ལམ་ཡིག
དངོས་མིང་། རྡོ་རྗེ་ཚེ་བརྟན།
པིར་མིང་། རླུང་བུ།
འཛིན་གྲྭ 2009ལོའི་གེ་སེར་རིག་གནས་སློབ་གླིང་གི་བོད་སྐད་ཡིག་རྩོམ་རིག་དངོས་འཕར་འཛིན་གྲྭ
ཕ་ཡུལ། མཚོ་ལྷོ་འབའ་རྫོང་།
ལམ་ཡིག
ཉི་འོད་ཀྱི་ཐོམ་བུས་གནམ་གྲུ་དུ་བ་ཅན་ཞིག་རྩྭ་ཐང་དུ་བཏང
མིང་དྲོན་མོ་རེ་ཡོད་པའི་མེ་ཏོག་དག་རླངས་འཁོར་གྱི་འཁོར་ལོས་གཙབ
སྤྲིན་པ་ལུག་ཁྱུའི་སྐེ་ཁུག་ཏུ་ཞོན་ནས་ཤན་པ་ཞིག་གི་ཚོད་ཀྱིས་གཡང་ཡང་མྱངས་རྗེས
སྒལ་གཞུང་དང་རྭ་ཅོ་ལ་རྟགས་རེ་བརྒྱབ
དེའི་དུས་སུ་ལུག་ཁྱུའི་ཀྱང་སློབ་ཆེན་དུ་མིང་ཐོ་བཀོད
ལམ་དཀྱིལ་ཧྲིལ་བོར་ལྷུང་བ་ནི་ལམ་ཡིག་གི་བཀྲམ་པས་མུ་ཏིག་དེ
གསེར་སྐུད་ཕྲ་མོའི་སྟེང་ནས་ཚིག་ཏེ་རྐང་རྗེས་ཀྱི་འདབ་མ་ནས་བཞད
ལམ་གྱི་རུས་ཀོག་ཏུ་བསྐུངས་པའི་ཁ་ཕྱོགས་གཉིས་དེ མདུན་རྒྱབ
མདུན་ནི་བཙལ་དཀའ་བའི་དུས་ཚོད་ཀྱི་སྐར་ཆའི་སྣ་ཡི་འོ་མའི་ཐིགས་པ
རྒྱབ་ནི་སྐྱེ་སླ་བའི་དུར་ཁྲོད་བསིལ་བའི་ཚལ་གྱི་མེ་ཏོག
-
དཔྱད་རྩོམ་འདིར་རྒྱ་ནག་གོང་མ་ཆྭན་ལུང་དུས་སོག་པོ་ལོ་...
-
[ ཆོས་ལུགས་རིག་གནས།]
དཔལ་ལྡན་ཀ་ལཱ་པར་འཇུག་པ་ཞེས་བྱ་བ་ཡུལ་རྣམས་ཀྱི་མཆོག་ཏུ་གྱུར་བ་ཤམ་བྷ་ལར་འགྲོ་ཚུལ་གྱི་ལམ་ཡིག
རྒྱ་གར་སྐད་དུ།ཀ་ལཱ་པ་ཨ་ཝ་ཏ་ར།བོད་སྐད་དུ།ཀ་ལ་པར་འཇུ...