ཚད་མ་རིག་པའི་རྒྱུན་ཤེས།
རྩོམ་པ་པོ།:རྨེ་གྲྭ ཚེ་རིང་བསམ་འགྲུབ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-03-02
ཀློག་གྲངས།:
༡༽དྲི་བ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚད་མ་རིག་པ་སྡེ་སྣོད་གང་དག་ཏུ་བསྟན་ཡོད།
ལན། དཔེར་ན། ཆོས་བཅུ་པའི་མདོ་ལས། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱུར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་ཚད་མ་དག་ལས་ཤེས། །ཞེས་པས་འབྲས་རྟགས་དང་། གང་ཅུང་ཟད་སྐྱེ་བའི་བདག་ཉིད་ཅན་དེ་དག་ནི་འགག་པའི་ཆོས་ཅན་ནོ། །ཞེས་པས་རང་བཞིན་གྱི་རྟགས་དང་། མདོ་སྡེ་དཀོན་མཆོག་བརྩེགས་པ་ལས། ངའམ་ང་དང་འདྲ་བས་ཆོས་དང་གང་ཟག་གི་ཚོད་བཟུང་བར་བྱ་ཡི་ཞེས་པས་སྣང་རུང་མ་དམིགས་པའི་རྟགས་དང་། གང་ཟག་གིས་གང་ཟག་དང་ཆོས་ཀྱི་ཚད་བཟུང་བར་མི་བྱའོ་ཞེས་པས་མི་སྣང་བ་མ་དམིགས་པའི་རྟགས་བསྟན་པ་སོགས་སངས་རྒྱས་ཀྱིས་གསུངས་བའི་སྡེ་སྣོད་གང་མང་ཞིག་ཏུ་ཚད་མའི་རིག་པ་བསྟན་ཡོད་དོ། །
༢༽ དྲི་བ། ནང་པའི་ཚད་མའི་བསྟན་བཅོས་ཀྱི་ཐོག་མ་སུས་གསུངས།
ལན། སློབ་དཔོན་དབྱིག་གཉེན་གྱི་རྩོད་པ་གྲུབ་པ་དང་། དགྲ་བཅོམ་པ་ཆོས་སྐྱོབས་ཀྱིས་ཚད་མའི་བསྟན་བཅོས་སྨྲ་བའི་སྒྲོན་མེ་མཛད་པ་སོགས་ཐོག་མ་ཡིན།
༣༽ དྲི་བ། ནང་པའི་ཚད་མ་རིག་པའི་ཤིང་རྟའི་སྲོལ་འབྱེད་སུ་ཡིན།
ལན། སློབ་དཔོན་དབྱུག་གཉེན་གྱི་རང་མཁས་སློབ་མ་བཞི་ལས་ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་གཏན་ཚིགས་རིགས་པའི་གནད་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ཚད་མ་ཀུན་བཏུས་སམ་ཚད་མ་མདོ་ལེའུ་དྲུག་གི་བདག་ཉིད་ཅན་ཞིག་མཛད་པ་དེ་ཡིན།
༤༽ དྲི་བ། དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་སྡེ་བདུན་གང་དག་ཡིན། དེ་སུའི་དགོངས་འགྲེལ་ཡིན།
ལན། རྒྱས་རྣམ་འགྲེལ། འབྲིང་རྣམ་ངེས། བསྡུས་རིགས་ཐིགས་གསུམ་སྟེ། གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། གཏན་ཚིགས་ཐིགས་པ། རྩོད་པའི་རིགས་པ། འབྲེལ་བ་བརྟག་པ། རྒྱུད་གཞན་སྒྲུབ་པ་སྟེ་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་བཅས་བདུན་ལ་ཚད་མ་སྡེ་བདུན་ཟེར། དེ་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་བཏུས་ཀྱི་དགོངས་འགྲེལ་ཡིན།
༥༽ དྲི་བ། ཕྱོགས་གླང་དང་ཆོས་གྲགས་གཉིས་དུས་རབས་ནམ་ཞིག་ལ་འཁྲུངས།
ལན། དེབ་ཐེར་དཀར་པོ་ལས་སློབ་དཔོན་ཕྱོགས་གླང་བོད་རྒྱལ་སྲོང་བཙན་དང་དུས་མཉམ་པར་གསུངས་པ་ལྟར་ན། དུས་རབས་བདུན་པའི་སྟོད་དུ་འཁྲུངས་བར་མངོན་ཏེ། སྲོང་བཙན ༦༡༧ ལ་འཁྲུངས། རྒྱའི་ལོ་རྒྱུས་སུ་ཕྱོགས་གླང ༤༤༥ ནས ༥༢༠ བར་ཙམ་ལ་འཁྲུངས་བར་བཤད་པ་དང་། ཆོས་གྲགས ༦༢༠ ནས ༦༨༠ བར་ལ་འཁྲུངས་བར་བཤད་ཅེས་གསུངས་པའང་ཡོད།
༦༽ དྲི་བ། བོད་འདིར་ཚད་མ་རིག་པ་དུས་ནམ་ཞིག་ལ་བསྒྱུར་བ་དང་ནམ་འཆད་ཉན་དར།
ལན། ལོ་རྒྱུས་འགའ་ཞིག་ན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་ཀྱི་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་ཐོག་མར་བསྒྱུར་བར་བཤད། ཡོངས་གྲགས་སུ་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱིས་ཚད་གཞུང་མང་དུ་བསྒྱུར་ནའང་འཆད་ཉན་གྱི་སྲོལ་ཆེར་དར་མ་ཐུབ། དེའི་རྗེས་བསྟན་པ་ཕྱི་དར་གྱི་སྐབས་སུ། ཕྱི་ལོ ༡༠༧༣ ལོར་རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུ་ནེའུ་ཐོག་དགོན་པ་བཏབ་ནས་བཤད་གྲྭ་གསར་འཛུགས་མཛད། དེའི་རྗེས ༡༠༩༢ ལོར་རྔོག་བློ་ལྡན་ཤེས་རབ་བོད་དུ་ཕེབས་ནས་གསང་ཕུའི་མཁན་པོར་བཞུགས་རྗེས། གཙོ་བོ་ཚད་མ་རིག་པའི་བཤད་གྲྭ་གསར་བཟོ་བྱས་ཏེ་ཚད་མའི་འཆད་ཉན་ཤིན་ཏུ་དར་རྒྱས་སུ་གྱུར།
༧༽ དྲི་བ། བོད་རང་གི་བསྡུས་གྲྭའི་སྲོལ་ཐོག་མར་བཏོད་མཁན་སུ་ཡིན།
ལན། དེ་ནི ༡༡༠༩ ལ་འཁྲུངས་པའི་ཆ་པ་ཆོས་ཀྱི་སེངྒེས་མདོ་སྡེ་བའི་རིག་པའི་འགྲོས་དང་སྦྱར་ནས་ཚད་མ་རིག་པ་རྣམས་ཕྱོགས་སུ་བསྡུས་པའི་བསྡུས་གྲྭའི་སྲོལ་བཏོད་ཅིང་ཚད་གཞུང་ཡིད་ཀྱི་མུན་སེལ་སོགས་བསྡུས་གཞུང་མང་དུ་མཛད། རྟགས་གསལ་རྩོད་གཞི་གསུམ་དང་སྦྱར་ནས་རྒོལ་སྔ་རྒོལ་དཔང་པོ་སོགས་ཀྱི་རྩོད་པའི་རིགས་ལམ་ཐོག་མར་འདི་ནས་དར།
༨༽ དྲི་བ། ཆ་པ་ཆོས་ཀྱི་སེངྒེའི་སློབ་མ་རིག་པའི་སེང་ཆེན་བརྒྱད་གང་དག་ཡིན།
ལན། དེ་ནི་གཙང་ནག་པ་བརྩོན་འགྲུས་སེངྒེ། དར་བག་སྨྲ་བའི་སེངྒེ། བྲུ་ཤ་བསོད་ནམས་སེངྒེ། རྨ་བྱ་རྩོད་པའི་སེངྒེ། རྩེགས་དབང་ཕྱུག་སེངྒེ། ཉང་བྲན་ཆོས་ཀྱི་སེངྒེ། འདན་མ་དཀོན་མཆོག་སེངྒེ། གཉལ་པ་ཡོན་ཏན་སེངྒེ་བཅས་སོ། །
༩༽ དྲི་བ། བོད་རང་གི་མཁས་པས་བརྩམས་པའི་ཚད་གཞུང་ཐོག་མ་གང་ཡིན།
ལན། དེ་ནི་རྔོག་བློ་ལྡན་ཤེས་རབ་ཀྱིས་མཛད་པའི་རྣམ་ངེས་ཊཱིཀ་ཆེན་ཡིན།
༡༠༽ དྲི་བ། ཅི་ཞིག་ལ་ཚད་མ་རིག་པ་ཟེར།
ལན། གཟུང་བ་ཡུལ་དུ་གྱུར་པའི་དངོས་ཡོད་སོགས་དོན་གང་དང་གང་མཆིས་པ་དེ་དག འཛིན་པ་བློས་མངོན་སུམ་མམ་རྗེས་དཔག་ཚད་མས་ཡོངས་སུ་གཞལ་ནས་ནོར་འཁྲུལ་མེད་པར་ངོ་བོ་གཏན་ལ་འབེབ་བྱེད་ཀྱི་རིག་པ་ཁྱད་པར་བ་ཞིག་ལ་ཟེར།
༡༡༽ དྲི་བ། ཚད་མ་རིག་པ་སྦྱངས་བའི་དགོས་པ་གང་དག་ཡོད།
ལན། རྒྱལ་ཚབ་རིན་པོ་ཆེས། ཚད་མར་གྱུར་པའི་སྟོན་དང་བསྟན་པ་མཆོག ། དངོས་པོའི་སྟོབས་ཤུགས་རིགས་པས་སྒྲུབ་པའི་ཚུལ། །གསུང་རབ་རྒྱ་མཚོར་ལྟ་བའི་མིག་གཅིག་པུ། །ཚད་མ་ཞེས་གསུངས་པ་ལྟར། སྟོན་དང་བསྟན་པ་ཚད་མར་རྟོགས་ ནས་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བ་དང་། རིག་གཞུང་ཡང་དག་པར་མ་རྟོགས་པ་ཕྱིན་ཅི་ལོག་རྣམས་ཚར་གཅོད་པའི་ཕྱིར་དང་། གསུང་རབ་རྒྱ་མཚོ་ལྟ་བུ་ལ་རིག་པའི་བརྡར་ཤ་ཆོད་ཅིང་། ཕྱིའི་དངོས་པོ་དང་ནང་སེམས་ཀྱི་རང་བཞིན་སོགས་རིག་པའི་རྩལ་གྱིས་ཇི་བཞིན་རྟོགས་ཐུབ་པ་དེ་དགོས་པ་ཡིན།
༡༢༽ དྲི་བ། ཚད་མ་རིག་པའི་བརྗོད་བྱ་གཙོ་བོ་གང་དག་ཡིན།
ལན། ཚད་མ་རིགས་སྒོ་ལས། མངོན་གསུམ་དང་ནི་རྗེས་སུ་དཔག ། ལྟར་སྣང་བཅས་པ་བདག་རིག་ཕྱིར། །སྒྲུབ་པ་དང་ནི་སུན་འབྱིན་དང་། །ལྟར་སྣང་བཅས་པ་གཞན་རྟོགས་ཕྱིར། །ཞེས་གསུངས་པ་ལྟར།རྟོག་གེའི་ཚིགས་དོན་བརྒྱད་པོ་དེ་དག་ཡིན།
༡༣༽ དྲི་བ། ནང་རིག་པའི་བསྟན་བཅོས་དང་ཚད་མ་རིག་པའི་བསྟན་བཅོས་ཡིན་མིན་ལ་མུ་བཞི་ཡོད་དམ།
ལན། ནང་རིག་པའི་བསྟན་བཅོས་ཡིན་ལ་ཚད་མའི་བསྟན་བཅོས་མ་ཡིན་པ། འདུལ་བ་མདོ་ལྟ་བུ། ཚད་མའི་བསྟན་བཅོས་ཡིན་ལ་ནང་རིག་པའི་བསྟན་བཅོས་མ་ཡིན་པ། བྲམ་ཟེ་རྐང་མིག་གིས་བྱས་པའི་རྟོག་གེའི་ཚིག་དོན་བཅུ་དྲུག་སྟོན་པའི་གཞུང་ལྟ་བུ། གཉིས་ཀ་ཡིན་པ། ཚད་མ་སྡེ་བདུན་ལྟ་བུ། གཉིས་ཀ་མ་ཡིན་པ། གསོ་དཔྱད་ཀྱི་གཞུང་ལྟ་བུ་སྟེ་མུ་བཞི་ཡོད།
༡༤༽ དྲི་བ། སྔ་རྒོལ་དང་ཕྱི་རྒོལ་དཔང་པོ་གསུམ་གང་དག་ཡིན།
ལན། རང་གི་དམ་བཅའ་དེར་སྒྲུབ་བྱེད་འགོད་པར་ཁས་ལེན་པ་སྔ་རྒོལ། དེ་ལ་སུན་འབྱིན་བརྗོད་པར་ཁས་ལེན་པ་ཕྱི་རྒོལ། རྒོལ་ཕྱི་རྒོལ་གཉིས་ཀྱིས་རྩོད་པ་བྱེད་ཚེ་རྒྱལ་ཕམ་ཤན་འབྱེད་པ་ལ་དཔང་པོ་ཟེར། རྒོལ་ཕྱི་རྒོལ་གཉིས་དེ་ལས་ལྡོག་སྟེ་གོ་བའང་ཡོད།
༡༥༽ དྲི་བ། ཅི་ཞིག་ལ་རྩོད་གཞི་ཆོས་ཅན་ཟེར།
ལན། དེ་སྒྲུབ་ཀྱི་རྩོད་གཞིར་བཟུང་བ་རྩོད་གཞི་ཆོས་ཅན་གྱི་མཚན་ཉིད། ཡོད་མེད་གང་རུང་ཡིན་ན་རྩོད་གཞིར་བཟུང་རུང་བས་ཁྱབ། དཔེར་ན། བུམ་པ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ལྟ་བུའི་ཐལ་འགྱུར་ལ་མཚོན་ན། བུམ་པ་ཆོས་ཅན་ཞེས་བུམ་པ་རྩོད་གཞི་པའི་གཞི་རུ་བཟུང་བ་དེ་ལ་གོ་དགོས། དེས་ན་ཆོས་ཅན་དང་། རྩོད་གཞི། དཔག་གཞི། ཤེས་འདོད་ཆོས་ཅན་རྣམས་དོན་གཅིག་ཡིན་ནོ། །
༡༦༽ དྲི་བ། ཅི་ཞིག་ལ་གསལ་བ་ཟེར།
ལན། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བ་བསྒྲུབ་བྱའི་ཆོས་ཀྱི་མཚན་ཉིད། དཔེར་ན་བུམ་པ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ལྟ་བུའི་ཐལ་འགྱུར་ལ་མཚོན་ན། མི་རྟག་པ་ཡིན་པར་ཐལ་ཞེས་པའི་མི་རྟག་པ་ཡིན་པ་དེ་ཡིན། ཐལ་ནི་མི་རྟག་པ་ཡིན་པར་འགྱུར་ཞེས་པའམ། མི་རྟག་པ་ཡིན་དགོས་པར་འགྱུར་ཅེས་པའི་དོན་དུ་གོ་དགོས། དེས་ན་སྒྲུབ་ཆོས་དང་། གསལ་བ་དོན་གཅིག་གོ །
༡༧༽ དྲི་བ། ཅི་ཞིག་ལ་རྟགས་ཟེར།
ལན། རྟགས་སུ་བཀོད་པ་རྟགས་ཀྱི་མཚན་ཉིད། གཞི་གྲུབ་མ་གྲུབ་གང་རུང་ཡིན་ན་རྟགས་སུ་འགོད་རུང་བས་ཁྱབ། དཔེར་ན། བུམ་པ་ཆོས་ཅན། མི་རྟག་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། ལྟ་བུའི་ཐལ་འགྱུར་གྱི་བྱས་ཡིན་པའི་ཕྱིར་ཞེས་པའི་བྱས་པ་ཡིན་པ་དེ་ཡིན། ཕྱིར་ནི་བྱས་པ་ཡིན་པའི་སྟབས་ཀྱིས་སམ་ཡིན་པའི་རྒྱུ་མཚན་གྱིས་ཞེས་པའི་དོན་དུ་གོ་དགོས། དེས་ན་རྟགས་དང་། གཏན་ཚིགས། རྒྱུ་མཚན་རྣམས་དོན་གཅིག་གོ །
༡༨༽ དྲི་བ། གང་འདྲ་ཞིག་ལ་རྟགས་གསལ་རྩོད་གཞི་གསུམ་ཚང་བའི་ཐལ་འགྱུར་ཟེར།
ལན། དཔེར་ན། བུམ་པ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། ལྟ་བུ་འདི་ལ་མཚོན་ན། བུམ་པ་རྩོད་པའི་གཞིར་བཟུང་ནས། བུམ་པ་དེ་མི་རྟག་པ་ཡིན་དགོས་ཏེ། རྒྱུ་མཚན་རྒྱུ་རྐྱེན་གང་ཞིག་གིས་བྱས་པའམ་གྲུབ་པ་ཡིན་པའི་སྟབས་ཀྱིས་སོ་ཞེས་རིམ་བཞིན། དང་པོ་བུམ་པ་ཆོས་ཅན་ཞེས་རྩོད་གཞིར་བཞག གཉིས་པ་མི་རྟག་པ་ཡིན་པར་ཐལ་ཞེས་གསལ་བ་བཀོད། གསུམ་པ་བྱས་པའི་ཕྱིར་ཞེས་རྒྱུ་མཚན་བརྗོད་དེ་བཤད་པ་ཞིག་ལ་རྟགས་གསལ་རྩོད་གཞི་གསུམ་ག་ཚང་བའི་ཐལ་འགྱུར་ཟེར།
༡༩༽ དྲི་བ། ཅི་ཞིག་ལ་ཐལ་འགྱུར་དང་ངག་སྦྱོར་ཟེར།
ལན། ཐལ་ངག་ཏུ་བཀོད་པ་ཐལ་འགྱུར་གྱི་མཚན་ཉིད། དེ་ཡང་ཚད་མ་མདོ་ལས། ཐལ་འགྱུར་ཕྱོགས་ཆོས་ཅན་མིན་ཕྱིར། །ཁས་བླངས་སྔོན་དུ་སོང་བ་ལས། །དེ་བཞིན་རྟགས་དང་དམ་བཅའ་ཡིས། །སྐྱོན་བརྗོད་སུན་འབྱིན་དུ་ཤེས་བྱ། །ཞེས་པ་ལྟར། དཔེར་ན། བུམ་པ་ཆོས་ཅན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་སྟེ། ཕ་རོལ་བོས་བུམ་པ་རྟག་པ་ཡིན་པར་ཁས་བླངས་པ་ལ། ཕྱི་རྒོལ་གྱིས་འོ་ན་བུམ་པ་བྱས་པ་མ་ཡིན་པར་ཐལ་བར་འགྱུར་དགོས་ཏེ་ཞེས་སུན་འབྱིན་འཕངས་བའི་ངག་ལྟ་བུ་ལ་ཐལ་འགྱུར་ཟེར། དེས་ན་ཐལ་འགྱུར་དང་སུན་འབྱིན་དོན་གཅིག ངག་སྦྱོར་དང་ཐལ་འགྱུར་མི་འདྲ། བུམ་པ་ཆོས་ཅན། དངོས་པོ་ཡིན་ཏེ། དོན་བྱེད་ནུས་པ་ཡིན་པའི་ཕྱིར། ལྟ་བུ་ལ་ངག་སྦྱོར་ཟེར།
༢༠༽ དྲི་བ། དམ་བཅའ་བའི་ལན་འདེབས་ཚུལ་ལ་ཅི་ཡོད།
ལན། ཚད་མ་རིགས་གཏེར་ལས། དེས་ན་མཁས་པས་ཐལ་འགྱུར་ལན། །རྣམ་པར་ཐར་བའི་སྒོ་བཞིས་གདབ། །ལན་གྱིས་བཟློག་པར་མི་ནུས་ན། །དེ་ཡི་རྗེས་འབྲང་དམ་པའི་ལུགས། །ཞེས་གསུངས་པ་ལྟར་ཡོངས་གྲགས་ལ། འདོད་ལན་དང་། རྟགས་མ་གྲུབ། ཁྱབ་པ་མེད་པ་དང་། ཁྱབ་པ་འགལ་བ་སྟེ་རྣམ་པ་བཞིར་གསུངས་སོ། །
༢༡༽ དྲི་བ། ཅི་ཞིག་ལ་འདོད་ལན་འདེབས་ཟེར།
ལན། རྩོད་གཞི་གསལ་བར་སྦྱར་ནས་འདོད་ལན་འདེབས། དཔེར་ན། སྒྲ་ཆོས་ཅན། ཡོད་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར་ལྟ་བུ་ལ་འདོད་ལན་འདེབས་ན། སྒྲ་དེ་ཡོད་པ་ཞིག་ཡིན་ན་ཐལ་འགྱུར་འདི་ལ་འདོད་ལན་ཐེབས་ཏེ། རྩོད་གཞི་སྒྲ་དེ་གསལ་བ་ཡོད་པ་ལ་སྦྱར་ནས། སྒྲ་ཡོད་པ་ཡིན་པ་འདོད་ཟེར་དགོས། རང་གིས་དེ་ལྟར་ཡིན་པར་ཁས་ལེན་པའམ་དེ་ལྟར་ཡིན་པ་འདོད་པའི་དོན། རྩོད་གཞི་དེ་གསལ་བ་ཡིན་མིན་ལ་འདང་རྒྱག་དགོས་སོ། །འདོད་དང་འདོད་ཐོག་ཅེས་པ་དོན་གཅིག་ཡིན།
༢༢༽ ཅི་ཞིག་ལ་རྟགས་མ་གྲུབ་ཟེར།
ལན། རྩོད་གཞི་རྟགས་དང་སྦྱར་ནས་མ་གྲུབ་རྩི། །དཔེར་ན། སྒྲ་ཆོས་ཅན། མི་རྟག་པར་ཐལ། མ་བྱས་པ་ཡིན་པའི་ཕྱིར། ལྟ་བུའི་རྩོད་གཞི་སྒྲའི་སྟེང་དུ་རྟགས་མ་བྱས་པ་གྲུབ་མིན་དང་ཡིན་མིན་ལ་འདང་རྒྱག་དགོས་པས། མ་བྱས་པའི་ཕྱིར་ཞེས་པའི་རྟགས་དེ་རྩོད་གཞི་སྒྲའི་སྟེང་དུ་མི་གྲུབ་པས། འདི་ལ་རྟགས་མ་གྲུབ་ཟེར་དགོས་ཏེ། རྩོད་གཞི་སྒྲ་དེ་རྟགས་མ་བྱས་པ་ལ་སྦྱར་ནས། སྒྲ་མ་བྱས་པ་ཡིན་པ་རྟགས་མ་གྲུབ་ཟེར་དགོས། དེས་ན་སྒྲ་དེ་མ་བྱས་པ་མིན་ཞེས་པའི་དོན་ནོ། །
༢༣༽ དྲི་བ། ཅི་ཞིག་ལ་ཁྱབ་པ་མ་བྱུང་ཟེར།
ལན། རྟགས་དེ་གསལ་བར་སྦྱར་ནས་མ་ཁྱབ་རྩི། །དཔེར་ན། སྒྲ་ཆོས་ཅན། མི་རྟག་པར་ཐལ། ཡོད་པ་ཡིན་པའི་ཕྱིར། ལྟ་བུ་ལ་རྟགས་ཡོད་པ་ཡིན་ན་གསལ་བ་མི་རྟག་པ་ཡིན་པའི་ངེས་པ་མེད་པས། རྟགས་ཡོད་པ་ཡིན་པ་དེ་གསལ་བ་མི་རྟག་པ་ལ་སྦྱར་ནས། ཡོད་པ་ཡིན་ན་མི་རྟག་པ་ཡིན་པས་མ་ཁྱབ་ཟེར་དགོས་པ་ལྟ་བུའོ། །རྟགས་གང་བཀོད་པ་དེ་གསལ་བ་དེ་ཡིན་པས་ངེས་པ་ཡོད་མེད་དེ་ཁྱབ་མ་ཁྱབ་ལ་འདང་རྒྱག་དགོས། དེས་ན་མ་ཁྱབ་དང་། ཁྱབ་པ་མ་བྱུང་། ཁྱབ་པ་མ་གྲུབ་རྣམས་དོན་གཅིག་ཡིན།
༢༤༽ དྲི་བ། ཅི་ཞིག་ལ་འགལ་ཁྱབ་ཟེར།
ལན། རྟགས་དང་གསལ་བ་སྦྱར་ནས་འགལ་ཁྱབ་རྩི། །དཔེར་ན། སྒྲ་ཆོས་ཅན། མི་རྟག་པར་ཐལ། མ་བྱས་པའི་ཕྱིར་ལྟ་བུ་ལ། གང་རྟགས་མ་བྱས་པ་དེ་ཡིན་ན་གསལ་བ་མི་རྟག་པ་མ་ཡིན་པས་ཁྱབ་པ་ཡོད་པ་ཞིག་ལ་གོ་དགོས། རྟགས་མ་བྱས་པ་དེ་གསལ་བ་མི་རྟག་པ་ལ་སྦྱར་ནས། མ་བྱས་པ་ཡིན་ན་མི་རྟག་པ་ཡིན་པ་འགལ་ཁྱབ་ཡིན་ཟེར་དགོས། རྟགས་གང་དང་གང་ཡིན་ན་གསལ་བ་དེ་མ་ཡིན་པས་ཁྱབ་པ་ཅན་ཞིག་ལ་འདང་རྒྱག་དགོས། དེས་ན་འགལ་ཁྱབ་དང་། ཁྱབ་ལོག་དང་དོན་གཅིག་ཡིན།
༢༥༽ དྲི་བ། ཅི་ཞིག་ལ་ཅིའི་ཕྱིར་ཟེར།
ལན། དེ་ནི་རྒྱུ་མཚན་འདྲི་བའི་ཚིག་ཙམ་ཡིན་ལ། དཔེར་ན། སྒྲ་ཆོས་ཅན། རྟག་པ་ཡིན་པར་ཐལ་ཞེས་རྩོད་གཞི་དང་གསལ་བ་གཉིས་ལྡན་གྱི་ཐལ་འགྱུར་ལ་འདོད་ལན་མི་ཐེབས་ན། ཅིའི་ཕྱིར་ཞེས་རྒྱུ་མཚན་ཤོད་ལྟ་བུ་ལ་ཅིའི་ཕྱིར་ཞེས་བརྗོད་ཆོག དཔེར་ན། མི་རྟག་པར་ཐལ་ལྟ་བུ་ལ་ཅིའི་ཕྱིར་ཟེར་ཆོག་པ་ལྟ་བུའོ། །
༢༦༽ དྲི་བ། རྟགས་ཁས་ཞེས་པའི་དོན་ཅི་ཡིན།
ལན། དམ་བཅའ་བས་ཆོས་ཅན་དུང་དཀར་པོའི་ཁ་དོག་དེ་ཁ་དོག་ཡིན་པར་ཁས་བླངས། ཁ་དོག་ཡིན་ན་དམར་པོ་ཡིན་པས་ཁྱབ་པའང་ཁས་བླངས་པ་ལ། རྟགས་གསལ་བས་སུན་འབྱིན་རྗོད་ཚེ། ཆོས་དུང་དཀར་པོའི་ཁ་དོག་ཆོས་ཅན། དམར་པོ་ཡིན་པར་ཐལ། ཁ་དོག་ཡིན་པའི་ཕྱིར། རྟགས་ཁས་ཞེས་རྩོད་གཞི་ཆོས་དུང་དཀར་པོའི་ཁ་དོག་དེ་རྟགས་ཁ་དོག་ཡིན་པ་ཁྱོད་ཀྱིས་སྔར་ནས་ཁས་བླངས་ཟིན་ཏོ་ཞེས་པའི་དོན་དུ་གོ་དགོས།
༢༧༽ དྲི་བ། ཁྱབ་པ་ཁས་ཞེས་པའི་དོན་ཅི་ཡིན།
ལན། གཞལ་བྱ་ཡིན་ན་འདུས་བྱས་ཡིན་པས་ཁྱབ་ཅེ་ན། འགོག་བདེན་ཆོས་ཅན། འདུས་བྱས་ཡིན་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར། ཁྱབ་པ་ཁས་ཞེས་རྟགས་གཞལ་བྱ་ཡིན་ན་གསལ་བ་འདུས་བྱས་ཡིན་པས་ཁྱབ་ཅེས་ཁྱོད་ཀྱིས་ཁས་བླངས་ཟིན་ཏོ་ཞེས་པའི་དོན་ལ་གོ་དགོས།
༢༨༽ དྲི་བ། ཁྱབ་པ་འབུད་ཅེས་པའི་དོན་ཅི་ཡིན།
ལན། དཔེར་ན། སྔར་ཤེས་བྱ་ཡིན་ན་རྟག་པ་ཡིན་པས་ཁྱབ་ཅེས་ཁས་བླངས་ནས། ཕྱིས་ཁས་ལེན་དེ་དངོས་སུ་དོར་བའམ་ཡང་ན་ངང་ངམ་ཤུགས་ཀྱིས་ཁས་ལེན་དེ་དོར་ནས། ཤེས་བྱ་ཡིན་ན་རྟག་པ་ཡིན་པས་མ་ཁྱབ་པར་ཁས་བླངས་པ་ལྟ་བུ་ལ་ཁྱབ་པ་འབུད་ཅེས་རང་གི་ཤེས་བྱ་ཡིན་ན་རྟག་པ་ཡིན་ཞེས་པའི་དམ་བཅའ་དང་འགལ་བར་གྱུར་བ་ཞིག་ལ་གོ་དགོས། སྐབས་འགར་དམ་བཅའ་འབུད་དང་དམ་བཅའ་ཚ་སོགས་ཀྱང་ཟེར།
༢༩༽ དྲི་བ། འཁོར་གསུམ་ཞེས་པའི་དོན་ཅི་ཡིན།
ལན། རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་པ་ཁས་བླངས། གསལ་བ་དེ་མིན་ན་རྟགས་དེ་མིན་པས་ཁྱབ་པ་ཁས་བླངས། རྩོད་གཞི་དེ་རྟགས་དེ་ཡིན་ཡང་གསལ་བ་དེ་མིན་པར་ཁས་བླངས་པ་བཅས་ཁས་ལེན་འགལ་བ་གསུམ་ཚང་བ་ལ་འཁོར་གསུམ་སྐོར་ཟེར་བ་དང་། རྟགས་དང་གསལ་བ་རྩོད་གཞི་གསུམ་གའི་སྟེང་ནས་ཁྱེད་རང་མགོ་འཁོར་འདུག་པའམ་དོན་གོ་བར་མི་འདུག་ཅེས་པའི་དོན་ཡིན་ཞེས་གསུངས་པ་ལྟར་རོ། །
༣༠༽ དྲི་བ། ཅི་ཞིག་ལ་ཡོད་པ་ཟེར་བ་དང་དེ་དང་དོན་གཅིག་པ་གང་དག་ཡོད།
ལན། ཚད་མས་དམིགས་པ་ཡོད་པའི་མཚན་ཉིད། ཚད་མ་ཞེས་པ་ནི་ཡུལ་ཚུལ་བཞིན་རྟོགས་པའི་བློ་མ་ནོར་བ་ཞིག་ལ་ཟེར། དེས་ན་ཡོད་པ་ཡིན་ན་བློ་ཚད་མ་ཞིག་གིས་རྟོགས་བྱ་ཡིན་པའམ་བློས་ཤེས་རྒྱུ་ཡོད་པ་ཞིག་ལ་གོ་དགོས། ཡོད་པ། གཞི་གྲུབ། གཞལ་བྱ། དམིགས་པ། ཡུལ། ཤེས་བྱ། ཆོས་རྣམས་དོན་གཅིག་ཡིན།
༣༡༽ དྲི་བ། ཤེས་བྱ། ཡོད་པ། གཞི་གྲུབ། གཞལ་བྱ། དམིགས་པ། ཡུལ། ཤེས་བྱ། ཆོས་རྣམས་ལ་རེ་རེ་ནས་མཚན་ཉིད་ཡོད་དམ།
ལན། བློའི་ཡུལ་དུ་བྱ་རུང་བ་ཤེས་བྱའི་མཚན་ཉིད། ཚད་མས་དམིགས་པ་ཡོད་པའི་མཚན་ཉིད། ཚད་མས་གྲུབ་པ་གཞི་གྲུབ་ཀྱི་མཚན་ཉིད། ཚད་མས་རྟོགས་པར་བྱ་བ་གཞལ་བྱའི་མཚན་ཉིད། ཚད་མས་སྒྲོ་འདོགས་གཅོད་པར་བྱ་བའི་གཞི་དམིགས་པའི་མཚན་ཉིད། བློས་རིག་པར་བྱ་བ་ཡུལ་གྱི་མཚན་ཉིད། རང་གི་ངོ་བོ་འཛིན་པ་ཆོས་ཀྱི་མཚན་ཉིད། འདི་དག་ལ་དོན་གཅིག་ཁྱབ་པ་སྒོ་བརྒྱད་ངེས་པའི་ཕྱིར།
༣༢༽ དྲི་བ། དོན་གཅིག་ཁྱབ་པ་སྒོ་བརྒྱད་ཅེས་པ་ཇི་ལྟར་བརྩི།
ལན། དཔེར་ན། ཤེས་བྱ་དང་ཡོད་པ་གཉིས་ཕན་ཚུན་ཡིན་ཁྱབ་མཉམ་ཡིན་པ་ལྟར། དེ་གཉིས་ལ་སྦྱར་ན། ཤེས་བྱ་ཡིན་ན་ཡོད་པ་ཡིན་པས་ཁྱབ། ཤེས་བྱ་མིན་ན་ཡོད་པ་མིན་པས་ཁྱབ། ཤེས་བྱ་ཡོད་ན་ཡོད་པ་ཡོད་པས་ཁྱབ། ཤེས་བྱ་མེད་ན་ཡོད་པ་མེད་པས་ཁྱབ་པ་སྟེ་ཤེས་བྱའི་ཕྱོགས་ནས་ཁྱབ་པ་སྒོ་བཞི་དང་། ཡོད་པ་ཡིན་ན་ཤེས་བྱ་ཡིན་པས་ཁྱབ། ཡོད་པ་མིན་ན་ཤེས་བྱ་མིན་པས་ཁྱབ། ཡོད་པ་ཡོད་ན་ཤེས་བྱ་ཡོད་པས་ཁྱབ། ཡོད་པ་མེད་ན་ཤེས་བྱ་མེད་པས་ཁྱབ་པ་སྟེ་ཡོད་པའི་ཕྱོགས་ནས་ཁྱབ་པ་སྒོ་བཞི་སྟེ་བརྒྱད་དོ། །
༣༣༽ དྲི་བ། ཚད་མས་གྲུབ་པ་གཞི་གྲུབ་ཀྱི་མཚན་ཉིད་ཅེས་པའི་དོན་ཅི་ཡིན།
ལན། དཔེར་ན། བློ་ཚད་མས་ཆོས་གང་དང་གང་ཡོད་པའམ་མེད་པ་ཡིན་ཞེས་བརྟགས་ནས་ཆོས་གང་ཞིག་ཡོད་པར་གྲུབ་པའམ་ཚད་མས་གྲུབ་རྒྱུ་ཡོད་པ་ཞིག་ལ་གཞི་གྲུབ་ཡིན་ཞེས་བརྗོད་ཆོག
༣༤༽ དྲི་བ། ཅི་ཞིག་ལ་མེད་པ་ཟེར།
ལན། ཚད་མས་མ་དམིགས་པ་མེད་པའི་མཚན་ཉིད། གང་ཚད་མས་མ་དམིགས་ན་མེད་པས་ཁྱབ་སྟེ། དཔེར་ན་རི་བོང་གི་རྭ་ཚད་མས་ཀྱང་མ་དམིགས་དོན་དུའང་མེད་པ་ཡིན་པ་བཞིན་ནོ། །ཚད་མས་མ་དམིགས་པ། མེད་པ། གཞི་མ་གྲུབ་པ། ཤེས་བྱ་མ་ཡིན་པ་སོགས་དོན་གཅིག་ཡིན།
༼༣༥༽དྲི་བ། ཤེས་བྱ་ལ་དབྱེ་ན་དངོས་པོ་དང་དངོས་མེད་གཉིས་ལས་ཅི་ཞིག་ལ་དངོས་པོ་ཟེར།
ལན། དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད། མཚན་གཞི། བུམ་པ་དང་གཟུགས་ལྟ་བུ། དོན་བྱེད་ནུས་པ་དེ་གཙོ་བོ་དངོས་པོ་རང་རང་གིས་རང་འབྲས་བསྐྱེད་པའི་དོན་བྱེད་ནུས་པ་ཞིག་ཡིན་ན་དངོས་པོ་ཡིན་ཞེས་པ་ལྟ་བུ་ལ་གོ་དགོས། དངོས་ པོ། མི་རྟག་པ། འདུས་བྱས། རང་མཚན། ཕུང་པོ་རྣམས་དོན་གཅིག་ཡིན།
༣༦༽ དྲི་བ། དངོས་པོ་ལ་དབྱེ་ན་བེམ་ཤེས་ལྡན་མིན་འདུ་བྱེད་གསུམ་ལས་ཅི་ཞིག་ལ་བེམ་པོ་ཟེར།
ལན། རྡུལ་དུ་གྲུབ་པ་བེམ་པོའི་མཚན་ཉིད། རྡུལ་དུ་གྲུབ་པ་ཞེས་པ་རང་ཉིད་རྡུལ་རྫས་ཀྱིས་གྲུབ་པའམ་རང་ཉིད་རྡུལ་རྫས་ཡིན་པ་ལ་གོ་དགོས། རྡུལ་རྫས་ཀྱིས་གྲུབ་པ་ཞེས་པའང་དངོས་པོ་རང་ཉིད་རྡུལ་རྫས་བརྒྱད་འདུས་ཀྱིས་གྲུབ་པ་ཞིག་ལ་ཟེར། རྡུལ་རྫས་བརྒྱད་ནི། ས་རྡུལ། ཆུ་རྡུལ། མེ་རྡུལ། རླུང་གི་རྡུལ་བཞི་དང་། གཟུགས་རྡུལ། དྲི་རྡུལ། རོ་རྡུལ། རེག་བྱའི་རྡུལ་བཞི་སྟེ་བརྒྱད་དོ། །མཚན་གཞི། བུམ་པ། རྡུལ་ཕྲ་རབ་ལྟ་བུ། མདོ་སྡེ་བའི་ལུགས་ལྟར་ན་གཟུགས་དང་བེམ་པོ་དོན་གཅིག དེ་ལ་དབྱེ་ན་གཟུགས་སྒྲ་དྲི་རོ་རེག་བྱའི་སྐྱེ་མཆེད་དེ་ལྔ་ཡོད།
༣༧༽ དྲི་བ། ཕྱིའི་གཟུགས་དང་ནང་གི་གཟུགས་གང་དག་ཡིན།
ལན། ཕྱིའི་གཟུགས། གཟུགས་སྒྲ་དྲི་རོ་རེག་བྱའི་སྐྱེ་མཆེད་དང་ལྔ་ཡོད། ནང་གཟུགས། མིག་རྣ་སྣ་ལྕེ་ལུས་ཀྱི་དབང་པོ་སྟེ་ལྔ་ཡོད།
༣༨༽ དྲི་བ། ཅི་ཞིག་ལ་ཤེས་པ་ཟེར།
ལན། གསལ་ཞིང་རིག་པ་ཤེས་པའི་མཚན་ཉིད། ཤེས་པ་རང་གི་ངོར་སྣང་ཞིང་གསལ་བས་ན་གསལ་བའམ་ཤེས་པ་ཟེར། བློ་དང་། རིག་པ། ཤེས་པ་རྣམས་དོན་གཅིག དེ་ལ་དབྱེ་ན་མིག་ཤེས་དང་། རྣ་ཤེས། སྣ་ཤེས། ལྕེ་ཤེས། ལུས་ཤེས། ཡིད་ཤེས་ཏེ་དྲུག་ཡོད།
༣༩༽ དྲི་བ། ཤེས་པ་ལས་སེམས་སེམས་བྱུང་གཉིས་སུ་དབྱེ་བ་ལས་ཅི་ཞིག་ལ་སེམས་ཟེར།
ལན། རང་ཡུལ་དུ་གྱུར་བའི་དོན་གྱི་ངོ་བོ་རང་སྟོབས་ཀྱིས་རིག་པའི་བློ་སེམས་ཀྱི་མཚན་ཉིད། མཚན་གཞི། ཀྭ་འཛིན་མིག་ཤེས་དང་བུམ་འཛིན་རྟོགས་པ་ལྟ་བུ། སེམས་ནི་རང་གི་ཡུལ་ཤེས་བྱ་ཡིན་མིན་གང་ཡིན་ཡང་། རང་ཡུལ་དེ་ལ་དོན་གྱི་ངོ་བོ་དང་ཁྱད་པར་གཉིས་ལས། དོན་གྱི་ངོ་བོ་དེ་བློ་གཞན་ལ་མ་ལྟོས་པར་རང་སྟོབས་ཀྱིས་མཐོང་བའི་རིག་པ་ཞིག་ལ་ཟེར། དེ་ལ་དབྱེ་ན་མིག་གི་རྣམ་ཤེས་དང་། རྣ་བའི་རྣམ་ཤེས། སྣའི་རྣམ་ཤེས། ལྕེའི་རྣམ་ཤེས། ལུས་ཀྱི་རྣམ་ཤེས། ཡིད་ཀྱི་རྣམ་ཤེས་བཅས་དྲུག་ཡོད། སེམས་དང་། ཡིད་དང་། རྣམ་ཤེས། གཙོ་སེམས་རྣམས་དོན་གཅིག་གོ །

འབྲེལ་ཡོད་འོས་སྦྱོར།