བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པའི་མན་ངག་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །
རྩོམ་པ་པོ།:སྒ་རབ་འབྱམས་པ་ཀུན་དགའ་ཡེ་ཤེས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-03-22
ཀློག་གྲངས།:
གཉིས་པ་དལ་འབྱོར་རྙེད་དཀའ་བསྒོམ་པ་ལ་བཞི། དལ་འབྱོར་ངོས་བཟུང་བ། དེ་རྙེད་པར་དཀའ་བ། རྙེད་པ་དོན་ཆེ་བ། དེས་ན་སྙིང་པོ་ལེན་པར་རིགས་པའོ། །
དང་པོ་ལ་དལ་བ་ནི། མི་ཁོམ་བརྒྱད་སྤོང་དེ་ཡིས་དལ་བ་རྟག་ཏུ་རྙེད། །ཅེས་རིན་པོ་ཆེ་སྡུད་པ་ལས་གསུངས་པ་ལྟར། མི་ཁོམ་པ་བརྒྱད་དང་བྲལ་བ་སྟེ། དེ་ལ་མི་ཁོམ་པ་བརྒྱད་ནི། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་པ་ལྟར་ངན་སོང་གནས་གསུམ་དང་། འབྲས་བུ་ཆེ་བའི་ཕྱོགས་གཅིག་ན་གནས་པའི་ལྷ་ཚེ་རིང་པོ་སྟེ།མི་མ་ཡིན་པའི་འགྲོ་བ་པ་བཞི་དང་། ཀླ་ཀློ་ལ་སོགས་པ་ཡུལ་མཐའ་འཁོབ་ཏུ་སྐྱེས་པ་དང་། ལས་འབྲས་ལ་བསྐུར་པ་འདེབས་པ་ལ་སོགས་པ་ལོག་ལྟ་ཅན་དང་། སངས་རྒྱས་ཀྱི་བཀའ་མེད་པའི་ཞིང་དུ་སྐྱེས་པ་དང་། ལྕེ་དང་ཡིད་ཀྱི་དབང་པོ་ལ་སྐྱོན་ཞུགས་པ་ལྐུགས་པ་སྟེ། མིའི་འགྲོ་བ་པ་བཞི་དང་བཅས་པའི་བརྒྱད་པོ་དེ་དག་ནི། ཆོས་བསྒྲུབ་པའི་སྐབས་མེད་པའི་ཕྱིར། མི་ཁོམ་པ་ཞེས་བྱ་ལ། དེ་དག་དང་བྲལ་བའི་ལུས་ནི་དལ་བའམ་ཁོམ་པ་ཞེས་བྱ་སྟེ། དམ་ཆོས་སྒྲུབ་པའི་སྐབས་ཡོད་པའི་ཕྱིར། འབྱོར་པ་ལ་བཅུ་ལས་ཆོས་སྒྲུབ་པའི་མཐུན་རྐྱེན་རང་རྒྱུད་ཀྱིས་བསྡུས་པ་ནི། རང་འབྱོར་ཞེས་བྱ་ཞིང་། དེའང་ལྔ་སྟེ། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་པ་ལྟར་མིར་གྱུར་པ།འཁོར་རྣམ་བཞི་དང་ལྡན་པའི་ཡུལ་དབུས་སུ་སྐྱེས་པ། ལྐུགས་པ་སོགས་ཀྱི་སྐྱོན་དང་བྲལ་བས་དབང་པོ་ཚང་བ། མཚམས་མེད་སོགས་ལ་མ་ཞུགས་པས་ལས་ཀྱི་མཐའ་མ་ལོག་པ། དགེ་ལེགས་འབྱུང་བའི་གནས་བསྟན་པ་ལ་དད་པའོ། །དེ་བཞིན་དུ། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་པ་ལྟར་སངས་རྒྱས་འཇིག་རྟེན་དུ་བྱོན་པ། དེས་དམ་པའི་ཆོས་གསུངས་པ། གསུངས་པའི་བསྟན་པའི་རྒྱུན་གནས་པ། བསྟན་པ་ལ་འཇུག་པའི་གང་ཟག་གཞན་ཡོད་པ། ཞུགས་པ་རྣམས་ལ་སྙིང་བརྩེ་བས་ཟས་གོས་སོགས་སྦྱིན་པའི་སྦྱིན་བདག་དང་ལྡན་པ་སྟེ། ལྔ་པོ་དེ་ནི་ཆོས་སྒྲུབ་པའི་ཆ་རྐྱེན་གཞན་རྒྱུད་ཀྱིས་བསྡུས་པ་ཡིན་པའི་ཕྱིར། གཞན་འབྱོར་ཞེས་བྱའོ། །དེ་ལྟར་དལ་བ་དང་འབྱོར་པའི་ཆོས་དེ་དག་དང་ལྡན་པའི་ལུས་ནི། གསུང་རབ་རྣམས་ལས་ཡང་དང་ཡང་དུ་བསྔགས་པའི་དམ་ཆོས་སྒྲུབ་པའི་རྟེན་ཕུན་སུམ་ཚོགས་པའོ། །
གཉིས་པ་ལ་རྒྱུའི་སྒོ་ནས་རྙེད་པར་དཀའ་བ་ནི། སྤྱིར་བདེ་འགྲོའི་ལུས་ཙམ་འགྲུབ་པ་ཡང་། རྒྱུ་དགེ་བ་ཕུན་ཚོགས་སྤྱད་པ་ལ་རག་ལས་ཏེ། དགེ་བ་དང་བྲལ་ཞིང་སྡིག་པ་ལ་ཞུགས་པ་དག་གིས་བདེ་འགྲོའི་སྒྲ་ཙམ་ཐོས་པ་ཡང་། ཤིན་ཏུ་དཀའ་བའི་ཕྱིར། དེ་སྐད་དུ་ཡང་། སྤྱོད་འཇུག་ལས། དགེ་བ་དག་ཀྱང་མ་བྱས་ལ། །སྡིག་པ་དག་ཀྱང་ཉེར་བསགས་ན། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །ཞེས་གསུངས་སོ། །བྱེ་བྲག་ཏུ་དལ་འབྱོར་ཕུན་ཚོགས་དང་ལྡན་པའི་ལུས་ནི། དགེ་བ་རྒྱ་ཆེན་པོ་བསགས་པ་མེད་པར་མི་འགྲུབ་སྟེ། འབྲས་བུ་ལུས་བཟང་ངན་གྱི་ཁྱད་པར། རྒྱུ་ལས་བཟང་ངན་གྱི་དབང་གིས་བྱེད་དགོས་པའི་ཕྱིར། དེ་ལྟར་ན་རྒྱུ་དགེ་བ་ཕུན་ཚོགས་དང་ལྡན་པའི་འགྲོ་བ་ཤིན་ཏུ་ཉུང་སྟེ། བཞི་བརྒྱ་པ་ལས། ཕལ་མོ་ཆེར་ན་མི་རྣམས་ནི། །དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། །དེས་ན་སོ་སོ་སྐྱེ་བོ་རྣམས། །ངེས་པར་ངན་འགྲོར་འགྲོ་བར་འགྱུར། །ཞེས་གསུངས་པ་ལྟར། མི་ལ་སོགས་པའི་འགྲོ་བ་ཕལ་ཆེར། མི་དགེ་བའི་ཕྱོགས་ཡོངས་སུ་འཛིན་པས་ངན་འགྲོ་ལ་གཞོལ་བའི་ཕྱིར་རོ། །ངོ་བོའི་སྒོ་ནས་རྙེད་པར་དཀའ་བ་ནི་འགྲོ་བའི་རིགས་གཞན་ལ་ལྟོས་ན། མིའི་ལུས་ཙམ་ཡང་ཉིན་པར་གྱི་སྐར་མ་དང་འདྲ་བ་སྟེ། རིགས་དྲུག་གི་ཆགས་ཚུལ་འབྲུའི་ཕུང་པོ་དང་མཚུངས་པར་གསུངས་པའི་ཕྱིར་དང་། ཁ་འཐོར་བའི་དུད་འགྲོ་ལྟ་བུ་ཐ་མལ་པའི་མིག་ལམ་དུ་སྣང་བ་ལ་བལྟས་ནའང་། མྱོང་བས་འགྲུབ་པའི་ཕྱིར་ཏེ། མིག་རྒྱང་གང་གི་ཆུ་དང་སྐམ་ལ་གནས་པའི་དུད་འགྲོ་ཉུང་ཚད་ཀྱི་དབང་དུ་བྱས་པ་དང་། རང་གི་ལུས་ལ་གནས་པའི་སྲིན་བུའི་རིགས་ཀྱི་གྲངས་ཚད་ལ་ལྟོས་ན། མི་ལུས་འཐོབ་པ་སྲིད་མཐའ་ཙམ་དུ་བསམས་མ་ཐག་ངེས་ནུས་པའི་ཕྱིར། དེས་ན་དལ་འབྱོར་ཕུན་ཚོགས་ཀྱི་མི་ལུས་རྙེད་པར་དཀའ་བ་ལྟ་ཅི་སྨོས་ཏེ། འདི་ཡང་སངས་རྒྱས་ཀྱི་སྒྲ་ཙམ་ཡང་མེད་པའི་མུན་པའི་བསྐལ་པ་རྣམས་དང་། སྒྲོན་བསྐལ་དག་གི་ཡང་དམ་པའི་ཆོས་ཀྱི་སྣང་བས་ཁྱབ་པ་དང་མ་ཁྱབ་པའི་ཡུལ་གྱི་ཁྱད་པར་དང་། ཆོས་དར་བའི་ཡུལ་དུ་སྐྱེས་པ་ལ་ཡང་། དམ་ཆོས་སྒྲུབ་པའི་རྟེན་དུ་རུང་མི་རུང་གི་ཁྱད་པར་དང་། རུང་བ་དག་ལ་ཡང་དང་པོར་ཆོས་དང་ཆོས་སྟོན་པའི་བཤེས་གཉེན་དང་ཕྲད་པ། ཕྲད་ནས་མོས་པ། མོས་ནས་ཞུགས་པ། ཞུགས་ནས་མཐར་ཕྱིན་པ། དཀོན་ཚུལ་ལ་བརྟགས་ན་ཨུ་དུམ་ཝ་རའི་མེ་ཏོག་དང་འདྲ་བའི་ཕྱིར། དོན་འདི་ལ་དགོངས་ནས། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས། མི་ཁོམ་པ་བརྒྱད་ལས་ལྡོག་པའང་རྙེད་པར་དཀའ། མིར་གྱུར་པའང་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པའང་རྙེད་པར་དཀའ། སངས་རྒྱས་འབྱུང་བ་ཡང་རྙེད་པར་དཀའ། ཞེས་སོགས་རྒྱས་པར་གསུངས་ཤིང་། རྒྱལ་བའི་ཡུམ་ལས་ཀྱང་། གྲོགས་པོ་དག་དལ་བ་ཕུན་སུམ་ཚོགས་པ་ནི་དཀོན་ནོ། །མིར་སྐྱེ་བ་ནི་དཀོན་ནོ། །ཞེས་གསུངས་སོ། །དཔེའི་སྒོ་ནས་རྙེད་པར་དཀའ་བ་ནི། སྤྱོད་འཇུག་ལས། དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་རྙེད་དཀའ་གསུངས། །ཞེས་གསུངས་པ་ལྟར། ཕྱོགས་བཞི་ནས་རླུང་གིས་བསྐྱོད་པའི་མཚོའི་སྟེང་གི་གཉའ་ཤིང་གི་བུ་གར། ཆུ་ནང་ན་གནས་པའི་རུས་སྦལ་མིག་གཅིག་པ། ལོ་བརྒྱ་བརྒྱ་ཞིག་ན། ལན་རེ་རེ་སྟེང་དུ་འབྱུང་བའི་མགྲིན་པ་ཆུད་པ་ཤིན་ཏུ་དཀའ་བ་དཔེར་བཀོད་ནས། མིའི་ལུས་ཐོབ་པ་ཡང་དེ་དང་འདྲ་བར་མདོ་ལས་གསུངས་སོ། །
གསུམ་པ་ནི་དེ་ལྟར་རྙེད་པར་དཀའ་བའི་རྟེན་དེ་ནི་དོན་ཆེན་པོ་དང་ལྡན་པ་ཡིན་ཏེ། དེ་ལ་བརྟེན་ནས་སྡུག་བསྔལ་གྱི་ཆུ་བོ་ལས་སྒྲོལ་ནུས་པའི་ཕྱིར་ཏེ། སྤྱོད་འཇུག་ལས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་སོ། །ཁྱད་པར་དུ་ཐེག་པ་ཆེན་པོའི་ལམ་སྒྲུབ་པ་ལ། རྟེན་འདི་ལྟ་བུ་ཤིན་ཏུ་བསྔགས་པ་ཡིན་ཏེ། སློབ་སྤྲིང་ལས། བདེར་གཤེགས་ལམ་བརྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་རྙེད་མིན་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མི་འམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་པའི་ཕྱིར་རོ། །
བཞི་པ་ནི་དེ་ལྟར་རྙེད་པར་དཀའ་ཞིང་དོན་ཆེ་བའི་ལུས་དེ་ལ་བརྟེན་ནས། ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་ཏུ་རུང་བའི་ཕྱིར། ཡིད་བཞིན་གྱི་ནོར་བུ་ལས་ཀྱང་ཡོན་ཏན་ཆེས་ལྷག་པར་ཤེས་པར་བྱས་ནས། སྙིང་པོ་ལེན་པ་ལ་འབད་པར་རིགས་ཏེ། སློབ་སྤྲིང་ལས། གང་ཞིག་ཐོབ་ན་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཅིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་བྱེད་པ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་དེ་ནི་འབྲས་བུ་མེད་པར་སུ་ཞིག་བྱེད། །ཅེས་གསུངས་པ་ལྟར་རོ། །དེ་ལྟར་མ་ཡིན་པར་མི་ལུས་ཕུན་ཚོགས་ཐོབ་ནས་སྡིག་པའི་ལས་ལ་འཇུག་པ་ནི། བླུན་པ་ལས་ཀྱང་ཆེས་བླུན་པར་གསུངས་ཏེ། བཤེས་སྤྲིང་ལས། གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས། །ངན་སྐྱུགས་འཕྱག་པར་བགྱིད་པ་དེ་བས་ཀྱང་། །གང་ཞིག་མི་རུ་སྐྱེས་ནས་སྡིག་པ་དག །བགྱིད་པ་དེ་ནི་ཆེས་རབ་བླུན་པ་ལགས། །ཞེས་དང་།སྤྱོད་འཇུག་ལས། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། །ཞེས་སོ། །གལ་ཏེ་ད་ལན་གྱི་ལུས་ལ་དགེ་བ་མ་གྲུབ་ཀྱང་། ཚེ་རབས་གཞན་དུ་སྒྲུབ་པས་ཆོག་གོ་སྙམ་དུ་ཡང་མི་བསམ་སྟེ། སྤྱོད་འཇུག་ལས། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་འཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །ཅེས་པ་ལྟར། ལེགས་སྤྱད་དང་བྲལ་བའི་སྐྱེ་བོ་དག་གིས་བདེ་འགྲོ་ཙམ་ཡང་འཐོབ་པར་མི་ནུས་ཤིང་། ངན་འགྲོའི་རྟེན་ལ་ནི་དགེ་བ་ཕུན་ཚོགས་སྒྲུབ་པའི་ནུས་པ་མེད་དེ། སྡུག་བསྔལ་དང་སྡིག་པའི་ཁུར་གྱིས་ནོན་པའི་ཕྱིར། དེ་སྐད་དུ་ཡང་། སྤྱོད་འཇུག་ལས། གང་ཚེ་དགེ་སྤྱད་སྐལ་ལྡན་ཡང་། །དགེ་བ་བདག་གིས་མ་བྱས་ན། །ངན་སོང་སྡུག་བསྔལ་ཀུན་རྨོངས་པ། །དེ་ཚེ་བདག་གིས་ཅི་བྱར་ཡོད། །ཅེས་སོ། །དེ་ལྟར་དལ་འབྱོར་གྱི་ལུས་རྙེད་དཀའ་བ། དོན་ཆེ་བ། སྙིང་པོ་ལེན་པར་རིགས་པའི་རྒྱུ་མཚན་རྣམས་ཡང་དང་ཡང་དུ་བསམ་ནས། སྙིང་པོ་ལེན་པའི་ཐབས་སུ་བློ་ཐག་ཆོས་ལ་ཆོད་པར་བྱ་ཞིང་། ཆོས་ཀྱི་མཆོག་ཀྱང་བྱང་ཆུབ་ཀྱི་སེམས་གཉིས་སུ་ངེས་ནས། འདི་ཉིད་ཅི་སྐྱེ། ཅི་གནས། ཅི་འཕེལ་ཁོ་ནའི་ཆེད་དུ་སྙིང་ཐག་པ་ནས་འབད་ཅིང་དྲན་པ་བསྐྱེད་པའི་ཕྱིར་དུ། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུས་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །བྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་སྤྱོད་འཇུག་ལས་གསུངས་པ་སོགས་ཀྱི་ཚིག་ངག་ཏུ་འདོན་པ་དང་། དོན་ཡིད་ལ་སེམས་པར་བྱའོ། །ཤིན་ཏུ་རྙེད་དཀའ་ཡོན་ཏན་དུ་མའི་རྟེན། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ་བའི་གྲུ། །ཡིད་བཞིན་ནོར་ལས་ལྷག་པའི་དལ་འབྱོར་འདིས། །རང་གཞན་དོན་ཆེན་མི་བསྒྲུབ་ཤེས་ལྡན་སུ། །
གསུམ་པ་འཆི་བ་མི་རྟག་པ་བསྒོམ་པ་ལ་གསུམ། ངེས་པར་འཆི་བ། ནམ་འཆི་མ་ངེས་པ། འཆི་བའི་ཚེ་ཆོས་ལས་གཞན་གྱིས་མི་ཕན་པ་བསམས་པའོ། །
དང་པོ་ལ་ཡང་གསུམ། སྐྱེས་ནས་མ་ཤི་བ་མེད་པ། ཚེ་ལ་སྣོན་བྱེད་མེད་ཅིང་འབྲིད་བྱེད་ཡོད་པ། འཆི་བ་རྐྱེན་གྱིས་བཟློག་པར་མི་ནུས་པའོ། །
དང་པོ་ནི་སྤྱིར་འདུས་བྱས་ཐམས་ཅད་མཐའ་བཞི་ལས་མ་གཡོས་པ་སྟེ། མདོ་ལས། འདུས་པའི་མཐའ་ནི་འབྲལ་བ་སྟེ། །འབྱོར་པའི་མཐའ་ནི་རྒུད་པ་ཡིན། །བསགས་པ་ཀུན་གྱི་མཐའ་འཛད་ཅིང་། །འཚོ་བའི་མཐའ་ནི་འཆི་བ་ཡིན། །ཞེས་གསུངས་སོ། །དེས་ན་མིའི་ལུས་མི་རྟག་པ་ལྟ་ཅི་སྨོས་ཏེ། ཤིན་ཏུ་ཉམ་ཆུང་ཞིང་འཇིག་སླ་བའི་ཕྱིར། དེ་སྐད་དུ་ཡང་། བཤེས་སྤྲིང་ལས། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེག་པའི་ལུས་ཅན་འདི་དག་ཀྱང་། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ། །ཞེས་སོ། །གལ་ཏེ་འགའ་ཞིག་དེ་ལྟར་ཡིན་ཀྱང་། ཐམས་ཅད་ལ་མ་ངེས་སོ་སྙམ་ན་མ་ཡིན་ཏེ། མྱ་ངན་བསལ་བ་ལས། ས་འམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བ་འམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་པ་ལྟར། སྐྱེས་པའི་མཐར་མ་ཤི་བ་མེད་པའི་ཕྱིར། དེས་ན་དཔེ་དུ་མའི་སྒོ་ནས་དོན་དེ་ཉིད་དྲན་པར་བྱ་སྟེ། དེའི་ཚུལ་ཡང་། རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ། །ཞེས་པ་ལྟ་བུའི་དོན་བསམ་པའོ། །
གཉིས་པ་ནི་དང་པོ་ཉིང་མཚམས་སྦྱར་བའི་དུས་ནས། སྐད་ཅིག་ཀྱང་མི་སྡོད་པར་འཆི་བདག་གི་དྲུང་དུ་འགྲོ་བ་སྟེ། མདོ་ལས། མི་ཡི་དཔའ་བོ་ཐོག་མའི་མཚན་མོར་ནི། །གང་ན་འཇིག་རྟེན་མངལ་ན་གནས་གྱུར་པ། །དེ་ནས་བརྩམས་ཏེ་དེ་ནི་ཉིན་རེ་ཞིང་། །འགྲོས་བཤོལ་མེད་པར་འཆི་བདག་དྲུང་དུ་འགྲོ། །ཞེས་གསུངས་པ་ལྟར་རོ། །གལ་ཏེ་རིག་འཛིན་སོགས་ཚེའི་གྲུབ་པ་ཐོབ་པ་རྣམས་ལ་དེ་ལྟ་མ་ཡིན་པས། ཐམས་ཅད་དུ་མ་ངེས་སོ་སྙམ་ན་དེ་དག་ཀྱང་དུས་རིང་བ་ཙམ་ཡིན་གྱི་མཐར་འཆི་བ་ལས་མ་འདས་ཏེ། མྱ་ངན་བསལ་བ་ལས། དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང་། །གང་ན་འཆི་མེད་སྤྱོད་ཡུལ་པའི། །གནས་དེར་འགྲོ་བ་ཡོད་མ་ཡིན། །ཞེས་པ་ལྟར། དྲང་སྲོང་མངོན་ཤེས་དང་ལྡན་པ་རྣམས་ཀྱང་། མཐར་འཆི་བ་ལས་མ་འདས་པའི་ཕྱིར། དེར་མ་ཟད་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ཡང་མི་རྟག་པའི་ཚུལ་སྟོན་པའི་ཕྱིར།ལས་ཀྱིས་འཕངས་པའི་འགྲོ་བ་གཞན་ལྟ་ཅི་སྨོས་ཏེ། དེ་ཉིད་ལས། ཅི་སྟེ་སངས་རྒྱས་རྣམས་ཀྱི་སྐུ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་འདྲ་བ་ཡི། །ལུས་ཅན་རྣམས་ལྟ་སྨོས་ཅི་དགོས། །ཞེས་སོ། །དེས་ན་ལས་ཀྱིས་འཕངས་པའི་ཚེ་ལ་སྣོན་བྱེད་པ་མེད་ཅིང་འབྲིད་བྱེད་བར་མ་ཆད་དུ་ཡོད་པའི་ཕྱིར། འཆི་བར་ངེས་ཏེ། སྤྱོད་འཇུག་ལས། ཉིན་མཚན་སྡོད་པ་ཡོངས་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། །སྣོན་པའང་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་སོ། །
གསུམ་པ་ནི་གལ་ཏེ་སྔགས་དང་སྨན་ལ་སོགས་པའི་ཐབས་ཀྱིས་འཆི་བ་བཟློག་པར་ནུས་སོ་སྙམ་ན་མ་ཡིན་ཏེ། དུས་ལ་བབ་པའི་འཆི་བ་ནི།རྐྱེན་གང་གིས་ཀྱང་བཟློག་པར་མི་ནུས་པའི་ཕྱིར་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་ཕྱོགས་བཞི་ནས་རིན་པོ་ཆེ་སྲ་བ། བརྟན་པ། སྙིང་པོ་དང་ལྡན་པ། མ་ཞིག་པ། མ་གས་པ། འཕན་མེད་པ། ཤིན་ཏུ་མཁྲེགས་པ། གཅིག་ཏུ་སྟུག་པ་བཞི་ཞིག་གནམ་ལ་རེག་ཅིང་ས་རློགས་ཏེ། རྩྭ་དང་། ཤིང་དང་། ཤིང་གེལ་པ་དང་། ཡལ་ག་དང་། ལོ་མ་ཐམས་ཅད་དང་། སེམས་ཅན་སྲོག་ཆགས་འབྱུང་པོ་ཐམས་ཅད་ཕྱེ་མར་འཐག་ཅིང་འོང་བ། དེ་དག་ལ་ནི་མགྱོགས་པས་བྲོས་པའམ། སྟོབས་ཀྱིས་བཟློག་པའམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་བཟློག་པར་སླ་བ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་འཇིགས་པ་ཆེན་པོ་བཞི་པོ་འདི་དག་འོང་སྟེ། དེ་དག་ལ་མགྱོགས་པས་བྲོས་པའམ།སྟོབས་ཀྱིས་བཟློག་པའམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་བཟློག་པར་སླ་བ་མ་ཡིན་ནོ། །བཞི་གང་ཞེ་ན། རྒ་བ་དང་ན་བ་དང་འཆི་བ་དང་རྒུད་པའོ། །རྒྱལ་པོ་ཆེན་པོ། རྒ་བ་ནི་དར་ལ་བབ་པ་འཇོམས་ཤིང་འོང་ངོ་། །ན་བ་ནི་ནད་མེད་པ་འཇོམས་ཤིང་འོང་ངོ་། །རྒུད་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང་འོང་ངོ་། །འཆི་བ་ནི་སྲོག་འཇོམས་ཤིང་འོང་སྟེ། དེ་དག་ལ་ནི་མགྱོགས་པས་བྲོས་པའམ། སྟོབས་ཀྱིས་བཟློག་པའམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་ཞི་བར་སླ་བ་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་རྒྱུ་མཚན་གསུམ་གྱི་སྒོ་ནས་འཆི་བར་ངེས་པ་བསམས་ཏེ། བློ་ཐག་ཆོས་ལ་ཆོད་པར་བྱའོ། །
གཉིས་པ་ནམ་འཆི་ངེས་མེད་བསམ་པ་ལ་གསུམ། འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པ། འཆི་རྐྱེན་མང་ཞིང་གསོན་རྐྱེན་ཉུང་བ། གསོན་རྐྱེན་རྣམས་ཀྱང་འཆི་རྐྱེན་དུ་འདུག་པའི་ཚུལ་བསམ་པའོ། །
དང་པོ་ནི། འཛམ་བུ་གླིང་པའི་ཚེའི་ཚད་ནི་ཤིན་ཏུ་མ་ངེས་པ་ཡིན་ཏེ། མཛོད་ལས། འདི་ན་མ་ངེས་མཐའ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་པ་ལྟར། མཐར་ལོ་བཅུ་ལ་ཡང་རིང་ཚད་བྱེད་དགོས་ཤིང་དང་པོར་ལོ་གྲངས་ཀྱིས་བགྲང་དུ་མེད་པ་ཐུབ་པའི་ཕྱིར། བྱེ་བྲག་ཏུ་ད་ལྟའི་མི་རྣམས་དྲུག་ཅུ་ཁ་རལ་བའི་དུས་ཡིན་ཀྱང་ཕྱི་ནང་གི་འགལ་རྐྱེན་དུ་མས་ཚད་དུ་མི་རྫོགས་པར་འཆི་བ་མངོན་སུམ་དུ་མཐོང་བའི་ཕྱིར་དང་།མདོ་ལས། ལ་ལ་རྒས་དང་ལ་ལ་གཞོན། །ལ་ལ་དར་ལ་བབ་པ་ན། །དེ་བཞིན་ཁ་ཅིག་གོག་ཙམ་ན། །ཁ་ཅིག་མངལ་དུ་འཆི་བའང་ཡོད། །ཅེས་གསུངས་པའི་ཕྱིར་རོ། །
གཉིས་པ་ནི། རིན་ཆེན་ཕྲེང་བ་ལས། འཆི་བདག་རྐྱེན་གྱི་ཁར་གནས་པ། །རླུང་དམར་ནང་འདུག་མར་མེ་བཞིན། །ཞེས་པ་ལྟར། རླུང་ནང་གི་མར་མེ་དང་འདྲ་བར་འགལ་རྐྱེན་དུ་མའི་དབང་གིས་རང་དབང་མེད་པར་འཆི་བའི་ཕྱིར་ན། ཚེ་ལ་ཡིད་བརྟན་ཅུང་ཟད་ཀྱང་མེད་དེ། འདི་ལྟར།ཕྱི་རོལ་ནས་མི་དང་མི་མ་ཡིན་པའི་འགྲོ་བ་རྣམས་དང་། ས་ཆུ་མེ་རླུང་གི་འབྱུང་བ་རྣམས་དང་། ནང་དུ་རླུང་མཁྲིས་བད་ཀན་གྱི་ནད་ལ་སོགས་པ་སྲོག་འཕྲོག་པའི་རྐྱེན་ནི་མཐའ་ཡས་པའི་ཕྱིར་རོ། །དེ་སྐད་དུ། ཡང་། འཕགས་པ་མྱ་ངན་ལས་འདས་པ་ཆེན་པོ་ལས། སྲོག་ནི་རྟག་ཏུ་དགྲ་སྡང་དུ་མས་བསྐོར་ཏེ། སྐད་ཅིག་རེ་རེས་ཉམས་པར་བྱེད་ཅིང་། འཕེལ་བར་བྱེད་པ་ནི་གང་ཡང་མེད་དོ། །ཞེས་གསུངས་སོ། །
གསུམ་པ་ནི། རེ་ཞིག་གསོན་རྐྱེན་དུ་རློམ་པའི་ཟས་གོས། གནས་མལ། གཉེན་བཤེས་སོགས་ཀྱང་སྲོག་འཕྲོག་པའི་རྐྱེན་དུ་འགྱུར་བར་མངོན་སུམ་དུ་མཐོང་ཞིང་། གདོན་ནམ་མྱ་ངན་སོགས་ཀྱིས་ཡིད་དཀྲུགས་པ་ཁ་ཅིག་ནི། དུག་དང་མཚོན་ལ་སོགས་པའི་སྦྱོར་བས། རང་ཉིད་ཀྱིས་རང་གི་སྲོག་གཅོད་པའང་མཐོང་བའི་ཕྱིར་ན། གསོན་རྐྱེན་རྣམས་ཀྱང་ཕལ་ཆེར་འཆི་རྐྱེན་དུ་ངེས་པས། ནམ་འཆི་ངེས་པ་མེད་དེ། རིན་ཆེན་ཕྲེང་བ་ལས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པའི་རྐྱེན་ནི་ཉུང་ཟད་ཅིག །དེ་དག་རྣམས་ཀྱང་འཆི་བའི་རྐྱེན། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་གསུངས་པ་ལྟར་རོ། །རྒྱུ་མཚན་གསུམ་པོ་དེའི་སྒོ་ནས་ནམ་འཆི་ངེས་པ་མེད་པའི་ཚུལ་བསམས་ཏེ། ཆོས་ཕྱི་དུས་ལ་མི་འཇོག་པར་ད་ལྟ་ཉིད་དུ་སྒྲུབ་པར་ཐག་ཆོད་པར་བྱའོ། །
གསུམ་པ་འཆི་བའི་ཚེ་ཆོས་ལས་གཞན་གྱིས་མི་ཕན་པ་བསམ་པ་ལ་གསུམ། ལོངས་སྤྱོད་ཀྱིས་མི་ཕན་པ། གཉེན་བཤེས་ཀྱིས་མི་ཕན་པ།ལུས་ཀྱིས་མི་ཕན་པ་བསམ་པའོ། །
དང་པོ་ནི་ཚེ་འདིར་འབད་པ་དུ་མས་བསྒྲུབས་པའི་ལོངས་སྤྱོད་རྣམས་ཀྱང་འཆི་བའི་ཚེ། མིག་གིས་ལྟ་བ་ཙམ་ཡང་མི་དབང་བར་འདོར་དགོས་ན། ཕན་པའི་ལོངས་སྤྱོད་དུ་མི་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན།སྐྱེས་པའམ། བུད་མེད་གཉིད་ཀྱིས་ལོག་པའི་རྨི་ལམ་ན། ཀུན་དགའ་ར་བ་ཉམས་དགའ་བ་དང་། རི་ཉམས་དགའ་བ་དང་། ནགས་ཚལ་ཉམས་དགའ་བ་དང་། ཆུ་ཀླུང་ཉམས་དགའ་བ་དང་། རྫིང་བུ་ཉམས་དགའ་བ་དང་། ཡུལ་ཉམས་དགའ་བ་དང་། ཁང་བཟང་ཉམས་དགའ་བ་དག་མཐོང་བ་ལས། དེ་སད་ན་ཅི་ཡང་མི་མཐོང་ངོ་། །རྒྱལ་པོ་ཆེན་པོ་དེ་བཞིན་དུ། རྒྱལ་སྲིད་དང་སྲོག་དང་རྒྱལ་སྲིད་ཀྱི་བདེ་བ་དང་། རྒྱལ་པོའི་དབང་ཕྱུག་གི་བདེ་བ་དང་། འདོད་པའི་བདེ་བ་དང་། འདོད་པའི་ལོངས་སྤྱོད་ཀྱི་བདེ་བ་གང་ཡིན་པ་དག་ཀྱང་རྨི་ལམ་དང་འདྲའོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་། དཔུང་བུ་ཆུང་དང་། བུད་མེད་དང་། ཁང་ཁྱིམ་དང་། ཆུང་མ་དམ་པ་དང་གཞོན་ནུ་དང་བློན་པོ་དང་རྩིས་པ་དང་། བློན་པོ་ཆེན་པོ་དང་སྒོ་པ་དང་འཁོར་དང་། ཕ་དང་མ་དང་སྤུན་དང་སྲིང་མོ་དང་ཆུང་མ་དང་། བུ་དང་བུ་མོ་དང་། ན་ཚོད་དང་བྲན་ཕོ་དང་བྲན་མོ་དང་། ལས་བྱེད་པ་དང་ཞོ་ཤས་འཚོ་བ་དང་། མཛའ་བཤེས་དང་གཉེན་དང་གྲོང་ཁྱེར་གྱི་སྐྱེ་བོ་དང་། མགྲོན་བུ་དང་གསེར་དང་། ནོར་བུ་དང་རིན་པོ་ཆེ་དང་མུ་ཏིག་དང་། བཻཌཱུརྱ་དང་དུང་དང་མན་ཤེལ་དང་། བྱི་རུ་དང་ས་ལེ་སྦྲམ་དང་། དངུལ་དང་གོས་དང་རྒྱན་དང་ནོར་དང་འབྲུ་དང་བང་བ་དང་། མཛོད་ལ་སོགས་པ་དེ་དག་ཐམས་ཅད་བོར་ནས་འགྲོ་དགོས་སོ། །དེ་དག་ཐམས་ཅད་ཀྱང་མི་རྟག་པ་མི་བརྟན་པ་ཡིད་བརྟན་ཏུ་མི་རུང་བ། འགྱུར་བའི་ཆོས་ཅན་ཡུན་ཐུང་བ་མི་གནས་པ་གཡོ་བ། འགུལ་བ་འཇིག་པ་སྐད་ཅིག་པ་མཐར་སྡིག་པ། ཟད་པ་དང་དེངས་པའི་སྒོ། མཐར་འཇིག་པའི་ཆོས་ཅན། མཐར་འགྱེས་པ་འཇིགས་པ་དང་བཅས་པ། གནོད་པ་དང་བཅས་པ་མྱ་ངན་དང་འཁྲུག་པ་མང་བ། འདྲུལ་པ། འབྲུལ་བ་འཆད་པ་བྱེ་བ་འཇོམས་པ། རྣམ་པར་འཇིག་པའི་ཆོས་ཅན་ཏེ། རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་མི་རྟག་པར་བལྟ་ཞིང་།ཟད་པ་དང་དེངས་པའི་སྒོ་ཡིན་པར་བལྟ་བར་བྱ་སྟེ། འཆི་བས་འཇིགས་སྐྲག་པར་བྱའོ། །རྒྱལ་པོ་ཆེན་པོ་ཁྱོད་ཆོས་ཁོ་ནས་རྒྱལ་སྲིད་གྱིས་ཤིག ཆོས་མ་ཡིན་པས་ནི་མི་བྱའོ། །ཁྱོད་ཆོས་དང་མཐུན་པར་གྱིས་ཤིག ཆོས་མ་ཡིན་པ་དང་མཐུན་པར་ནི་མི་བྱའོ། །ཞེས་རྒྱས་པར་གསུངས་པ་ལྟར་རོ། །
གཉིས་པ་ནི་གནད་གཅོད་ཀྱི་ཚོར་བས་གཟིར་བའི་ཚེ་ན། དཔའ་ཞིང་བརྟུལ་ཕོད་པའི་གཉེན་བཤེས་སྟོང་གིས་བསྐོར་ཡང་། འཆི་བའི་ཟུག་རྔུ་ཆུང་བའམ། དུས་ལས་འགྱངས་པའམ་སྐྱེལ་མ་བྱེད་པ་སོགས། ཕན་པ་ཅུང་ཟད་ཀྱང་སྒྲུབ་པའི་ནུས་པ་མེད་པར། སྡུག་བསྔལ་གྱི་ཚོར་བ་རང་ཉིད་གཅིག་པུས་མྱོང་དགོས་ཏེ། སྤྱོད་འཇུག་ལས། བདག་ནི་མལ་ན་འདུག་བཞིན་དུ། །གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཀྱང་། །སྲོག་འཆད་པ་ཡི་ཚོར་བ་དག །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་པས་ཅི་ཕན་བཤེས་ཅི་ཕན། །དེ་ཚེ་བསོད་ནམས་གཅིག་སྐྱབས་ན། །དེ་ཡང་བདག་གིས་མ་བསྟེན་ཏོ། །ཞེས་གསུངས་པ་ལྟར་རོ། །
གསུམ་པ་ནི་འཇིག་རྟེན་གཞན་དུ་འགྲོ་བའི་དུས་ལ་བབ་པ་ན། ཚེ་འདིའི་ལུས་ཀྱིས་ཀྱང་ཅུང་ཟད་ཀྱང་ཕན་པར་མི་ནུས་ཏེ། བར་དོའི་ཤེས་པ་རྟེན་མེད་དུ་གནས་པའི་ཚེ་ཡང་། ཞག་གཅིག་གི་གནས་སམ་རྟེན་དུ་ཡང་མི་རུང་བའི་ཕྱིར་ཏེ། དེ་ཉིད་ལས། ལུས་འདི་གཅིག་པུ་བྱུང་བ་ཡང་། །ལྷན་ཅིག་སྐྱེས་པའི་ཤ་རུས་དག །ཞིག་སྟེ་སོ་སོར་འགྱེས་གྱུར་ན། །མཛའ་བ་གཞན་ལྟ་ཅི་ཞིག་སྨོས། །ཞེས་སོ། །མདོར་ན་འོང་བར་ངེས་ཤིང་ནམ་འོང་མ་ངེས་པའི་འཆི་བདག་ཡིད་བརྟན་མེད་པར་ཤེས་ནས། ཚེ་འདིའི་ཕྱི་ཆིས་དང་གྲབས་ཤོམ་ལས་བློ་སྣ་བསྟུང་བར་རིགས་ཏེ། དེ་ཉིད་ལས། ཡིད་བརྟན་མི་རུང་འཆི་བདག་ནི། །བྱས་དང་མ་བྱས་མི་སྡོད་པས། །ན་དང་མི་ན་ཀུན་གྱིས་ཀྱང་། །གློ་བུར་ཚེ་ལ་ཡིད་མི་བརྟན། །ཞེས་གསུངས་པ་ལྟར་རོ། །གཞན་དུ་ན་དེ་ཉིད་ལས། རང་སྡེ་རིམ་གྱིས་གསོད་པ་ཡང་། །ཁྱོད་ཀྱིས་མཐོང་བར་མ་གྱུར་ཏམ། །འོན་ཀྱང་གཉིད་ལ་བརྟེན་པ་གང་། །གདོལ་པ་དང་ནི་མ་ཧེ་བཞིན། །ཞེས་པ་ལྟར་བག་མེད་པའི་གཉིད་དང་སྙོམས་ལས་ཀྱིས་གནས་པ་ཡང་། དམན་པའི་སྤྱོད་པ་ཁོ་ནར་འགྱུར་བའི་ཕྱིར་དང་། གྲུབ་པ་དང་མ་གྲུབ་པའི་བྱ་བ་ལ་མི་ལྟོས་པར་འཆི་བདག་གློ་བུར་དུ་འོངས་པ་ན། འགྱོད་པས་སེམས་གདུང་བར་འགྱུར་ཏེ། དེ་ཉིད་ལས། འདི་ནི་མ་བྱས་བརྩམས་པ་དང་། །འདི་ཕྱིན་བྱས་པར་གནས་པ་ལས། །གློ་བུར་འཆི་བདག་འོང་ནས་ནི། །ཀྱི་ཧུད་བཅོམ་ཞེས་སོས་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་དུས་ལ་བབ་པ་དེའི་ཚེ་ན། དམ་པའི་ཆོས་ལ་འབད་པར་རུང་ངོ་སྙམ་ན་མ་ཡིན་ཏེ། སྡུག་བསྔལ་དུ་མས་ཡིད་དཀྲུགས་པའི་ཕྱིར་དང་། དུས་ཀྱིས་གཏུགས་པས་གླགས་མེད་པའི་ཕྱིར་ཏེ། དེ་ཉིད་ལས། མྱ་ངན་ཤུགས་ཀྱིས་སྐྲངས་པ་ཡི། །མིག་དམར་གདོང་ལ་མཆི་མ་འཛག །ཉེ་དུ་རེ་ཐག་ཆད་པ་དང་། །གཤིན་རྗེའི་ཕོ་ཉའི་བཞིན་ལ་ལྟ། །རང་སྡིག་དྲན་པས་གདུང་བ་དང་། །དམྱལ་བའི་སྒྲ་ནི་ཐོས་པ་ཡིས། །སྐྲག་པས་མི་གཙང་ལུས་གོས་ཤིང་། །མྱོས་པར་འགྱུར་ཚེ་ཅི་ཞིག་བྱ། །ཞེས་སོ། །དེའི་ཕྱིར་རྒྱུ་མཚན་དེ་དག་བསམས་པའི་སྒོ་ནས། ཆོས་རྐྱེན་དབང་ཏུ་མི་བཏང་བར་བློ་ཐག་ཆོད་པར་བྱ་སྟེ། འཆི་བར་ངེས་ཤིང་ཤི་བའི་ཚེ་ཆོས་མ་གཏོགས་པ་མགོན་སྐྱབས་གཞན་མེད་པའི་ཕྱིར། དོན་འདི་ཡང་། རྒྱལ་པོ་ལ་གདམས་པའི་མདོ་ལས། ཤིན་ཏུ་གསལ་བར་གསུངས་ཏེ། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་རི་དྭགས་ཀྱི་རྒྱལ་པོ་སེང་གེ། རི་དྭགས་ཀྱི་ཚོགས་ཀྱི་ནང་དུ་ཞུགས་ནས། རི་དྭགས་བཟུང་སྟེ་ཇི་ལྟར་འདོད་པ་བཞིན་དུ་བྱ་བ་བྱེད་དོ། །རི་དྭགས་དེ་ནི་སྟོབས་ཆེན་པོའི་ཁ་མི་བཟད་པས་བཟུང་བས་དབང་མེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་འཆི་བདག་གི་གསལ་ཤིང་གིས་ཟུག་སྟེ།རྒྱགས་པ་དང་ནི་བྲལ། མགོན་ནི་མེད། སྐྱབས་ནི་མེད། དཔུང་གཉེན་ནི་མེད། གཤིས་ནི་འཇིག ཚིགས་ནི་བྱེ་བྲལ། ཤ་དང་ཁྲག་ནི་སྐམ། ལུས་ནི་ནད་ཀྱིས་གདུངས། ཁ་ནི་སྐམ། བཞིན་ནི་འགྱུར། རྐང་ལག་ནི་གཡོ་བ། ལས་ནི་མི་ནུས་མཐུ་ནི་མེད། ཁ་ཆུ་དང་སྣབས་དང་གཅིན་དང་སྐྱགས་ཀྱིས་ནི་ལུས་ལ་གོས། མིག་དང་རྣ་བ་དང་སྣ་དང་། ལྕེ་དང་ལུས་དང་། ཡིད་ཀྱི་དབང་པོ་དག་ནི་འགག སྐྱིགས་བུ་ནི་འབྱུང་། སྒྲ་ངར་ངར་པོ་ནི་འཐོན། སྨན་པས་ནི་བོར། སྨན་དང་ཁ་ཟས་དང་། བཟའ་བ་དང་། ཐུག་པ་ཐམས་ཅད་ཀྱིས་ནི་སྲེས་ལ་བོར་ཏེ། འགྲོ་བ་གཞན་དག་ཏུ་འགྲོ་བར་མལ་གྱི་མཐའ་མ་ལ་ནི་ཉལ། ཐོག་མ་མེད་པའི་སྐྱེ་བ་དང་། རྒ་བ་དང་འཆི་བའི་འཁོར་བའི་རྒྱུད་དུ་ནི་ནུབ། སྲོག་ནི་ཅུང་ཟད་ཅིག་ལས། གཤིན་རྗེའི་མིས་ནི་འཇིགས་ཤིང་སྐྲག བྱུར་གྱི་དབང་དུ་ནི་སོང་། དབུགས་རྒྱུ་བ་ནི་ཆད། ཁ་དང་སྣ་ནི་གདངས། སོ་ནི་གཙིགས། སྦྱིན་པ་སྦྱིན་ནོ་ཞེས་དེ་སྐད་གསོལ་བ་ནི་འདེབས། ལས་ཀྱི་སྲིད་པ་ནས་ཡང་སྲིད་པ་ལ་ནི་འཇུག གཅིག་པུ་གཉིས་སུ་མེད་ཅིང་གྲོགས་ནི་མེད་དེ། འཇིག་རྟེན་འདི་ནི་འདོར། འཇིག་རྟེན་ཕ་རོལ་ཏུ་ནི་འགྲོ། སྐྱས་ཆེན་པོ་ནི་འདེགས། མུན་པ་ཆེན་པོར་ནི་ཞུགས། གཡང་ས་ཆེན་པོར་ནི་ལྷུང་། དུར་ཁྲོད་ཆེན་པོར་ནི་འཇུག དགོན་པ་ཆེན་པོར་ནི་འགྲོ། རྒྱ་མཚོ་ཆེན་པོས་ནི་ཁྱེར། ལས་ཀྱི་རླུང་གིས་ནི་བདས། ས་ཚུགས་མེད་པའི་ཕྱོགས་སུ་ནི་འགྲོ། གཡུལ་ངོ་ཆེན་པོར་ནི་འཇུག གདོན་ཆེན་པོས་ནི་ཟིན། ནམ་མཁའ་ལ་ནི་འཆེལ། ཕ་མ་དང་། ཕུ་ནུ་དང་། སྲིང་མོ་དང་། བུ་དང་བུ་མོས་ནི་བསྐོར། དབུགས་ནི་འཆད། ནོར་བགོ་བཤའ་བྱ་ཞེས་ནི་ཟེར། ཀྱི་ཧུད་མ། ཀྱི་ཧུད་ཕ། ཀྱི་ཧུད་བུ། ཞེས་ཟེར་ཞིང་སྐྲ་ནི་ཞིག་སྟེ། སྦྱིན་པ་དང་དཀའ་ཐུབ་དང་ཆོས་འབའ་ཞིག་གྲོགས་སུ་གྱུར་པ་ན། ཆོས་མ་གཏོགས་པར་སྐྱབས་གཞན་མེད། མགོན་གཞན་མེད། དཔུང་གཉེན་གཞན་མེད་དོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་ཆོས་ནི་གླིང་དང་། གནས་དང་མགོན་དང་རྟོན་པར་འགྱུར་རོ། །ཞེས་སོགས་རྒྱས་པར་གསུངས་སོ། །རྒྱུ་མཚན་དེའི་སྒོ་ནས་འཆི་བ་རྗེས་སུ་དྲན་པ་དེས། ཚེ་འདིའི་སྐྱིད་ཚེ་སྡུག་ཡུན་བར་སྣང་གི་གློག་ཕྲེང་ངམ། རྨི་ལམ་ཐུན་ཅིག་གི་བདེ་སྡུག་དང་མཚུངས་པར་ཤེས་པར་བྱ་སྟེ། སྤྱོད་འཇུག་ལས། རྨི་ལམ་ལོ་བརྒྱར་བདེ་མྱོང་ནས། །སད་པར་གྱུར་པ་གང་ཡིན་དང་། །གཞན་ཞིག་ཡུད་ཙམ་བདེ་མྱོང་ནས། །སད་པར་གྱུར་པ་གང་ཡིན་པ། །སད་པ་དེ་དག་གཉིས་ཀ་ལའང་། །བདེ་བ་དེ་ནི་ཕྱིར་འོང་མེད། །ཚེ་རིང་ཚེ་ཐུང་གཉིས་ཀ་ཡང་།།འཆི་བའི་དུས་སུ་དེ་འདྲར་ཟད། །ཅེས་སོ། །དེའི་ཕྱིར་ཚེ་འདིའི་བདེ་བ་དོན་གཉེར་ལས་བློ་བཟློག་ཏེ། ཕྱི་མ་ཕན་ཆད་ཀྱི་བདེ་ལེགས་སྒྲུབ་པའི་མདུན་གྲོས་སྙིང་ཕུགས་སུ་བཞག་ཅིང་། དེའི་ཐབས་ཀྱིས་བྱང་ཆུབ་ཀྱི་སེམས་ལས་མཆོག་ཏུ་གྱུར་པ་གཞན་མེད་པར་ཤེས་ནས། འདི་ཉིད་ཅི་སྐྱེ་ཅི་གནས། ཅི་འཕེལ་ཁོ་ན་ལ་བསམ་པ་ཐག་པ་ནས་འབད་པར་བྱའོ། །ཇི་སྐད་བཤད་པའི་དོན་དེ་དག་དྲན་ལམ་དུ་གནས་པའི་ཆེད་དུ། ནད་མེད་མི་རྟག་ལང་ཚོ་རྟག་མ་ཡིན། །འབྱོར་པ་མི་རྟག་སྲོག་ཀྱང་རྟག་མ་ཡིན། །སྐྱེ་བོ་མི་རྟག་ཉིད་ཀྱིས་ལེན་འགྱུར་ན། །འདོད་པའི་ཡོན་ཏན་དགའ་བ་ཅི་ལྟར་སྐྱེ། །ཞེས་མི་རྟག་པ་ཉིད་ཀྱི་མདོ་ལས་གསུངས་པ་ལྟ་བུའི་ཚིག་འདོན་ཞིང་། དོན་སེམས་པར་བྱའོ། །ཀྱི་ཧུད་འཇིགས་རུང་གཤིན་རྗེས་དབང་མེད་པར། །གཅིག་པུ་ཉམ་ངར་མྱུར་དུ་ཁྲིད་ངེས་ཤིང་། །དེ་ཚེ་ཆོས་ལས་གཞན་པའི་སྐྱབས་མེད་པས། །བློ་ཐག་ཆོས་ལ་ཆོད་ཅིག་སེམས་ལྡན་དག །

(མུ་འགོད)
འབྲེལ་ཡོད་འོས་སྦྱོར།