logo

གཅིག་དང་བཞི།

རྩོམ་པ་པོ།:འདི་གའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-08-05 ཀློག་གྲངས།:
        ཟླ་བརྒྱད་པའི་ཚེས་བཞིའི་ཉིན། སྐབས་བཅུ་དྲུག་པའིFIRSTན་གཞོན་གློག་བརྙན་འགྲེམས་སྟོན་དེ་མཚོ་སྔོན་ཞིང་ཆེན་གྱི་གནའ་མཁར་ཟི་ལིང་དུ་མཇུག་བསྡུས། འགྲེམས་སྟོན་སྟེང་བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན«གཅིག་དང་བཞི»ལ་བྱ་དགའི་གཟིགས་བཟོས་ཆེན་མོ་གསུམ་རེག་ཡོད།
        གློག་བརྙན«གཅིག་དང་བཞི»ལ་གཏམ་རྒྱུད་གློག་བརྙན་རྩེ་གྲའི་བྱ་དགའ་དང་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ། འཁྲབ་སྟོན་པ་རྩེ་གྲའི་བྱ་དགའ་བཅས་བྱ་དགའ་ཆེན་པོ་གསུམ་ཐོབ་ཡོད།
        གློག་བརྙན«གཅིག་དང་བཞི»ན་ནིང་ཏུང་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གཙོ་རྒྱུགས་འགྲན་སྡུར་བརྩམས་ཆོས་ཁྲོད་ཚུད་པ་དང་། འཇིགས་མེད་འཕྲིན་ལས་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་ཐོན་པའི95རྗེས་ཀྱི་བོད་རིགས་འཁྲབ་ཁྲིད་པ་ཞིག་ཡིན། གློག་བརྙན«གཅིག་དང་བཞི»ནི་ཁོང་གི་པེ་ཅིན་གློག་བརྙན་སློབ་གླིང་གི་དངོས་གཞིའི་མཐར་ཕྱིན་བརྩམས་ཆོས་ཡིན་པར་མ་ཟད། ཁོང་གི་ཆེས་ཐོག་མའི་བརྙན་རིང་བརྩམས་ཆོས་ཀྱང་ཡིན། ལྷག་པར་ཁོང་ནི་ལོ་རྒྱུས་སྟེང་ཏུང་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཀྱི་གཙོ་རྒྱུགས་འགྲན་སྡུར་ནང་ཚུད་པའི་ལོ་ན་ཆེས་ཆུང་བའི་ཀྲུང་གོའི་འཁྲབ་ཁྲིད་པ་ཡིན་འདུག
གློག་བརྙན«གཅིག་དང་བཞི»ལ་གཏམ་རྒྱུད་གློག་བརྙན་རྩེ་གྲའི་བྱ་དགའ་རེག་པ།
འཁྲབ་སྟོན་པ་རྩེ་གྲའི་བྱ་དགའ་རེག་མཁན། སྦྱིན་པ།
འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ་རེག་མཁན། འཇིགས་མེད་འཕྲིན་ལས།
འབྲེལ་ཡོད་འོས་སྦྱོར།