དམངས་གཞས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2022-12-01
ཀློག་གྲངས།:
ཡམ་བུ་ནགས་ཀྱི་དཀྱིལ་ནས།།
གསེར་གྱི་རྒྱ་གླིང་བཏང་བྱུང་།།
གཏོང་མཁན་ངོ་ནི་མི་ཤེས།།
རྒྱ་གླིང་སེམས་ལ་ངེས་སོང་།།
ཤར་གྱི་རི་བོའི་ལྡེབས་ལ།།
ཤྭ་བ་དཔུང་རྡང་ཤིག་ཤིག།།
ཤྭ་བའི་རྭ་རྩེའི་ལོགས་ལ།།
ཡིག་ཆུང་དཔུང་རྡང་ཤིག་ཤིག།
ཨོ་ལོའི་ཆུང་འདྲིས་བྱམས་པ།།
གཞན་དང་ནོར་བ་མི་འདུག།
ཞྭ་མོ་ཝ་ཞྭའི་སྟེང་ལ།།
པ་ཏྲ་བརྩེགས་གསུམ་བརྒྱབ་ཡོད།།
འཛུམ་དང་སོ་དཀར་སྟོན་ཕྱོགས།།
གཞོན་པའི་བསླུ་བྲིད་ཡིན་པ།།
སྙིང་ནས་ཤ་ཚ་ཡོད་མེད།།
དབུ་མནའ་བཞེས་རོགས་གནང་དང་།།
སེ་སྡོང་སྡོང་པོའི་སྟེང་ལ།
སེ་འབྲུ་ཉི་ཤུ་ཐམ་པ།།
གཅིག་ནི་ལས་ལ་བསྐོས་སོང་།།
བཅུ་དགུ་དགོངས་པ་ཞུ་རྒྱུ།།
གསེར་གྱི་རྒྱ་གླིང་བཏང་བྱུང་།།
གཏོང་མཁན་ངོ་ནི་མི་ཤེས།།
རྒྱ་གླིང་སེམས་ལ་ངེས་སོང་།།
ཤར་གྱི་རི་བོའི་ལྡེབས་ལ།།
ཤྭ་བ་དཔུང་རྡང་ཤིག་ཤིག།།
ཤྭ་བའི་རྭ་རྩེའི་ལོགས་ལ།།
ཡིག་ཆུང་དཔུང་རྡང་ཤིག་ཤིག།
ཨོ་ལོའི་ཆུང་འདྲིས་བྱམས་པ།།
གཞན་དང་ནོར་བ་མི་འདུག།
ཞྭ་མོ་ཝ་ཞྭའི་སྟེང་ལ།།
པ་ཏྲ་བརྩེགས་གསུམ་བརྒྱབ་ཡོད།།
འཛུམ་དང་སོ་དཀར་སྟོན་ཕྱོགས།།
གཞོན་པའི་བསླུ་བྲིད་ཡིན་པ།།
སྙིང་ནས་ཤ་ཚ་ཡོད་མེད།།
དབུ་མནའ་བཞེས་རོགས་གནང་དང་།།
སེ་སྡོང་སྡོང་པོའི་སྟེང་ལ།
སེ་འབྲུ་ཉི་ཤུ་ཐམ་པ།།
གཅིག་ནི་ལས་ལ་བསྐོས་སོང་།།
བཅུ་དགུ་དགོངས་པ་ཞུ་རྒྱུ།།
འབྲེལ་ཡོད་འོས་སྦྱོར།
-
ཤར་སྒོ་ལའི་ལ་མོའི་ལ་རྩེ་ནས།།དར་ལ་དཀར་པོ་ཁ་གང་ལུང་པ...
-
དགུང་མ་ཡར་འགྱུར་འདུག་ལ་མར་འགྱུར་འདུག ཁྲི་གདུགས་ཉི་...