་སྒྲུབ་ཁང་གི་ནང་དུ་འགྲོ་མ་ཐུབ། སྐབས་དེར་དགེ་རྒན་གྱིས་ང་ལ་ལག་བརྡ་བཏང་ནས་ནང་ལ་ཤོག་ཟེར། ཁོས་ངའི་ལས་བྱ་དག་ལ་ཞིབ་ལྟ་བྱས་རྗེས་ངོ་ལ་འཛུམ་མདངས་ཤར་ནས་བློར་བཟུང་ཟེར། སྟབས་འགྲིག་པ་ཞིག་ལ་བློ་འཛིན་ཤོག་བྱང་དུ་ངས་སྔོན་ཆད་བློ་བཟུང་མྱོང་བའི་རིགས་གསུམ་ཡོད་པས། དགེ་རྒན་གྱིས་ང་ལ་ཅི་ཡང་མ་བཤད་མོད། མིང་ཐོ་བགོད་ཚར་རྗེས་ངའི་སེམས་ལ་དགེ་རྒན་ནི་ཅི་འདྲའི་དཀའ་ཚེགས་ཆེ་འང་། སློབ་མ་རེ་རེའི་ལས་བྱ་ལྟ་དགོས་ལ། དུ་དུང་ང་ཚོའི་ལས་བྱ་བྲིས་ཚར་ཡོད་པ་མཐོང་ནས་བྱིས་པ་ཞིག་དང་འདྲ་བར་དགའ་སྤྲོ་ཚད་མེད་སྐྱེས་བཞིན་ཡོད། སྔོན་ཆད་ངས་དགེ་རྒན་གྱི་ཁ་ལེན་ཚིག་བརྩི་བྱེད་རྒྱུ་ཕར་ཞོག ཁོང་གི་བཤད་པ་དག་རྣ་རྒྱབ་ཀྱི་རླུང་ལྟར་ཅི་མི་སྙམ་པར་བཞག་པ་རེད་སྙམ་བཞིན། ངས་ཁ་ཕྱིར་འཁོར་ནས་ཡོང་དུས། སློབ་མ་མང་པོ་ཞིག་གིས་བློར་མ་བཟུང་བས་མིང་ཐོ་འགོད་མ་ཐུབ་པར་སློབ་ཁང་ཕྱི་རུ་སྒུག་ཅིང་། སློབ་མ་དང་ཁྱིམ་བདག་ཚང་མའི་ངོ་ལ་སྐྱོ་མདོག་ཅིག་ཤར་ནས་བསྡད་འདུག
ཉིན་དེའི་ཕྱི་དྲོ་ནས་བཟུང་ང་ཚོ་སློབ་གྲོགས་ཚང་མས་ནུས་ཤུགས་ཡོད་ཚད་བཏོན་ནས་དགུན་གནང་གི་བློར་འཛིན་བློར་བཟུང་གི་ཡོད་མོད། ལས་བྱ་ལེགས་གྲུབ་བྱས་པ་མི་བཟང་བ་ཚོར་དགོང་མོ་གཉིད་སྐྱིད་པོ་ཞིག་ཀྱང་ཁུག་མི་འདུག
-
[ རིག་གནས་སློབ་གསོ།]
བོད་ལྗོངས་སློབ་ཆེན2016ལོར་འབུམ་རམས་པའི་ཡོན་གནས་བརྩོན་སྦྱོང་གི་ཞིབ་འཇུག་སློབ་བསྡུའི་མིང་ཐོ་འགོད་པ།
བོད་ལྗོངས་སློབ་གྲྭ་ཆེན་མོའི2016ལོའི་འབུམ་རམས་པའི་ཡོན...