རིག་གནས་ཀུན་ཤེས་ནས་བདག་མེད་གྲུབ་པ་ཞེས་བྱ་བའི་བསྟན་བཅོས།
རྩོམ་པ་པོ།:སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-02-17
ཀློག་གྲངས།:
ཚད་མ་རིག་པ་བཤད་པ།
བཞི་པས་དོན་ལ་འཁྲུལ་རྣམས་ཚར་གཅོད་ཕྱིར། །ལྟ་བ་ངན་པ་མཐའ་དག་འཇོམས་པར་ནུས། །གཏན་ཚིགས་རིག་པ་རྒྱལ་བས་གསུངས་པ་ནི། །མིག་གི་རྣམ་པར་ཤེས་པ་སྔོན་པོ་ཙམ། །ཤེས་ཀྱི་སྔོན་པོ་འོ་ཞེས་མ་ཡིན་ཞེས། །གསུངས་པས་མངོན་སུམ་རྟོག་བྲལ་དབང་མངོན་བསྟན། །གཟུགས་ལ་གསལ་སྣང་ཤེས་པ་གཉིས་ཡིན་ཏེ། །མིག་དང་ཡིད་དོ་ཞེས་པས་ཡིད་མངོན་བསྟན། །འདིས་ནི་ཆོས་ལ་གསལ་སྣང་ཡོད་པ་ཙམ། །ཡིད་མངོན་ཡིན་པར་སྨྲ་བ་རྣམས་ཀྱང་བཀག །དམིགས་མྱོང་སོ་སོར་བཤད་པས་རང་རིག་དང་། །བདག་མེད་གསལ་སྣང་གསུངས་པ་རྣལ་འབྱོར་ཏེ། །མངོན་སུམ་བཞི་ག་སྟོན་པས་གསལ་བར་གསུངས། །གང་ཞིག་འདུས་བྱས་ཡིན་པ་དེ་མི་རྟག །དུ་བ་ལས་ནི་མེར་ཤེས་དཔེར་མཛད་པས། །རང་བཞིན་འབྲས་བུའི་གཏན་ཚིགས་དེ་བཞིན་དུ། །ཚད་མས་མ་དམིགས་པ་དེ་མེད་ཅེས་དང་། །གང་ཟག་ཙམ་གྱིས་གང་ཟག་ཚོད་མི་བཟུང་། །ཞེས་པས་མི་དམིགས་པ་གཉིས་གསལ་བར་བསྟན། །དེ་བཞིན་དགྲ་བཅོམ་ཆོས་སྐྱོབ་མེ་ཝཾ་ག །ཀུན་མཁྱེན་གཉིས་པས་རྩོད་སྒྲུབ་སྔ་དུས་མཛད། །དེས་བསྐྱངས་འཇམ་པའི་དབྱངས་ཀྱིས་རྗེས་བཟུང་བ། །རིག་སྨྲའི་གཙོ་བོ་ཕྱོགས་ཀྱི་གླང་པོ་ཡིས། །གཞུང་མང་མཛད་ལས་བཏུས་ནས་ཚད་མའི་མདོ། །མངོན་སུམ་རྗེས་དཔག་གཉིས་དང་གཞན་སེལ་དང་། །དཔེ་དང་རྟག་ཆོད་ལེ་འུ་དྲུག་ལྡན་མཛད། །འགྲེལ་བྱེད་ཚད་མར་མ་གྱུར་འགས་ཀྱང་བཤད། །རྒྱལ་བས་ལུང་བསྟན་ཆོས་གྲགས་ཉི་མ་ཡིས། །མདོ་ཡི་པད་མོ་རྣམ་པར་རྒྱས་བྱེད་པའི། །སྡེ་བདུན་ཚ་ཟེར་ཕྱོགས་བཅུར་སྤྲོས་པར་གྱུར། །དེ་ཡང་གཙོ་བོར་རྒྱལ་བའི་བསྟན་བཅོས་ཀྱི། །མཆོད་བརྗོད་བཤད་པས་སྟོན་དང་བསྟན་པ་ལ། །ཤེས་ནས་དད་པ་རྒྱས་བྱེད་ལེ་འུ་གཅིག །མངོན་སུམ་གྲངས་ངེས་འབྲས་བུར་བཅས་ལ་གཅིག །གཞན་སེལ་དཔེ་དང་བཅས་པ་བསྡུས་པ་ཡིས། །གཏན་ཚིགས་གཙོར་སྟོན་རང་དོན་རྗེས་དཔག་དང་། །རྟག་ཆོད་ཤུགས་སྟོན་གཞན་དོན་རྗེས་དཔག་གིས། །མདོ་ཡི་བརྗོད་བྱ་མཐའ་དག་རྣམ་པར་འགྲེལ། །མངོན་རྗེས་ལེ་འུ་གསུམ་པོ་རང་གི་ལུགས། །འབྲིང་དང་བསྡུས་པ་རྣམ་ངེས་རིག་ཐིགས་ཏེ། །རྩ་བ་ལུས་དང་འདྲ་བ་གསུམ་ཞེས་གྲགས། །འགྲེལ་དང་ཚུལ་གསུམ་སྒྲུབ་ངག་ལྟར་སྣང་དང་། །རང་བློ་ལྐོག་གྱུར་འགོག་ལ་འཕྲོས་ནས་ནི། །འབྲེལ་བརྟག་གཏན་ཚིགས་ཐིགས་པ་རྩོད་རིག་དང་། །རྒྱུད་གཞན་གྲུབ་ལ་འཕྲོས་པ་ཡན་ལག་ཟེར། །རྣམ་འགྲེལ་ལེ་འུ་དང་པོ་རྣམ་ངེས་དང་། །འབྲེལ་བརྟག་རྣམས་ལ་ཉིད་ཀྱིས་རྣམ་བཤད་མཛད། །ལེ་འུ་དང་འགྲེལ་རྗེས་དཔག་བསྟན་བཅོས་ནི། །འཆད་རྒྱུར་གསུངས་པས་ལེ་འུ་དང་པོར་གྲུབ། །བྲམ་ཟེས་མཐོང་བ་བློས་བསླད་མན་ཆད་ལ། །འགྲེལ་བཤད་མ་བྱས་ཕྱིར་ན་དེ་མན་ཆད། །རང་འགྲེལ་མིན་ཞེས་ཟེར་མོད་ལྷ་རྒྱན་གྱིས། །ལེ་འུ་གཞན་གསུམ་ཉིད་ལས་མ་བཤད་ཕྱིར། །དང་པོའི་སྨད་ལ་འགྲེལ་པ་མེད་པར་འགྱུར། །ཤཱཀྱས་རང་འགྲེལ་ཉིད་ལ་བཤད་ཕྱིར་ཡང་། །རྒྱན་གྱི་རྗེས་འབྲང་རྒྱལ་བ་ཅན་དང་ནི། །ཡ་མཱ་རི་དང་ཉི་མ་སྦས་པ་འོ། །རྒྱལ་རྔ་གསུམ་པས་རྣམ་ངེས་རིག་ཐིགས་ཀྱི། །རྒྱ་ཆེར་འགྲེལ་བྱས་ཞི་འཚོས་དེ་ཉིད་བསྡུས། །ཀ་མ་ལ་ཡིས་དེ་འགྲེལ་ཚད་ཆེན་བྱས། །གཞན་ཡང་བྲམ་ཟེ་ཆེ་དང་ཛྙཱ་ན་ཤྲཱི། །དུལ་ལྷ་ཙནྡྲ་གོ་མི་ཇེ་ཏཱ་རི། །དགེ་བསྲུངས་སོགས་ཀྱི་གཞུང་ཕྲན་མང་པོ་ཡོད། །སྔ་དར་དུས་སུ་སྡེ་བདུན་ཕྱི་མ་འགའ། །ཕྱི་དར་རྨ་རྔོག་ས་པཎ་སོགས་ཀྱིས་བསྒྱུར། །བརྗོད་བྱ་གསུམ་གྱི་གཞལ་བྱ་མངོན་གྱུར་ནི། །ཚུར་མཐོང་དབང་བྱས་ཕྱི་རོལ་གཟུགས་སོགས་ལྔ། །ཤེས་པའི་སྟེང་གི་མྱོང་ཆ་ཙམ་དུ་ཟད། །འཕགས་ལ་བདག་མེད་གནས་ལུགས་མངོན་གྱུར་ཉིད། །ཀུན་མཁྱེན་ལ་ནི་ཤེས་བྱའི་རྙེད་པ་ཡང་། །མངོན་གྱུར་ཡིན་ཞེས་མཁས་རྣམས་སྨྲ་མོད་ཀྱི། །ཆོས་ཀྱི་གྲགས་པས་བསམ་མི་ཁྱབ་པར་གསུངས། །ཀ་བུམ་གང་ཟག་སོགས་ཀྱང་ཚུར་མཐོང་ལ། །མངོན་གྱུར་ཡིན་ཞེས་བོད་ན་གྲགས་མོད་ཀྱང་། །དེ་དག་གཟུགས་མཐོང་ཙམ་ལ་གང་ཟག་སོགས། །མངོན་སུམ་མཐོང་ཞེས་བྱིས་ལ་གྲགས་མོད་ཀྱི། །ལྡན་མིན་འདུ་བྱེད་དབང་པོས་མཐོང་མི་སྲིད། །དེས་ན་རང་གི་མཚན་ཉིད་ཀྱིས་གྲུབ་པའི། །དངོས་པོ་རིག་པས་དཔྱད་བཟོད་བདེན་གྲུབ་ནི། །མངོན་གྱུར་ཉིད་དུ་དངོས་སྨྲ་གསུམ་ག་མཐུན། །རྒྱུན་དང་རགས་པ་ཡན་ལག་ཅན་ཀུན་ལ། །རང་སྡེ་ཀུན་གྱིས་བདེན་འཛིན་བཟློག་ཕྱིར་རོ། །གཞལ་བྱ་འདི་ཡི་འཇལ་བྱེད་མངོན་སུམ་བཞི། །ལྐོག་གྱུར་དབང་པོ་གཟུགས་ཅན་མི་རྟག་སོགས། །རྣམ་པ་བཅུ་དྲུག་བདག་གཅིག་དེ་བྱུང་འབྲེལ། །ནུས་པ་ས་བོན་སྤང་གཉེན་ལ་སོགས་ཏེ། །དངོས་སྟོབས་གཏན་ཚིགས་ཉིད་ཀྱིས་སྒྲུབ་དགོས་ཕྱིར། །སྒྲུབ་བྱེད་གཏན་ཚིགས་དེ་ནི་རྣམ་གསུམ་སྟེ། །འབྲས་བུ་རང་བཞིན་མ་དམིགས་ཞེས་བྱ་འོ། །འབྲས་རྟགས་མཐུན་དཔེ་དུ་ལྡན་ཚང་མང་དུ། །མེ་དུའི་རྒྱུ་འབྲས་ངེས་བྱེད་ཕྲུགས་གསུམ་ལས། །དེར་ངེས་ལ་ཁར་དུ་བ་མངོན་སུམ་མཐོང་། །ཕྱོགས་དེར་མེ་ལ་ཤེས་འདོད་ཞུགས་པ་ན། །སྔར་གྱི་ཁྱབ་འབྲེལ་དྲན་པའི་རྟགས་སེམས་ཀྱིས། །བསྒྲུབ་བྱ་ངེས་པའི་རྗེས་དཔག་སྐྱེད་པས་ན། །རྒྱུ་འབྲས་ངེས་པའི་ལུང་རྟོགས་འབྲས་བུ་ནི། །མངོན་སུམ་གྲུབ་པས་རང་རྒྱུ་གསལ་བར་རྟོགས། །རྒྱུ་ཡི་ཁྱད་པར་སྒྲུབ་པའི་འབྲས་རྟགས་ཀྱི། །དབང་ཤེས་རྐྱེན་གསུམ་ལ་སོགས་སྒྲུབ་པར་ནུས། །ཚོགས་པ་གཅིག་ལ་རག་ལུས་འབྲེལ་ཤེས་ན། །དུ་བས་བུད་ཤིང་འགྱུར་བ་རྟོགས་པ་བཞིན། །གཟུགས་སོགས་རོ་ལ་སོགས་པས་རྟོགས་པ་ནི། །རྒྱུ་ཡི་ནུས་པ་རྗེས་སུ་དཔོག་པ་འོ། །རང་བཞིན་སྒྲ་སོགས་འདུས་བྱས་སྐད་ཅིག་མར། །བྱས་དང་དངོས་ཡོད་རྟགས་ཀྱིས་སྒྲུབ་པ་སྟེ། །རིག་བྱེད་སྒྲ་སོགས་རྟག་པར་སྨྲ་བ་ལ། །བྱས་པར་འདོད་ཕྱིར་མ་བྱས་པར་ཐལ་ཞེས། །མི་འདོད་ཐལ་བར་འཕངས་ནས་རྟག་ཕྱིར་གྱི། །ཁས་བླངས་ངན་པ་རྟགས་སུ་བཀོད་ནས་ནི། །རྟག་ལ་རྐྱེན་གྱིས་བྱས་པ་མི་སྲིད་ཕྱིར། །བྱས་ན་འཇིག་རྒྱུ་གཞན་ལ་ལྟོས་མེད་ཀྱི། །རིག་པ་བསྟན་པས་ལན་གྱིས་མ་བཟློག་ནས། །ཐེ་ཚོམ་སྐྱེས་ཚེ་གང་བྱས་མི་རྟག་སྟེ། །བུམ་པ་ཇི་བཞིན་སྒྲ་ཡང་བྱས་ཞེ་འམ། །ལྡོག་ཁྱབ་མི་མཐུན་སྦྱོར་བ་བཀོད་པ་ན། །གདུལ་བྱ་མི་རྟག་ལམ་ལ་འགོད་པར་ནུས། །འདི་ལ་བལྟོས་ངག་དབྱེ་བ་གཉིས་སུ་གསུངས། །མ་དམིགས་པ་ལ་མི་སྣང་མ་དམིགས་དང་། །སྣང་རུང་མ་དམིགས་གཉིས་ཏེ་དང་པོ་ནི། །མེད་པར་མ་ངེས་རྟགས་དང་མངོན་སུམ་གྱིས། །ཡོད་པར་མི་འགྲུབ་ཤིན་ཏུ་ལྐོག་གྱུར་དོན། །དེ་ལྟར་གྱུར་བས་ཡོད་ངེས་མི་འཇུག་སྟེ། །དེ་ཡི་མངོན་རྗེས་ཚད་མས་མ་གྲུབ་ཕྱིར། །འདིས་ནི་གཞན་རྒྱུད་ཆགས་ལྡང་ཁྱད་པར་སོགས། །ཁ་ཚོན་གཅོད་རྣམས་གླེན་ཆེན་ཉིད་དུ་བསྟན། །གཉིས་པ་ཕུང་པོ་ལས་གཞན་བདག་མེད་དེ། །དེ་འདྲ་སྣང་རུང་ཚད་མས་མ་དམིགས་ཕྱིར། །འདི་ནི་ཕུང་པོ་དག་པ་དམིགས་པས་ན། །དེ་མི་དམིགས་པའང་མངོན་སུམ་ཉིད་ཀྱིས་འགྲུབ། །འདི་ལ་འབྲེལ་ཟླ་མ་དམིགས་པ་དང་ནི། །འགལ་ཟླ་དམིགས་པའི་དབྱེ་བ་དུ་མ་ཡོད། །ཤིན་ལྐོག་དགེ་སྡིག་ལས་འབྲས་ཕྲ་མོ་དང་། །བདེ་འགྲོ་ངན་འགྲོའི་གནས་དང་འགྲོ་བ་དང་། །དེ་དག་བདེ་སྡུག་ཚེ་ཚད་ལུས་ཚད་སོགས། །འཇལ་བྱེད་དཔྱད་གསུམ་གྱིས་དག་ལུང་ཉིད་ལ། །བརྟེན་པའི་ཡིད་ཆེས་རྗེས་དཔག་ཅེས་བྱ་འོ། །དཔྱད་པ་གསུམ་ནི་མངོན་གྱུར་སྟོན་རྣམས་ལ། །མངོན་སུམ་གྱིས་དང་ལྐོག་གྱུར་སྟོན་པ་ལ། །དངོས་སྟོབས་རྗེས་དཔག་ཤིན་ལྐོག་སྟོན་རྣམས་ལ། །རང་ཚིག་སྔ་ཕྱི་འགལ་བས་མི་གནོད་པའོ། །དེ་དག་ཞིབ་ཏུ་འདིར་བཤད་ཚིག་མང་ཞིང་། །རྒྱས་པར་རིག་པའི་གཞུང་དུ་བཤད་ཟིན་ཕྱིར། །དེ་དག་ཉིད་ལས་རྒྱ་ཆེར་རྟོགས་པར་བྱ། །རིག་གནས་ཀུན་ཤེས་ནས་བདག་མེད་གྲུབ་པ་ཞེས་བྱ་བའི་བསྟན་བཅོས་ལས། ཚད་མ་རིག་པ་བཤད་པ་སྟེ་ལེའུ་ལྔ་པའོ།། །།
དེ་ལྟར་ལྔ་རིག་ཉེར་མཁོ་བསྡུས་པ་འདིས། །ལྡེ་མིག་བྱས་ཏེ་རིག་གནས་མཐའ་དག་གི །བང་མཛོད་མཐོང་ནས་བསམ་འཕེལ་ནོར་མཆོག་གིས། །འགྲོ་ཀུན་བློ་མུན་སེལ་བའི་དཔལ་ཐོབ་ཤོག །ཅེས་སྟག་ཚང་གི་དགེ་སློང་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོས་གསེར་འཕྱང་ཞེས་བྱ་བ་མེ་མོ་བྱའི་ས་གའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོ་ལ་ཆོས་འཁོར་སྒང་དུ་སྦྱར་བའོ། །
ཤེས་བྱར་སྲིད་ཀུན་མང་ཐོས་གསེར་སྒོང་དུ། །རྣམ་དཔྱོད་དྲོད་ཀྱིས་སྨིན་པ་ཚངས་པའི་སྤུན། །འཇིག་རྟེན་མིག་གཅིག་སྟག་ཚང་ལོ་ཙཱ་བ། །ངེས་པ་དོན་ལྡན་མ་ཧཱ་པཎྜི་ཏ། །གང་གི་ཕྱི་ནང་གྲུབ་མཐའི་དབྱེ་བ་དང་། །སྒྲ་ཚད་བཟོ་གསོ་ནང་དོན་རིག་པའི་ཚོགས། །ཀུན་གྱི་གནས་ལུགས་མཚོ་ལ་བྱད་ལྟར་དུ། །མཐོང་ནུས་གླེགས་བམ་འདི་ཀོས་ཆོས་རྣམས་ཤེས། །རྨོངས་ཞེན་མུན་པའི་ཁུང་པུར་བག་ཕབ་ནས། །ཕྱོགས་ལྷུང་ལྕེ་གཉིས་རྐྱོང་མིན་བློ་གྲོས་བྱ། །གཙུག་ལག་ནམ་མཁའི་ཕ་མཐའ་གཞལ་འདོད་པའི། །གཟུར་གནས་བློ་ལྡན་ཀུན་དགའ་སྐྱེད་པའི་ཡུལ། །སྔོན་བྱོན་མཁས་པའི་ལེགས་བཤད་ཡིད་བཞིན་ནོར། །ལམ་ཁའི་རྡོ་བ་ལྟ་བུར་དོར་བྱས་ནས། །དེང་དུས་ཆེར་རློམ་ངག་སྒྲོས་མཆིང་བུ་ལ། །རིན་ཐང་གཞལ་བའི་ཚུལ་དེར་མཆི་མ་དཀུ། །འོན་ཏེ་བླང་དོར་ཤེས་པ་སྲིད་པའི་ཕྱིར། །དཔྱོད་ལྡན་མང་པོར་ཕན་འདོད་ལྷག་བསམ་གྱིས། །ཚད་མེད་ཆོས་སྦྱིན་སྤེལ་འབྲས་ཚེ་རབས་ཀུན། །གསལ་མྱུར་ཟབ་པའི་ཤེས་རབ་འཐོབ་པར་ཤོག །ཅེས་འཇིག་རྟེན་གྱི་མིག་གཅིག་པུ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་རིག་གནས་ཀུན་ཤེས་དང་གྲུབ་མཐའ་ཀུན་ཤེས་རྩ་འགྲེལ་གཉིས་ཀྱི་བར་བློ་གསལ་མང་པོར་ཕན་འདོད་ཀྱི་བསམ་པས་ཀུན་ནས་བླངས་ཏེ་དགའ་ལྡན་ཕུན་ཚོགས་གླིང་དུ་པར་དུ་བརྐོས་པའི་ཚེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ།། །།སརྦ་མངྒ་ལཾ།

ནང་རིག་བཤད་པ།
ནང་རིག་ངེས་འབྱུང་མཆོག་དང་བྱང་ཆུབ་སེམས། །རྣམ་གྲོལ་གསུམ་གྱི་ལམ་མཆོག་སྟོན་པ་སྟེ། །གྲོལ་བ་ཐར་པ་རྣམ་གྲོལ་ལུས་ཞེས་པའི། །ལུས་རྣམས་གྲོལ་ཞེས་བྱ་བར་གནས་པ་སྟེ། །ཉོན་མོངས་པས་ནི་སེམས་དཀྲུགས་ཉོན་སྒྲིབ་ལས། །གྲོལ་བ་ཉན་རང་གཉིས་ཀྱི་མྱང་འདས་སོ། །མི་ཤེས་འདམ་དུ་བྱིང་བ་ཤེས་སྒྲིབ་ལས། །ཐར་པ་ཕར་ཕྱིན་ཐེག་པའི་སངས་རྒྱས་ཡིན། །བླ་མེད་འབྲས་བུ་ལུས་སྒྲིབ་ཕྲ་མོ་ལས། །རྣམ་པར་གྲོལ་བ་མཐར་ཐུག་སངས་རྒྱས་སོ། །རྗོད་བྱེད་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །སྔགས་ལའང་བསླབ་གསུམ་སྟོན་རྣམས་སྡེ་སྣོད་གསུམ། །ཡིན་ཕྱིར་སྡེ་སྣོད་ཟུར་པ་མིན་ཞེ་ན། །དཔལ་ལྡན་གསང་བ་འདུས་པའི་རྩ་རྒྱུད་ནི། །མདོ་སྡེ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི །སྣོད་དང་རྒྱུད་སྡེ་སུམ་ཁྲི་སུམ་སྟོང་གི །རྩ་བར་གསུངས་པས་སྣོད་དང་རྩ་བའི་ཁྱད། །ཕྱེ་ཕྱིར་རིགས་པ་འཛིན་པའི་སྡེ་སྣོད་ཅེས། །བཞི་པར་རྒྱ་བོད་མཁས་རྣམས་བཞེད་པར་འཐད། །གསུམ་ནི་འདུལ་བ་མདོ་སྡེ་མངོན་པ་སྟེ། །ལྷག་པའི་ཚུལ་ཁྲིམས་སེམས་དང་ཤེས་རབ་ཀྱི། །བསླབ་གསུམ་བསྟན་བྱའི་གཙོ་བོར་མཛད་པ་འོ། །འདུལ་པ་བཞི་དང་རྣམ་འབྱེད་ཕྲན་ཚེགས་དང་། །དམ་པ་ཞེས་བྱ་འདུལ་ལུང་སྡེ་བཞི་ཡིན། །དང་པོ་གཉིས་ལ་གླེགས་བམ་བཞི་བཞི་སྟེ། །ཕྱི་མ་གཉིས་ལ་གཉིས་གཉིས་ཐ་མ་ལ། །ཞུ་བ་འདུལ་བྱེད་གཏམ་དང་གླེང་གཞི་དང་། །སིལ་བུ་ལ་སོགས་འདུལ་ཕྲན་དུ་མ་བཞུགས། །མདོ་སྡེ་ཐེག་ཆུང་དྲན་པ་ཉེར་གཞག་དང་། །མདོ་མང་ཕྲན་ཚེགས་མང་པོར་འདུལ་ལུང་གི །བརྗོད་བྱ་ཐོར་བུ་ཁྱད་པར་བ་རྣམས་ལ། །གླེང་གཞི་ཡི་རང་དང་བཅས་ཟུར་བཀོལ་ཡིན། །ཐེག་ཆེན་ཤིན་ཏུ་རྒྱས་པའི་མདོ་སྡེ་ནི། །ཕལ་ཆེན་དཀོན་བརྩེགས་སྤྲིན་ཆེན་རྔ་བོ་ཆེ། །མྱང་འདས་ཚེ་སོགས་འཁོར་ལོ་ཐ་མ་དང་། །བར་པ་ཤེར་ཕྱིན་འཁོར་དང་བཅས་པ་འོ། །མངོན་པ་ཐེག་ཆུང་སྡེ་བདུན་དུ་གྲགས་ཏེ། །ཐེག་ཆེན་སྟོང་ཕྲག་བརྒྱ་པ་དགའ་ལྡན་ན། །བཞུགས་ཤིང་གཞན་རྣམས་ལན་གསུམ་བརླག་ཅེས་གྲགས། །རྒྱུད་སྡེ་གདུལ་བྱ་དམན་འབྲིང་ཆེན་པོ་དང་། །ཆེན་པོའི་ཆེན་པོ་རྣམས་ལ་རིམ་བཞིན་དུ། །བྱ་སྤྱོད་རྣལ་འབྱོར་རྣལ་འབྱོར་བླ་མེད་གསུངས། །འདི་དག་གཞུང་ཚད་བརྗོད་བྱ་ལ་སོགས་པ། །གསང་སྔགས་སྤྱི་དང་མདོ་ཕྱོགས་བརྗོད་ཚུལ་རྣམས། །མང་བས་འཇིགས་ཤིང་གཞན་དུ་བཤད་པའི་ཕྱིར། །འདིར་ནི་མདོ་ཙམ་བསྡུས་མོད་གཞན་དུ་རྟོགས། །རིག་གནས་ཀུན་ཤེས་ནས་བདག་མེད་གྲུབ་པ་ཞེས་བྱ་བའི་བསྟན་བཅོས་ལས། ནང་རིག་བཤད་པ་སྟེ་ལེའུ་དྲུག་པའོ།། །།དེ་ལྟར་ལྔ་རིག་ཉེར་མཁོ་བསྡུས་པ་འདིས། །ལྡེ་མིག་བྱས་ཏེ་རིག་གནས་མཐའ་དག་གི །བང་མཛོད་མཐོང་ནས་བསམ་འཕེལ་ནོར་མཆོག་གིས། །འགྲོ་ཀུན་བློ་མུན་སེལ་བའི་དཔལ་ཐོབ་ཤོག །ཅེས་སྟག་ཚང་གི་དགེ་སློང་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོས་གསེར་འཕྱང་ཞེས་བྱ་བ་མེ་མོ་བྱའི་ས་གའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོ་ལ་ཆོས་འཁོར་སྒང་དུ་སྦྱར་བའོ། །
ཤེས་བྱར་སྲིད་ཀུན་མང་ཐོས་གསེར་སྒོང་དུ། །རྣམ་དཔྱོད་དྲོད་ཀྱིས་སྨིན་པ་ཚངས་པའི་སྤུན། །འཇིག་རྟེན་མིག་གཅིག་སྟག་ཚང་ལོ་ཙཱ་བ། །ངེས་པ་དོན་ལྡན་མ་ཧཱ་པཎྜི་ཏ། །གང་གི་ཕྱི་ནང་གྲུབ་མཐའི་དབྱེ་བ་དང་། །སྒྲ་ཚད་བཟོ་གསོ་ནང་དོན་རིག་པའི་ཚོགས། །ཀུན་གྱི་གནས་ལུགས་མཚོ་ལ་བྱད་ལྟར་དུ། །མཐོང་ནུས་གླེགས་བམ་འདི་ཀོས་ཆོས་རྣམས་ཤེས། །རྨོངས་ཞེན་མུན་པའི་ཁུང་པུར་བག་ཕབ་ནས། །ཕྱོགས་ལྷུང་ལྕེ་གཉིས་རྐྱོང་མིན་བློ་གྲོས་བྱ། །གཙུག་ལག་ནམ་མཁའི་ཕ་མཐའ་གཞལ་འདོད་པའི། །གཟུར་གནས་བློ་ལྡན་ཀུན་དགའ་སྐྱེད་པའི་ཡུལ། །སྔོན་བྱོན་མཁས་པའི་ལེགས་བཤད་ཡིད་བཞིན་ནོར། །ལམ་ཁའི་རྡོ་བ་ལྟ་བུར་དོར་བྱས་ནས། །དེང་དུས་ཆེར་རློམ་ངག་སྒྲོས་མཆིང་བུ་ལ། །རིན་ཐང་གཞལ་བའི་ཚུལ་དེར་མཆི་མ་དཀུ། །འོན་ཏེ་བླང་དོར་ཤེས་པ་སྲིད་པའི་ཕྱིར། །དཔྱོད་ལྡན་མང་པོར་ཕན་འདོད་ལྷག་བསམ་གྱིས། །ཚད་མེད་ཆོས་སྦྱིན་སྤེལ་འབྲས་ཚེ་རབས་ཀུན། །གསལ་མྱུར་ཟབ་པའི་ཤེས་རབ་འཐོབ་པར་ཤོག །ཅེས་འཇིག་རྟེན་གྱི་མིག་གཅིག་པུ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་རིག་གནས་ཀུན་ཤེས་དང་གྲུབ་མཐའ་ཀུན་ཤེས་རྩ་འགྲེལ་གཉིས་ཀྱི་བར་བློ་གསལ་མང་པོར་ཕན་འདོད་ཀྱི་བསམ་པས་ཀུན་ནས་བླངས་ཏེ་དགའ་ལྡན་ཕུན་ཚོགས་གླིང་དུ་པར་དུ་བརྐོས་པའི་ཚེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ།། །།སརྦ་མངྒ་ལཾ།
འབྲེལ་ཡོད་འོས་སྦྱོར།