logo

མཚོ་སྔོན་པོའི་དྲ་བ་ལོ་འཁོར་བཅུ་ལོན་པའི་འདས་མ་ད་གསུམ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད་ཀྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-11-29 ཀློག་གྲངས།:
བཞི་བ། ལོ་ངོ་བཅུའི་རིང་གི་གྲུབ་འབྲས་གཙོ་བོ།
     ལོ་ངོ་བཅུའི་རིང་། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་མཚོ་སྔོན་པོ་དྲ་བ་ནི་བོད་སྐད་ཡིག་བྱ་བའི་གྲུབ་ཆ་གཙོ་བོར་བཟུང་སྟེ། ནུས་ཤུགས་གཅིག་སྒྲིལ་དང་རང་སྟེང་གི་ཁྱད་འཕགས་འདོན་སྤེལ་གང་ལེགས་སྒོས་མཚོ་ལྷོ་ཁུལ་གྱི་ཆ་འཕྲིན་ཅན་འཛུགས་སྐྲུན་ཐད་བྱས་རྗེས་ངེས་ཅན་བཞག
      གཅིག གླེང་ཕྱོགས་ཁྲིད་སྟོན་གྱི་ཁྱད་འཕགས་འདོན་སྤེལ་སྒོས་བསམ་བློའི་འདུ་ཤེས་འཛིན་སྟངས་ཀྱི་གཙོ་ཁྲིད་དབང་ཆ་བཟུང་བ། ལོ་ངོ་བཅུའི་རིང་། མཚོ་སྔོན་པོ་དྲ་བའི་ཆ་འཕྲིན་ནང་དོན་ལ་ཡར་སྐུལ་ལྡན་ཞིང་དྲང་ཕྱོགས་ཀྱི་ནུས་པ་དར་སྤེལ་བྱེད་ཅིང་། དྲ་རྒྱའི་རིག་གནས་ཕུན་ཚོགས་དང་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་ཐད་ནུས་པ་ཆེན་པོ་ཐོན། མཚོ་སྔོན་པོ་དྲ་བའི་ཕྱོགས་བསྡུས་ནུས་པ་དྲག་ཅིང་ཆ་འཕྲིན་སྤེལ་རྒྱ་ཆེ་ལ། མགྱོགས་མྱུར་སྒོས་དྲ་རྒྱའི་གླེང་ཕྱོགས་ངེས་འཛིན་དང་སྤྱི་ཚོགས་ཀྱི་གླེང་ཕྱོགས་འདྲེན་པ་སོགས་ཐད་ནས་ཉམས་མྱོང་ཕུན་སུམ་ཚོགས་པ་དང་། དུས་རྒྱུན་དྲ་རྒྱའི་བདེ་སྲུང་དོ་དམ་ཁྲོད་ང་ཚོས"གླེང་ཕྱོགས་ཁྲིད་སྟོན་ཐད་ནས་ཏང་དང་རྒྱལ་ཁབ་ལ་འགན་ཁུར་བ་དང་། ནང་དོན་གྱི་ཀློག་འཐུས་རང་བཞིན་ཐད་ནས་དྲ་གྲོགས་ལ་འགན་ཁུར་བའི"བྱ་བའི་རྣམ་འགྱུར་བཟུང་ཐོག རང་རྟོགས་ཀྱིས་དྲ་རྒྱའི་བསམ་བློའི་འདུ་ཤེས་འཛིན་སྟངས་དྲིལ་སྒྲོག་སློབ་གསོའི་བྱ་བ་སྤེལ་ཏེ། མཚོ་སྔོན་པོ་དྲ་བ་འདི་མཚོ་ལྷོ་ཁུལ་གྱི་བསམ་བློའི་འདུ་ཤེས་འཛིན་སྟངས་འཐབ་འཛིང་བྱེད་པའི་དྲ་རྒྱའི་གཡུལ་ས་ཞིག་ཏུ་བྱེད།


མཚོ་སྔོན་པོའི་རྒྱ་ཡིག་དྲ་བ།(www.amdotibet.com)

     གཉིས། ལས་ཁུངས་ཀྱི་མ་ལག་འཐུས་ཚང་དུ་བཏང་སྟེ། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་བཙུགས་པ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་མོའི་འོག  2009ལོའི་ཟླ5བར། 《མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་འཛུགས་པའི་ཆོག་མཆན》ལྟར། མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་བཙུགས་ཤིང་ཁུལ་བོད་སྐད་ཨུའི་གཞུང་སྒྲུབ་ཁང་གི་ཁོངས་གཏོགས་ཁོའོ་རིམ་པའི་ལས་རིགས་ལས་ཁུངས་ཡིན་ལ། བཤེར་འབེབས་ཀྱི་ལས་རིགས་སྒྲིག་ཁོངས4དང་ཁོའོ་རིམ་པའི་འགོ་ཁྲིད་སྟོན་གྲངས1ཡོད། 2012ལོའི་ཟླ8པར། རང་སྟེང་གི་ལས་གཉེར་རྣམ་པ་ལེགས་སྒྲིག་བྱེད་ཆེད། རྐྱང་བའི་དྲ་རྒྱའི་ལས་གཉེར་ནས་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ཏུ་བསྒྱུར་ཏེ། སྔར་ལས་ལྷག་པར་ལས་ཁུངས་འཛུགས་སྐྲུན་འཐུས་ཚང་དུ་བཏང་། 《མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་དེ་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་མིང་བསྒྱུར་བའི་ཆོག་མཆན》ལྟར། སྔར་གྱི་མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་དེ་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་མིང་བསྒྱུར་ཏེ། གཙོ་ཆེར་བོད་ཡིག་ཆ་འཕྲིན་ལག་རྩལ་སྒྲིག་གཅོད་དང་བེད་སྤྱོད་ལ་དམིགས་ནས་ཞིབ་འཇུག་དང་གསར་སྤེལ་བྱེད་ཅིང་། ཞིབ་ཏུ་བོད་ཡིག་ཆ་འཕྲིན་ལག་རྩལ་ཚད་ལྡན་ཞིབ་འཇུག་དང་། མཉེན་ཆས་གསར་སྤེལ། གྲུབ་འབྲས་གཞན་སྒྱུར། ལག་རྩལ་ཞབས་ཞུ། མི་སྣ་གསོ་སྐྱོང་སོགས་ཆ་འཕྲིན་ཐོན་ལས་ཀྱི་གསར་སྤེལ་བེད་སྤྱོད་ལས་གཉེར་སྒོས། བོད་ཁུལ་ཧྲིལ་བོའི་ཆ་འཕྲིན་ཅན་འཛུགས་སྐྲུན་དང་ས་ཁོངས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཞབས་ཞུར་སྐུལ་སྤེལ་བྱེད་པ་ཡིན། མིག་སྔར་བཤེར་འབེབས་ཀྱི་སྒྲིག་ཁོངས17དང་ཁོའོ་རིམ་པའི་འགོ་ཁྲིན་སྟོན་གྲངས1ཡིན། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་བཙུགས་པ་འདིས་མཚོ་ལྷོ་ཁུལ་གྱི་ཆ་འཕྲིན་ཅན་ལས་དོན་འཕེལ་རྒྱས་དེ་མྱུར་ལམ་དུ་ཞུགས་པ་མཚོན་ཞིང་། བོད་ཁུལ་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཀྱི་ཆུ་སྣ་དྲངས་ལ། ཞིིང་ཆེན་ནང་ཁུལ་གྱི་ཁུལ་རིམ་པའི་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཐོག་མར་གྱུར་བ་དང་དེ་ལས་གལ་ཆེ་བ་ནི་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གསར་སྤེལ་བྱེད་པར་བྱ་བའི་རྨང་གཞི་སྲ་བརྟན་དུ་བཏིངས།


མཚོ་སྔོན་པོ་བོད་ཡིག་དྲ་བའི་ཐོག་མའི་པར་གཞི།(www.amdotibet.cn)

     གསུམ། ཡང་དང་བསྐྱར་དུ་དྲ་རྒྱའི་པར་གཞི་ལེགས་བཅོས་བྱས་ཏེ་སྤྱོད་ནུས་མཐོར་འདེགས་སུ་བཏང་། གཅིག་ནི2009ལོའི་ཟླ11པར་མཚོ་སྔོན་པོ་རྒྱ་ཡིག་དྲ་བར་ཐེངས་གཉིས་པའི་ཕྱོགས་ཡོངས་རིམ་སྤར་དང་པར་གཞི་ལེགས་བཅོས་བྱས་ཤིང་། དེ་ནས་བཟུང་ད་ལྟའི་བར་བེད་སྤྱོད་བྱས་པ་མ་ཟད་ལེ་ཚན་སོ་སོའི་ནང་དོན་ཁྱད་ཆོས་ལྟར་ཁྱད་ལྡན་ལེ་ཚན་སྤེལ་ཏེ། མི་རེས་ལེ་ཚན་རེ་བྱས་ནས་སྤུས་ཚད་དང་གྲངས་ཚད་ཡོངས་སུ་འགན་ཁུར་བ་ཡིན། གཉིས་ནི2010ལོའི་ཟླ5བར། མཚོ་སྔོན་པོ་བོད་ཡིག་དྲ་བར་ཐེངས་གསུམ་པའི་པར་གཞི་ལེགས་བཅོས་བྱས། མཚོ་སྔོན་པོ་བོད་ཡིག་དྲ་བས་བོད་ཀྱི་རིག་གནས་དྲིལ་སྒྲོག་བྱེད་པ་དམིགས་སུ་བཟུང་སྟེ། གཙོ་ཆེར་བོད་ཀྱི་སྐད་དང་ཡི་གེ་སློབ་སྦྱོང་དང་། བེད་སྤྱོད། འཕེལ་རྒྱས་བཅས་ལ་ཞབས་ཞུ་བསྒྲུབ་ལ། ནུས་ཡོད་སྒོས་བོད་ཀྱི་སྐད་དང་ཡི་གེ་དེ་འཛམ་གླིང་གཙོ་ཁྲིད་ཡི་གེའི་སྨྱན་བྱད་དུ་ཚུད་པར་བརྩོན་པ་ཡིན། གསུམ་ནི2010ལོའི་ཟླ11པར། བོད་ཡིག་དང་རྒྱ་ཡིག་ཟིན་བྲིས་ལ་ཐེངས་གཉིས་པའི་པར་གཞི་ལེགས་བཅོས་བྱས་ཏེ། ཟིན་བྲིས་ཀྱི་བར་སྟོང་ཆེར་བསྐྱེད་དང་ཟིན་བྲིས་ཀྱི་དབྱིབས་ངོས་ཁ་སྣོན། དྲ་ལམ་ཞབས་ཞུ་མཁོ་འདོན་བྱེད་ཅིང་། ཟིན་བྲིས་ཀྱི་པར་གཞི་ལེགས་བཅོས་བྱས་རྗེས་ཟིན་བྲིས་འབྲི་མཁན་ཉིན་རེ་བཞིན་ཇེ་མང་དུ་སོང་ལ། ཟིན་བྲིས་སྤྱོད་མཁན་གྱི་དགའ་བསུ་ཆེན་པོ་ཐོབ།
     བཞི། ཆ་འཕྲིན་སྤེལ་བར་ཤུགས་བསྣན་པ། དུས་དང་རྣམ་པ་ཀུན་ཏུ་ང་ཚོས་ལེ་ཚན་སོ་སོའི་ཆ་འཕྲིན་ནང་དོན་ནན་ཏན་གྱིས་སྤེལ་ཏེ་གསར་སྒྱུར་བྱེད་པ་ཡིན་ལ། མ་རྩོམ་གྱི་ཐད་ནས་ཤུགས་བསྣན་པ་ཡིན། མཚོ་སྔོན་པོ་དྲ་བའི་ཆ་འཕྲིན་ལ་ས་ཁོངས་ཀྱི་ཁྱད་ཆོས་ཤིན་ཏུ་དོད་ཅིང་། ནང་དོན་ལ་ཡི་གེ་དང་དཔེ་རིས་སྤེལ་མས་བཀོད་པ་མ་ཟད་གཙོ་ཆེར་ཤེས་བྱ་རང་བཞིན་དང་སྤྲོ་སྣང་རང་བཞིན་མཐུན་སྦྱོར་བྱེད། དུས་མཚུངས་སུ། ཆེད་དོན་ལེ་ཚན་ལ་ཤུགས་བསྣན་ཏེ་མཚོ་ལྷོ་ཁུལ་གྱི་དཔེ་མཚོན་སྐོར་སྤེལ་ལ། བསྡོམས་པས་ཆེད་དོན་ཆ་འཕྲིན700ལྷག་སྤེལ། དེ་ལས་མཚོ་ལྷོ་ཁུལ་གྱི་སློབ་གསོའི་སྐོར་གྱི་ཆེད་དོན་དང་། ཡུལ་ཤུལ་གནོད་ཐེབས་མྱུར་སྐྱོབ་ཆེད་བཙུགས་ལེ་ཚན“མཚོ་ལྷོའི་བརྩེ་སེམས་ཡུལ་ཤུལ་ལ་སྦྲེལ་བ”། ཆེད་དོན་ཆེན་མོ“མཚོ་ལྷོའི་འདས་མ་ད་གསུམ”། མིང་དུ་གྲགས་པའི་བོད་རིགས་རྩོམ་པ་པོ་སྟག་འབམ་རྒྱལ་གྱི་བརྩམས་སྒྲུང་བསྒྱུར་རྩོམ་ལེ་ཚན། སློབ་རའི་བོད་ཡིག་རྩོམ་རིག་ལེ་ཚན《མཚོ་སྔོན་པོའི་ཞོགས་ཟེར》། མཚོ་ལྷོ་ཁུལ་གྱི་གླུ་གར་འཁྲབ་སྟོན《གསེར་གྱི་ཉི་ཟླ》།  དེ་མིན་གཟུགས་འདས་རིག་གནས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་བསྐྲུན་བྱ་བ་སོགས་ཆེད་དོན་རབས་དང་རིམ་པ་སྤེལ།
     ལྔ། མི་སྣ་གསོ་སྐྱོང་ལ་དོ་སྣང་བྱས་ཏེ་དམིགས་ཞུས་གསར་འགོད་པ་དང་འཕྲིན་འགོད་པའི་དཔུང་སྡེ་འཛུགས་སྐྲུན་བྱས་པ། མཚོ་སྔོན་པོ་དྲ་བའི་ལས་སྒྲུབ་མི་སྣར་ཆེད་ལས་ལག་རྩལ་གྱི་ནུས་པ་ཆེན་པོ་ལྡན་པ་དང་། གསར་འགྱུར་རྩོམ་སྒྲིག ལོ་ཙཱ། པར་ལེན་སོགས་ཐད་ནས་དམིགས་བསལ་གྱི་རེ་འདུན་བཏོན་ཞིང་། དྲ་རྒྱ་བཙུགས་པའི་ཐོག་མའི་དུས་རིམ་དུ་ཆེད་ལས་མི་སྣ་ནང་འདྲེན་གྱི་བྱ་བ་མང་དུ་བསྒྲུབས་ལ། སྤྱི་བསྒྲགས་བསྡུ་ལེན་དང་། སྤྱི་ཚོགས་སུ་གན་རྒྱས་གདན་ཞུ། དམིགས་ཞུས་གསར་འགོད་པ་དང་འཕྲིན་འགོད་པ་མཐུན་སྦྱོར་སྒོས་ལས་གནས་ལ་དགའ་ཞིང་དཀའ་ཚེགས་ལ་མི་འཛེམ་པའི་ཆེད་ལས་དཔུང་ཁག་ཅིག་གྲུབ། སྒོས་སུ་དམིགས་ཞུས་གསར་འགོད་པ་དང་འཕྲིན་འགོད་པས་བློ་གྲོས་དང་དངུལ་ཆུ་མི་དམན་པ་བཏོན་ཏེ་ནང་དོན་སྣ་ཚོགས་དང་རྣམ་པ་དོད་པོའི་གསར་འགྱུར་བསྐུར་ནས་དྲ་རྒྱའི་མ་རྩོམ་ཆ་འཕྲིན་གྱི་ཡོང་ཁུངས་གཙོ་བོར་གྱུར།
     མིག་སྔར། མཚོ་སྔོན་པོ་དྲ་བར་བསྡོམས་པས་དམིགས་ཞུས་གསར་འགོད་པ་དང་འཕྲིན་འགོད་པ162ཡོད་ཅིང་། དེ་དག་ནི་མེས་རྒྱལ་གྱི་ས་ཁུལ་སོ་སོར་ཁེབས་ལ། སྨྱན་བྱད་དང་དྲིལ་སྒྲོག  སློབ་གསོ། རིག་རྩལ་བྱ་སྒྲུབ་པ་མང་པོ་ཟིན།


རྩོམ་པ་པོ་སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་བསྒྱུར་རྩོམ་ལེ་ཚན།

ལྔ་བ། མཚོ་སྔོན་པོ་དྲ་བའི་རྗེས་ཕྱོགས་ཀྱི་འཕེལ་རྒྱས་ཁ་ཕྱོགས།
     གཅིག དྲ་རྒྱ་སྒྲུབ་ཤུགས་ཆེར་བསྐྱེད་པ། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད། གཅིག་ནས་མཚོ་སྔོན་པོ་དྲ་བ་དང་ཟིན་བྲིས་ལ་ཕྱོགས་ཡོངས་ནས་པར་གཞི་ལེགས་བཅོས་བྱེད་པ། JAVAསྐད་བརྡའི་གསར་སྤེལ་མ་ལག་རྨང་གཞིར་བཟུང་སྟེ། ཟིན་བྲིས་ཀྱི་པར་ངོས་དེPHPམ་ལག་གིས་བཝལེགས་བཅོས་བྱེད་པ་དང་། མ་ལག་གི་སྟབས་མི་བདེ་ས་དང་གནད་དོན་ཐག་གཅོད་བྱེད་པ་མ་ཟད། ལོ་ངོ་བཅུ་རིང་གི་དྲ་རྒྱའི་ཐོན་ཁུངས་ཡོངས་མ་ལག་གསར་བར་སྤོས་ཏེ་དྲ་རྒྱའི་ཐོན་ཁུངས་ཀྱི་ཆ་ཚང་རང་བཞིན་ལ་ཁག་ཐེག་བྱེད། དེ་མིན་མཚོ་སྔོན་པོ་དྲ་བ་དང་མཚོ་སྔོན་པོའི་ཟིན་བྲིས་ཀྱི་པར་ངོས་དེUIཇུས་འགོད་ཀྱིས་ལེགས་བཅོས་བྱས་ཏེ། དེང་རབས་སྤྱི་ཚོགས་དང་མཐུན་པའི་མཛེས་དཔྱོད་དང་བེད་སྤྱོད་གོམས་གཤིས་ལ་མཐུན་པར་བྱེད་པ། གཉིས་ནས་དུས་རབས་དང་བསྟུན་ཏེ་མཚོ་སྔོན་པོ་དྲ་བའིAPPགསར་སྤེལ་བྱེད་པ། མཚོ་སྔོན་པོ་དྲ་བའི་བོད་རྒྱ་སྐད་གཉིས་པར་ངོསAPPཡིས་ལས་སྒྲུབ་པས་དྲ་ལམ་རྩོམ་སྒྲིག་སྤྱོད་ནུས་མངོན་འགྱུར་དང་། བོད་རྒྱ་ཟིན་བྲིསAPPཡིས་སྤྱོད་མཁན་ཐོ་འགོད་དང་ནང་འཇུག  དཔྱད་བརྗོད། བརྒྱུད་འགོད། ཡི་གེ་དང་དཔེ་རིས་སྤེལ་མས་རྩོམ་སྒྲིག་སྤྱོད་ནུས་མངོན་འགྱུར་བྱས་ཏེ། མཚོ་སྔོན་པོ་དྲ་བས་སྔར་ལས་ལྷག་པའི་སྒོ་ནས་ལག་འཁྱེར་ཁ་པར་བེད་སྤྱོད་མཁན་ལ་ཞབས་ཞུ་བསྒྲུབ་པ་ཡིན།


《མཚོ་སྔོན་པོའི་ཞོགས་ཟེར》།(http://www.amdotibet.cn/gdschool/index.html)

     གཉིས། མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་པ། དྲ་རྒྱའི་ནང་དོན་འཛུགས་སྐྲུན་སྔར་ལས་ཚད་ལྡན་དུ་གཏོང་བ་དང་། དུས་རྒྱུན་འཁོར་སྐྱོད་དང་དོ་དམ་ཐད་སྔར་ལས་ལེགས་པའི་ཐོན་ཁུངས་དང་ལག་རྩལ་རྒྱབ་སྐྱོར་མངོན་འགྱུར་བྱེད་པར། མཚོ་སྔོན་པོ་དྲ་བའི་ལས་སྒྲུབ་མི་སྣའི་གསར་འགྱུར་རྩོམ་སྒྲིག་དང་ལག་རྩལ་དོ་དམ། པར་ལེན་ལག་རྩལ་སོགས་ཀྱི་ཐད་དུས་ལྟར་གསོ་སྦྱོང་སྒོས་ལས་རིགས་སྤུས་ཚད་དང་བྱ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་། དུས་མཚུངས་སུ། མུ་མཐུད་དུ་དམིགས་ཞུས་གསར་འགོད་པ་དང་འཕྲིན་འགོད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། དོ་དམ་མ་ལག་འཐུས་ཚང་དང་། རང་རྟོགས་ཀྱིས་འབྲེལ་གཏུག་དང་འབྲེལ་འདྲིས་བྱེད་ཤུགས་མཐོར་འདེགས་སྒོས། མཚོ་སྔོན་པོ་དྲ་བའི་བྱ་བའི་དཔུང་སྡེ་རྣམ་པ་ཀུན་ཏུ་གསོན་ཤུགས་རྒྱས་པར་བྱེད་ཅིང་། བྱ་དགའི་ལམ་སྲོལ་སོགས་རྣམ་པ་མང་པོས་དམིགས་ཞུས་གསར་འགོད་པ་དང་འཕྲིན་འགོད་པས་གསར་འགྱུར་བསྐུར་བའི་རང་རྟོགས་རང་བཞིན་ལ་གཟེངས་བསྟོད་དང་རྟིང་སྐུལ་གནང་རྒྱུ་ཡིན།
     གསུམ། དོ་དམ་བྱེད་ཐབས་གསར་བསྐྲུན་བྱས་ཏེ་དྲ་རྒྱའི་འཁོར་སྐྱོད་རྣམ་པ་འཐུས་ཚང་དུ་བཏང་། མཚོ་ལྷོ་ཁུལ་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་ཟིའི་འཁོར་སྐྱོད་བརྒྱུད། མཚོ་སྔོན་པོ་དྲ་བའི་ཚོང་ར་ཅན་འཁོར་སྐྱོད་ལ་སྣེ་ཁྲིད་བྱེད་པ་མ་ཟད་ཡོངས་འཛིན་འཚོལ་བཤེར་མ་ལག་གི་ཚོང་རའི་ཟིན་ཚད་ལ་གཞི་བཅོལ་ཏེ། རིམ་བཞིན་ཚོང་ར་ཅན་གྱི་ལམ་བུར་སྐྱོད་རྒྱུ་ཡིན། རྨང་གཞི་འདིའི་སྟེང་། ང་ཚོས་གསར་འགྱུར་སྤེལ་བའི་ཐོབ་ཐང་དང་། དྲ་རྒྱའི་རྩོམ་རིག་དཔེ་སྐྲུན། སྒྲ་གཟུགས་དང་བརྙན་གཟུགས་སྤེལ་དབང་སོགས་འབྲེལ་ཡོད་ཐོབ་ཐང་གི་སྙན་ཞུའི་བྱ་བར་ཤུགས་བསྣན་ཏེ། མུ་མཐུད་དུ་དྲ་རྒྱའི་དོ་དམ་འཁོར་སྐྱོད་མ་ལག་ཚད་ལྡན་དང་། མཚོ་སྔོན་པོ་དྲ་བ་སྔར་ལས་བདེ་ཐང་དང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་རྒྱུ་དེའོ།།

2
017ལོའི་ཟླ11པའི་ཚེས28ཉིན། མཚོ་སྔོན་པོ་དྲ་བ་བཙུགས་ནས་ལོ་འཁོར་བཅུ་ལོན་པ་དང་
ཕུལ་བྱུང་འཕྲིན་འགོད་པའི་གཟེངས་བསྟོད་ཚོགས་ཆེན་གྱི་མཉམ་པར།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།