logo

རྩོམ་བསྡུའི་བརྡ་ཐོ།

རྩོམ་པ་པོ།:སངས་རྒྱས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-01-12 ཀློག་གྲངས།:
     ངེད་སློབ་གླིང་གིས《  མཚོ་སྔོན་ནང་བསྟན་སློབ་གླིང་རིག་གཞུང་དུས་དེབ》  ཞིག་སྤེལ་འཆར་ཡོད་པ་འདིར་ནང་བསྟན་རིག་གནས་དང་མིའི་རིགས་རིག་པའི་ཁྱད་ཆོས་འབུར་དུ་ཐོན་པ་དང་། རང་རྒྱལ་གྱི་རིག་གནས་གང་རུང་ལ་བསླབ་པ་སློབ་གཉེར་བྱས་ནས་ནང་བསྟན་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན། དར་སྤེལ་བྱེད་རྒྱུ་གནད་དུ་འཛིན་པའི་རྩ་དོན་གཞིར་བཟུང་ནས་གཞུང་བཀའ་པོད་ལྔའི་ནང་དོན་བརྗོད་གཞི་བྱས་ཏེ་གཞུང་གི་སྐོར་གྱི་དོགས་དཔྱོད་དང་དཔྱད་རྩོམ་སོགས་སྡེ་ཚན་དུ་མ་བཀོད་སྒྲིག་བྱས་ཡོད། སྡེ་ཚན་འདི་དག་འཛམ་གླིང་སའི་དཀྱིལ་འཁོར་ཀུན་ཏུ་ཤེས་པར་བྱ་བ་གང་ཇི་སྙེད་པའི་དོན་གྱི་སྣང་བརྙན་ལ་རིག་པའི་གསལ་རྒྱུས་ངེས་ཤེས་འདྲོངས་པའི་ཞིང་ཁམས་ཞིག་དང་། གཟུར་གནས་མིག་རྒྱང་རིང་བའི་ཤེས་རབ་ཀྱི་དཀྱེལ་ཡངས་པ་དག་ལ་ས་བོན་འདེབས་སའི་ཞིང་ས་ལེགས་པོ་ཞིག་བསྐྲུན་པ་གཞིར་བཅས་སྲིད་ཇུས་ཀྱི་ཁ་ཕྱོགས་དང་འཚམ་ལ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་ཁྱད་ཆོས་འབུར་དུ་ཐོན་པར་སྤེལ་གྱིན་ཡོད། དེ་བས་རྒྱ་ཆེ་རིག་གཞུང་སྨྲ་བ་དག་གིས་གོང་གསལ་སྡེ་ཚན་དང་འཚམ་པའི་ཕྱག་རྩོམ་རེ་གནང་རྒྱུ་ཐུགས་རྗེ་ཆེ་ཞུ་བ་ཡིན། ཕྱག་རྩོམ་བསྐུར་ཚེ་དོ་སྣང་མཛད་དགོས་པ་ནི།
     གཅིག གསར་རྩོམ་ཡིན་དགོས་པ(དུས་དེབ་གཞན་གྱི་སྟེང་མ་བཀོད་པའི་རྩོམ)རྩོམ་འགོར་ནང་དོན་གནད་བསྡུས་དང་། བརྡ་ཆད་གཙོ་བོ། ཟུར་བལྟའི་དཔྱད་གཞིའི་དཔེ་མིང་དང་རྩོམ་པ་པོ། དཔེ་སྐྲུན་ཁང་། དཔར་དུ་སྐྲུན་ལོ། ཤོག་ངོས་ཨང་གྲངས། རྒྱ་ཡིག་རྩོམ་བྱང་སོགས་གསལ་བོར་འབྲི་དགོས།
     གཉིས། རྩོམ་པ་པོ་རང་ཉིད་ཀྱི་མཚན་བོད་རྒྱ་ཡི་གེ་གཉིས་ཀྱིས་འབྲི་བ་དང་། ལས་ཁུངས། ཤེས་ཡོན་གྱི་མིང་ཐོབ། ཞིབ་འཇུག་གི་ཁ་ཕྱོགས། འབྲེལ་གཏུགས་བྱ་ཡུལ་སྦྲག་ཨང་དང་ཞལ་པར་ཨང་གྲངས་སོགས་གསལ་བོར་འབྲི་དགོས།
     གསུམ། རྩོམ་ཡིག་ལ་བལྟ་བདེ་འཁྲུལ་བ་མི་འབྱུང་ཕྱིར་སུབ་ནོག་ཆད་ལྷག་མེད་པར་ཞུས་དག་ནན་མོ་བཏང་ནས་གཏགས་པར་རྒྱབ་ནས་བསྐུར་དགོས།
     བཞི། རྩོམ་ཡིག་འབྱོར་ཉིན་ནས་ཟླ་བ་གསུམ་གྱི་ནང་འགོད་མིན་གྱི་བརྡ་ལན་གཏོང་རྒྱུ་ལས་མ་ཕྱི་ཕྱིར་འབུལ་ཞུ་རྒྱུ་མིན་པས་ཁྱེད་ཅག་གིས་དགོངས་འཇགས་འཚལ།
     ལྔ། རྩོམ་པ་པོ་གང་གི་ཕྱག་རྩོམ་བཀོད་པར་གཏན་ཁེལ་བྱས་ཚེ་རྩོམ་ཡོན་ཡིག་གྲངས་ལྟར་འབུལ་རྒྱུ་ཡིན།
     རྩོམ་སྒྲིག་པའམ་འབྲེལ་གཏུགས་བྱ་ཡུལ། བྱ་མདོ་རབ་རྒྱས། 18609750036
                                                  མེ་བརྒྱ་སངས་རྒྱས་དོན་འགྲུབ། 13897795020
     ཕྱག་རྩོམ་བསྐུར་ཡུལ།  མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་རྨ་ཤར་གྲོང་རྡལ་གྱི་ཇོ་ཇོ་ལྷ་ཁང་གི་མདུན་ཕྱོགས།
                              《  མཚོ་སྔོན་ནང་བསྟན་སློབ་གླིང་རིག་གཞུང་དུས་དེབ》  བོད་ཡིག་རྩོམ་སྒྲིག་ཁང་།
     སྦྲག་ཨང་། 811700
     གློག་རྡུལ་ཡིག་སྒམ། qhfxybjb@163.com


འབྲེལ་ཡོད་འོས་སྦྱོར།