logo

མཚོ་སྔོན་པོའི་དྲ་བ་ལོ་འཁོར་བཅུ་ལོན་པའི་འདས་མ་ད་གསུམ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད་ཀྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-11-29 ཀློག་གྲངས།:


2007ལོར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དང་མིང་གྲགས་སྙན་ངག་པ། ཡིག་གཟུགས་མཁས་པ་
ཅི་ཏི་མཱ་ཅཱས་མཚོ་སྔོན་པོ་དྲ་བ་ཤར་གཏོང་བྱས་པར་ཕྱག་བྲིས་གནང་།

     མཚོ་སྔོན་པོའི་དྲ་བ2007ལོར་བཙུགས་པ་ནས་བཟུང་། མཚོ་ལྷོའི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཁག་གི་དོ་ཁུར་དང་རྒྱབ་སྐྱོར། ཁུལ་ཨུའི་དྲིལ་སྒྲོག་པུའི་ཡང་དག་སྣེ་ཁྲིད་འོག ཚན་རིག་གི་འཕེལ་རྒྱས་ལྟ་བ་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཕྱོགས་སྟོན་དུ་བཟུང་སྟེ། ཕྱོགས་ཡོངས་ནས"ཏན་ཏན་ཏིག་ཏིག་བཞིའི"དགོངས་པ་གལ་ཆེན་དངོས་འབེབས། "འགྱུར་བ་བཞི"སྐུལ་སྤེལ་སྒོས། དངོས་གནས་མཚོ་ལྷོ་ཁུལ་གྱི་ཆབ་དཔལ་རིག་གསུམ་དང་། སྐྱེ་ཁམས། སྤྱི་ཚོགས་འཕེལ་རྒྱས། དེ་མིན་མི་ཆོས་ཡུལ་སྲོལ་སོགས་ཐད་ཀྱི་ཆ་འཕྲིན་སྤེལ་ཏེ། མཚོ་ལྷོ་ཁུལ་གྱི་ཕྱི་ཕྱོགས་སྒོ་འབྱེད་དང་འབྲེལ་འདྲིས་ཀྱི་ཞབས་ཞུའི་སྒེའུ་ཁུང་གཏད།
དང་པོ། མཚོ་སྔོན་པོ་དྲ་བ་གསར་འཛུགས་ཀྱི་སྐོར།
     2007ལོར་མཚོ་སྔོན་པོ་དྲ་བ་དངོས་སུ་བཙུགས་ཤིང་། ལེ་ཚན་བཀོད་སྒྲིག་ལ་མཚོ་སྔོན་དང་བོད་ལྗོངས། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་ཞིང་ལྗོངས་ཁེབས་ལ། དྲ་རྒྱའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། མཚོ་སྔོན་པོ་དྲ་བ་འདི་མི་རིགས་ཀྱི་རིག་གནས་འབྲེལ་འདྲིས་དང་ས་ཁོངས་ཀྱི་ཡུལ་སྲོལ་ངོམ་པའི་ཆ་འཕྲིན་དྲ་རྒྱའི་སྟེགས་བུ་ཞིག་ཏུ་གྱུར་ལ། མཚོ་ལྷོ་འཛམ་གླིང་དུ་སྐྱོད་པ་དང་འཛམ་གླིང་ཡོངས་ཀྱིས་མཚོ་ལྷོར་རྒྱུས་ལོན་བྱེད་པ་དམིགས་འབེན་དུ་བཟུང་ནས་དྲ་རྒྱའི་འཛུགས་སྐྲུན་དང་གསར་བསྐྲུན་ལ་ཤུགས་བསྣན།
     མཚོ་སྔོན་པོ་དྲ་བ་ནི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་དྲ་རྒྱ་ཞིག་ཡིན་ཞིང་། དེར་སྐབས་དོན་དང་། ཆེད་དོན། རྒྱལ་སྤྱི། སློབ་གསོ། ཆོས་ལུགས། རྩོམ་རིག  གསོ་རིག ལོ་རྒྱུས། ཡུལ་སྐོར། དམངས་སྲོལ། སྣོད་བཅུད། མི་སྣ། རྩེད་འཇོ། དཔེ་གཟིགས་དོ་ར་བཅས་ལེ་ཚན་ཆེ་བ14དང་ལེ་ཚན་ཆུང་བ60ལྷག་འདུས། དེ་མིན་མཚོ་སྔོན་པོའི་ཞོགས་ཟེར་དང་མཚོ་སྔོན་པོའི་ཟིན་བྲིས་སོགས་ཁྱད་ལྡན་ལེ་ཚན་སྤེལ་ཏེ་རྩོམ་རིག་ལ་མོས་པའི་དྲ་དམངས་ལ་རྩོམ་རིག་གི་འཁྱུག་རྩལ་ངོམ་པའི་སྟེགས་བུ་བསྐྲུན།


2008ལོའི་ཟླ2པའི་ཚེས11ཉིན། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་སྲས་མོ་ཡབ་གཞིས་
པཎ་རིག་འཛིན་དབང་མོས་མཚོ་སྔོན་པོ་དྲ་བར་ཕྱག་བྲིས་གནང་།

གཉིས་པ། མཚོ་སྔོན་པོ་དྲ་བའི་ད་ཡོད་གནས་བབ་དང་སྤྱི་ཚོགས་ཀྱི་ཕན་འབྲས།
     མཚོ་སྔོན་པོ་དྲ་བ་བཙུགས་པ་ནས་བཟུང་། སྤྱི་ཚོགས་ལས་རིགས་སོ་སོའི་དོ་སྣང་དང་རྒྱབ་སྐྱོར་ཐོབ་ཅིང་། གཙོ་ཆེར་ས་གནས་ཀྱི་རིག་གནས་གཟེངས་སུ་བཏོད་པས་དྲ་གྲོགས་རྣམ་པས་དགའ་བསུ་བྱེད། མཚོ་སྔོན་པོ་དྲ་བར་མཚོ་སྔོན་པོའི་རྒྱ་ཡིག་དྲ་བ་དང་མཚོ་སྔོན་པོའི་བོད་ཡིག་དྲ་བ། མཚོ་སྔོན་པོའི་རྒྱ་ཡིག་ཟིན་བྲིས་དང་། མཚོ་སྔོན་པོའི་བོད་ཡིག་ཟིན་བྲིས། མཚོ་སྔོན་པོ་གླུ་དབྱངས་དྲ་བ་བཅས་འདུས་ཤིང་། མིག་སྔའི་བར། མཚོ་སྔོན་པོའི་བོད་ཡིག་དང་རྒྱ་ཡིག་དྲ་བས་ཆ་སྙོམས་ཀྱིས་རིགས་སྣ་ཚོགས་ཀྱི་ཆ་འཕྲིན་ཁྲི3ལྷག་སྤེལ་ཡོད་ལ། དེ་ལས་ཐོག་མའི་གསར་རྩོམ་གྱི་ཆ་འཕྲིན85%དང་། མཚོ་ལྷོ་ཁུལ་གྱི་ཆ་འཕྲིན65%ཡན་འདུས། སྒོས་སུ་མཚོ་སྔོན་པོའི་བོད་ཡིག་དྲ་བ་དང་བོད་ཡིག་ཟིན་བྲིས་བཙུགས་པ་འདིས་བོད་སྐད་ཡིག་འདི་དྲ་རྒྱའི་ཆ་འཕྲིན་དུས་རབས་སུ་སྐྱོད་པ་དང་འཛམ་གླིང་སྔོན་ཐོན་ཡིག་རིགས་སུ་ཚུད་པར་ནུས་པ་མི་དམན་པ་བཞག་པ་མ་ཟད། བོད་སྐད་ཡིག་གི་བེད་སྤྱོད་དང་འཕེལ་རྒྱས་ཐད་སྐུལ་འདེད་ཀྱི་ནུས་པ་ཐོན་ལ། བོད་སྐད་ཡིག་གི་སྤྱོད་ནུས་དང་སྤྱི་ཚོགས་ཀྱི་གནས་བབ་མཐོར་འདེགས་སུ་བཏང་། བོད་ཡིག་ཟིན་བྲིས་ཐོ་འགོད་བེད་སྤྱོད་པ10270དང་ཟིན་བྲིས་སྤེལ་ཚད་ཁྲི10ལྷག་དང་། ཉིན་རེར་ཆ་སྙོམས་ཟིན་བྲིས་སྤེལ་ཚད30ཡས་མས་ཡིན་ཞིང་། རྒྱལ་ནང་ན་ཆེས་ཆེ་བའི་བོད་ཡིག་ཟིན་བྲིས་སུ་གྱུར།
     མིག་སྔར། མཚོ་སྔོན་པོ་དྲ་བ་དེ་པའེ་ཏུའུ་འཚོལ་བཤེར་དང་ཀྲུང་གོའི་འཚོལ་བཤེར་ཁྲོད་ཨང1པོ་ཟིན་ཞིང་། སོའུ་ཀོའུ་དང་ཐེང་ཞུན་སོགས་འཚོལ་བཤེར་མ་ལག་ཁྲོད་ཨང3པ་ཟིན། མཚོ་སྔོན་པོ་དྲ་བའི་སྤྱོད་མཁན་ནི་རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར31དང་། ཕྱིའི་རྒྱལ་ཁབ་དང་ས་ཁུལ116ལ་ཁེབས་ཤིང་། ཉིན་རེའི་ཆ་སྙོམས་ཀློག་ཚད་ཐེངས5000ཡས་མས་ཡིན། ཀློག་འཐུས་རང་བཞིན་ལྡན་ཞིང་དོ་སྣང་གི་ཁེབས་རྒྱ་ཆེ་ལ། ཆ་འཕྲིན་སྤེལ་བའི་དབང་གྲགས་རང་བཞིན་མཐོ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཏེ། བོད་ཁུལ་གྱི་དྲ་རྒྱའི་ཁྲོད་གོ་གནས་ངེས་ཅན་ཟིན་ཞིང་མངོན་གསལ་གྱི་སྤྱི་ཚོགས་ཕན་ནུས་ཐོན།


2011ལོའི་ཟླ7པའི་ཚེས16ཉིན། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་གཞོན་པ་
བློ་བཟང་ལྷུན་གྲུབ་རྡོ་རྗེ་བསྐོར་དང་བཅས་པ་མཚོ་སྔོན་པོ་དྲ་བར་གཟིགས་ཞིབ་ཏུ་ཕེབས་པ།

གསུམ་པ། མཚོ་སྔོན་པོ་དྲ་བའི་དོ་དམ་བྱེད་ཐབས།
     དྲ་རྒྱའི་ཆ་འཕྲིན་ཇེ་མང་དང་སྙན་གྲགས་ཇེ་མཐོར་སོང་བ་དང་བསྟུན། ཆ་འཕྲིན་བདེ་འཇགས་དོ་དམ་བྱ་བ་ཉིན་རེར་གལ་ཆེན་དུ་གྱུར་བས། ང་ཚོས་ངོས་ཟིན་ཆེན་མོ་དང་བྱེད་ཐབས་དྲག་པོ་སྤྱད་དེ་དྲ་རྒྱའི་ཆ་འཕྲིན་དོ་དམ་བྱ་བ་ནི་བྱ་བའི་གཙོ་གནད་དུ་བཟུང་སྟེ། ཆེད་དུ་མི་སྣ་རྩ་འཛུགས་བྱས་ཏེ་འགན་ཁུར་བ་ཡིན།
     གཅིག་ནི་དོ་དམ་ལ་ཤུགས་སྣོན་པ། ཆ་འཕྲིན་བདེ་འཇགས་ཉེན་ཁ་དང་དོན་རྐྱེན་ལ་གཡོལ་བར། དོ་དམ་མི་སྣ་རྩ་འཛུགས་སྒོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩིས་འཁོར་ཆ་འཕྲིན་བདེ་འཇགས་སྲུང་སྐྱོབ་ཁྲིམས་སྲོལ》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྩིས་འཁོར་གྱི་ཆ་འཕྲིན་དྲ་རྒྱའི་རྒྱལ་སྤྱི་སྦྲེལ་དྲའི་གནས་སྐབས་གཏན་འབེབས》། དེ་མིན་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ་སློབ་སྦྱོང་བྱེད་དུ་བཅུག་སྟེ་ཆ་འཕྲིན་བདེ་འཇགས་དོ་དམ་བྱ་བའི་དོན་སྙིང་གལ་ཆེན་རྟོགས་པ་དང་། ཆ་འཕྲིན་བདེ་འཇགས་དོ་དམ་བྱ་བར་མཐོང་ཆེན་སྒོས། དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ཆོས་ཉིད་དང་མཐུན་པའི་ཚན་རིག་གི་བྱེད་ཐབས་དང་། འབྲེལ་ཡོད་ལྟ་བཤེར་དང་ལྟ་སྐུལ་བྱེད་ཐབས་སྤྱད་དེ་ཆ་འཕྲིན་བདེ་འཇགས་འགན་སྲུང་བྱས།


2011ལོའི་ཟླ7པའི་ཚེས23ཉིན། གངས་ལྗོངས་ཧི་མ་ལ་ཡའི་དཔེ་མཛོད་ཁང་གི་ལས་འཛིན་
སི་ཏའེ་ཝུན་བུན་པོ་གྷི་མཚོ་སྔོན་པོ་དྲ་བར་གཟིགས་ཞིབ་ཏུ་ཕེབས་པ།

     གཉིས་ནི་ཆ་འཕྲིན་དོ་དམ་འགན་འཁྲིའི་ལམ་ལུགས་བཙུགས་པ། "སུས་དོ་དམ་བྱས་ན་སུས་འགན་ཁུར་བ་དང་། སུས་སྲུང་སྐྱོབ་བྱས་ན་སུས་འགན་ཁུར་བའི"རྩ་དོན་ལྟར། དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ཀྱི་གསང་སྡོམ་བྱ་བའི་འགོ་ཁྲིད་གཙོ་བོའི་འགན་ཁུར་ལམ་ལུགས་དང་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་པ་སྟེ། འགོ་ཁྲིད་གཙོ་བོ1ངེས་གཏན་སྒོས་དྲ་རྒྱའི་འཛུགས་སྐྲུན་དང་ཆ་འཕྲིན་བདེ་འཇགས་ལྟ་སྐུལ་བྱ་བར་འགན་ཁུར་བ་དང་། ཞིབ་ཏུ་འཆར་ཇུས་དང་། གཅིག་གྱུར་འཆར་འགོད། ལྟ་སྐུལ་སློབ་སྟོན། ཞིབ་བཤེར་བྱ་བར་འགན་ཁུར་བ་མ་ཟད། དྲ་རྒྱའི་འཛུགས་སྐྲུན་དོ་དམ་བྱ་བ་དེ་ལས་ཁུངས་ཀྱི་གལ་ཆེ་བའི་གྲོས་རིམ་དུ་འགོད་པ་དང་། དུས་ངེས་མེད་དུ་ཆེད་དོན་ཞིབ་འཇུག་སྤེལ་བ་ཡིན། ཆབ་སྲིད་ཀྱི་སྤུས་ཚད་ལེགས་ཤིང་འགན་ཁུར་གྱི་འདུ་ཤེས་དྲག་ལ། དྲ་རྒྱར་རྒྱུས་ཆེ་བའི་མི་སྣ1ངེས་གཏན་སྒོས་ཆ་འཕྲིན་འཚོལ་བསྡུ་དང་ཞིབ་བཤེར་བྱ་བར་འགན་ཁུར་ཏེ། དྲ་རྒྱའི་དོ་དམ་དང་ནང་དོན་བདེ་སྲུང་བྱ་བ་བདེ་ཐང་ངང་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱེད་པ་ཡིན།
     གསུམ་ནི་སྒྲིག་ཡིག་ལམ་ལུགས་འཛུགས་སྐྲུན་དང་འཐུས་ཚང་དུ་བཏང་བ། དྲ་རྒྱའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ། 《མཚོ་སྔོན་པོ་དྲ་བའི་ཆ་འཕྲིན་རྩོམ་སྒྲིག་མི་སྣའི་ལས་གནས་འགན་འཁྲིའི་ལམ་ལུགས》དང《མཚོ་སྔོན་པོ་དྲ་བའི་ཆ་འཕྲིན་དོ་དམ་མི་སྣའི་ཞབས་ཞུའི་ཁས་ཐེག་ལམ་ལུགས》། 《མཚོ་སྔོན་པོ་དྲ་བའི་ཆ་འཕྲིན་དོ་དམ་འགན་འཁྲི་བདའ་འདེད་ལམ་ལུགས》སོགས་དོ་དམ་ལམ་ལུགས་བཙུགས་ཤིང་། ལམ་ལུགས་ཀྱིས་ཆ་འཕྲིན་འཚོལ་བསྡུ་དང་ཞིབ་བཤེར། ཁྱབ་སྤེལ་བཅས་ལ་ཚོད་འཛིན་སྒོས། དྲ་རྒྱའི་ཆ་འཕྲིན་བདེ་འཇགས་དོ་དམ་བྱ་བའི་དངོས་འབེབས་ལ་ཁག་ཐེག་བྱེད་པ་ཡིན།
     བཞི་ནི་ཆ་འཕྲིན་སྤེལ་བར་ཞིབ་བཤེར་ལམ་ལུགས་སྤེལ་བ། ཆ་འཕྲིན་སྤེལ་བར་ཞིབ་བཤེར་ནན་མོ་བྱེད་ཅིང་། ཆ་འཕྲིན་ལ་ངེས་པར་དུ་དྲ་རྒྱའི་སྤྱིའི་རྩོམ་སྒྲིག་པས་ཞིབ་བཤེར་བྱས་རྗེས་ད་གཟོད་སྤེལ་ཆོག་པ་ཡིན། རྩོམ་སྒྲིག་པས་ཆ་འཕྲིན་སྤེལ་བའམ་དྲ་རྒྱ་གཞན་ལས་བརྒྱུད་འགོད་སོགས་བྱེད་དུས་ངེས་པར་དུ་ཞིན་ཧྭ་དྲ་བ་དང་མཚོ་སྔོན་གསར་འགྱུར་དྲ་བ། མཚོ་སྔོན་ཉིན་རེའི་ཚགས་པར། བོད་ལྗོངས་གསར་འགྱུར་དྲ་བ་སོགས་དྲ་རྒྱ་དང་དུས་དེབ་ལ་བསྟུན་ཏེ། རྒྱལ་ཁབ་ཕྱི་ནང་ལ་དྲིལ་སྒྲོག་དང་། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས། རྒྱལ་ཡོངས་བོད་ཁུལ་སོ་སོའི་ཉིན་རྒྱུན་འཕེལ་རྒྱས་དྲིལ་སྒྲོག་བྱེད། སྒོས་སུ་བོད་ཡིག་ཟིན་བྲིས་དོ་དམ་བྱེད་པའི་གོ་རིམ་ཁྲོད། ང་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས་ལ་གནོད་པའི་ཆ་འཕྲིན་མི་ལེགས་པར་ཡང་དང་བསྐྱར་དུ་ཞིབ་བཤེར་བྱས་ཏེ། གླེང་ཕྱོགས་ཁྲིད་སྟོན་མི་ལེགས་པའི་གནས་ཚུལ་འབྱུང་བར་བཀག་འགོག་བྱེད།


མཚོ་སྔོན་པོའི་དྲ་རྒྱ་ལྟེ་གནས་སུ་གླུ་མ་དབྱངས་ཅན་ལྷ་མཛེས་དང་གླུ་མ་ཚེ་སྐྱིད་གཉིས་ལ་བཅར་འདྲི་ཞུས་པ།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།