སྙིང་མོ་སྐྱིད་ཀྱིས་བསྒྱུར་བའི་བརྩམས་སྒྲུང《མིའེ་ལིའང་ཕ་བུ》།
རྩོམ་པ་པོ།:སྙིང་མོ་སྐྱིད་ཀྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-07-11
ཀློག་གྲངས།:
2
ལིའང་ཁྲོན་པའོ་ཡིས་གཞི་ནས་ཚུལ་ལྡན་གྱི་བྱ་བ་ཞིག་བསྒྲུབ་འགོ་བརྩམས་པ་སྟེ། ལུག་འཚོ་རྒྱུ་དེ་རེད།
ཕ་རྒན་གྱིས་ཁྱོད་ཀྱི་ཨ་མ་ལོ་ན་བགྲེས་ལ། "རི་འགོའི་རྩྭ་ཁར་ཕྱུགས་འཚོས་པས། རྒྱང་བལྟས་ཡོད་ཀྱང་ཉེ་དུས་མེད། "ལུག་གིས་སྔོ་རྩྭ་མཐོང་ཡང་ཟ་མ་ཐུབ་པས་སྨྱོ་ལ་ཁད་བྱས་ཏེ་ཕྱོགས་གཅིག་ཏུ་བསྡུ་མི་ཐུབ། ཁྱོད་གོམ་ལག་སྐྱེན་པས་གནས་སྐབས་རིང་ཨ་མའི་ཚབ་ཏུ་ལུག་འཚོ་རུ་སོང་ཟེར།
ལིའང་ཁྲོན་པའོ་ཡིས"ཕུའུ་ཁྲི"དང་བཅས་གད་མོ་ཅིག་ཤོར། མ་བསམ་ས་ནས་ཕ་རྒན་ཞིང་བ་རྒན་པོ་འདིས་ཚེ་གང་བོ་འབྲུ་རིགས་སྣ་ལྔ་དང་རྟ་ལུག་གླང་ཕག སོ་ཕག་གྱོ་མོ་རྡོ་དང་འགྲོགས་པས་ད་དུང་ཁ་ནས་སྙན་ཚིག་ཅིག་ཐོན་ཐུབ། ཁོས་མ་གཞི་དང་ལེན་བྱེད་འདོད་མེད་མོད། ཕ་རྒན་གྱི་ཁ་ནས་སྙན་ཚིག་ཅིག་ཐོན་པའི་ཁ་ངོ་དང་། ཨ་མས་ར་སྐོར་ནང་གི་བྱ་གག་ངང་གསུམ་དང་གླང་ལུག་ཕག་གསུམ་གསོ་སྐྱོང་བྱས་རྗེས། ད་དུང་རི་འགོར་འགྲོ་དགོས་པས་དཀའ་ལས་ཁག་པའི་ཁ་ངོར་བལྟས་ནས་དང་ལེན་བྱས།
ཨ་མ་དང་མི་འདྲ་བར་ལིའང་ཁྲོན་པའོ་གང་སར་མི་བརྒྱུགས་པར་ལས་ཀ་དེ་ཝ་དཀར་ལ་སྤྲད། ཝ་དཀར་ལུག་རྫི་བྱེད་རྒྱུར་དགའ་སྟེ། ལུག་གང་གིས་ཁ་མི་ཉན་ན་དེའི་འཕོངས་ལ་སོ་བཏབ་ནས་ལུག་དེ་ལུག་ཁྱུར་འཇུག་སྲིད།
ཝ་དཀར་ལ་ལྷན་སྐྱེས་ཀྱི་འཁྲབ་སྟོན་ནུས་པ་ལྡན་ཞིང་འགོ་ཁྲིད་བྱེད་འདོད་ཆེ། ལིའང་ཁྲོན་པའོ་ཡིས་ཕྱི་ལྭ་གཡང་ལུགས་བྱས་པ་དང་ལུག་ཁྱུ་ཉིན་ཕྱོགས་ཀྱི་རི་ཁུག་ཆུ་བོ་ཡོད་ས་ཞིག་ཏུ་བཀྲམས་རྗེས་ཁ་ཡ་མི་བྱེད། སྒྲ་སྒམ་སར་བཞག་རྗེས་ཕྱི་ལྭ་ཐང་ལ་བཏིངས་བ་དང་། ཉི་མར་གཏད་ནས་བདེ་མོའི་ངང་མར་ཉལ། ལུས་དང་བྲལ་མེད་ངང་ཁྱེར་བའིUསྡེར་སྒྲ་སྒམ་གྱིUSBམཐུད་ཁར་བསྒར་རྗེས་གློག་སྒོ་ཕྱེས། གླུ་གཞས་དལ་བུར་གྲགས་པ་དང་ཁོས་མཛུབ་མོ་ཁར་བཙུགས་ནས་ཤུ་སྐད་ཆེན་པོ་ཞིག་བརྒྱབ། རི་ལུང་ཀུན་ཏུ་མི་གཅིག་ཀྱང་མེད་པས། ཁོས་ཕ་རྒན་གྱིས་རང་ཉིད་ལ་རྐྱལ་སྟོང་ཞིག་རེད་ཅེས་སྡིགས་པར་སེམས་ཁུར་བྱེད་མི་དགོས། འདི་ནི་ལིའང་ཁྲོན་པའོ་ཡི་ཁྱད་རྩལ་ཡིན་ཏེ། ཕ་རྒན་གྱི་ལོ་ཏོག་འདེབས་པའི་ལག་རྩལ་དང་བསྡུར་ན་གནམ་སའི་ཁྱད་པར་ཡོད། ཁོས་རང་སྦྱོང་ལ་བརྟེན་ནས་མཛུབ་མོས་ཤུ་རྒྱག་པ་ཤེས་ལ། མཛུབ་མོ་ཁ་ནང་དུ་བཅུག་མ་ཐག་དབྱངས་འགྲོས་ཁྲི་སྟོང་གྲགས་ཤིང་། བྱ་བརྒྱའི་མགྲིན་སྙན་མཉམ་དུ་སྒྲོག་ཐུབ་པས། རང་བྱུང་ཁམས་ཆེན་མོའི་སྒྲ་དབྱངས་སྣ་ཚོགས་དེ་ཁོའི་སོར་རྩེ་ནས་འདས་ལོག་བྱུང་ཐུབ།
ད་ལྟ་ཁོས་མཛུབ་ཤུ་ལ་བརྟེན་ནས《ལྷ་སྒྲུང》ནང་གི་གླུ་གཞས་དང་བསྟུན་ནས་གང་དགའ་ཅི་སྤྲོས《ཝ་དཀར》རྒྱས་པར་བཀྲོལ་བས། རི་ལུང་ཀུན་ཏུ"ཁྱོད་ཀྱི་ཆེད་དུ་ཡང་བསྐྱར་ཞབས་བྲོ་ཞིག་འཁྲབ་ན་ཆོག་གམ། ང་ནི་ཁྱོད་ཀྱིས་ལོ་ངོ་བརྒྱ་སྟོང་སྔོན་ལ་ཚེ་ཐར་བཏང་བའི་ཝ་དཀར་དེ་ཡིན། ཁྱོད་ཀྱིས་བལྟས་དང་ཕུ་ཐུང་ལྷབ་ལྷུབ་བསྐྱོད། ཕུ་ཐུང་ལྷབ་ལྷུབ་བསྐྱོད......"ཞེས་པའི་བྲག་ཅ་འཁོར།
མཛུབ་ཤུའི་སྒྲ་གདངས་དེ་འཆམ་མཐུན་ངང་གླུ་གཞས་དང་འདྲེས་ཏེ་མའེ་ལིའང་གི་ནམ་མཁར་ལྡིང་སྐོར་རྒྱག དུར་མཆོད་དུས་ཆེན་གྱི་རྗེས་ལ་རིའི་སྟོད་སྨད་ཀུན་ཏུ་དཔྱིད་ཀྱི་རྣམ་པས་ཁེངས། མེ་ཏོག་སྣ་ཚོགས་ཚ་ཚ་འུར་འུར་ངང་བཞད་བྱུང་། གངས་ལྟར་དཀར་བའི་ཆང་བ་ལིའི་མེ་ཏོག་ལྷམ་མེར་བཞད་ལ། འཛེམ་བག་ངང་བཞད་ལ་ཁད་ཀྱི་ཁམ་བུའི་མེ་ཏོག བྲུལ་ལ་ཉེ་བའི་དཔྱིད་འགོའི་མེ་ཏོག ད་དུང་རི་སྐྱེས་མེ་ཏོག་སྣ་ཚོགས། དཔེར་ན། སྟག་མའི་མེ་ཏོག་དམར་པོ། ཁུར་མོང་གི་མེ་ཏོག་དཀར་པོ། ཁུར་ནག་གི་མེ་ཏོག་སེར་པོ་ལྟ་བུ།
མེ་ཏོག་འདི་དག་གིས་འཁྱགས་སིབ་སིབ་ཀྱི་རི་རྒོད་ལ་དེ་མ་ཐག་དྲན་པ་སོས་པའི་རྣམ་པ་ཞིག་ཤར་དུ་བཅུག ལིའང་ཁྲོན་པའོ་ཡིས་སྡོང་འགོའི་མེ་ཏོག་ཚང་མ་ནི་སིལ་ཏོག་གི་མེ་ཏོག་ཡིན་ལ། ཕ་རྒན་གྱི་ལག་ཟུང་གི་རྩོལ་བའི་ཆེད་དུ་བཞད་ཅིང་སྟོན་མཇུག་ལ་གཡུར་དུ་ཟ་བའི་སིལ་ཏོག་གིས་དྲིན་གཟོ་བྱེད་པ་ཡིན། ད་དུང་ལག་སྐྱོར་འདྲུད་འཁོར་དམར་པོ་ཞིག་ཞིང་ཁར་མཆོང་བསྐྱོད་བྱེད་ཀྱིན་པ་དེ་ནི་ཕ་རྒན་གྱིས་མ་རྨོས་ལོ་ཏོག་འདེབས་བཞིན་པ་ཡིན་ལ། ཉིན་ཁ་ཤས་ལས་མ་འགོར་བར་ཁང་བའི་མདུན་རྒྱབ་དང་རིའི་མདུན་རྒྱབ་ཀྱི་ས་ཞིང་ཚང་མ་བཏབ་ཚར། ད་ལྟའི་སོ་ནམ་པའི་ལས་ཀ་ནི་མིག་བཙུམ་ཡང་ལས་ཐུབ་པས་སྟབས་བདེ་ཞིང་། ཐེངས་གཅིག་ལ་བཏབ་རྗེས་ཐེངས་གཅིག་བསྡུ་ལ། ལག་སྐྱོར་འདྲུད་འཁོར་གཅིག་གིས་ཚང་མ་ལས་ཐུབ།
ལིའང་ཚང་ནི་རིར་བརྟེན་ནས་འཚོ་བའི་དུད་ཚང་ཞིག་ཡིན་པས། མའེ་ལིའང་ས་ཆ་ཡོངས་རྫོགས་འགན་བླངས་ཡོད།ཡངས་ཤིང་རྒྱ་ཆེ་ས་ཆ་འདིར་བདག་དབང་ཡོད་ཅིང་ལོ་བརྒྱའི་ཐན་པ་བྱུང་ཡང་ཟས་གོས་གཉིས་འཛོམས་ཡིན་པས་སེམས་ཁུར་བྱེད་མི་དགོས། ལིའང་ཁྲོན་པའོ་ཡིས་སེམས་ཁུར་བྱེད་ས་ནི་འབྲུ་རིགས་དང་སིལ་ཏོག་ལ་རིན་ཐང་མེད་པས། དཔྱིད་གཅིག་དབྱར་བརྒྱད་ལ་དཀའ་ལས་བརྒྱབ་ནས་འབྲས་བུ་རི་ལྟར་སྤུངས་ཀྱང་སྒོར་མོ་ཉུང་ཙམ་ཞིག་ལ་མ་གཏོགས་བརྗེ་མི་ཐུབ་པས། བཟའ་ཚང་གང་བོས་ལོ་གཅིག་ལ་དཀའ་ལས་བརྒྱབ་པ་གྱོ་བཟོ་ཞིག་གི་ཟླ་གཅིག་གི་གླ་ཕོགས་ལའང་མི་དོ།
ཡིན་ནའང་ཕ་རྒན་གྱི་བསམ་ཚུལ་དེ་དང་མི་མཚུངས་ཏེ། མ་རྨོས་ལོ་ཏོག་དང་ཆེ་ཞིང་སྒོར་བའི་ཀུ་ཤུ་མཐོང་དུས་སྒོར་མོ་མང་པོ་ཁུག་པ་བཞིན་སྤྲོ་བ་འཕེལ། ཁོ་ཚང་ལ་རྒྱ་མ་ལྔ་བརྒྱ་ཅན་གྱི་ལྷོ་ཀུབ་ཅིག་ཐོགས་མྱོང་། མི་བཞིས་བཀྱགས་ན་ད་གཟོད་ཁྱེར་ཐུབ། མི་ཞིག་གིས་སྒོར་སྟོང་བྱིན་ཏེ་ཉོ་རུ་འོངས་ཀྱང་ཕ་རྒན་གྱིས་མ་བཙོང་། ཁྱིམ་དུ་བཞག་ནས་བལྟས་བལྟས་རིག་རིག་ལ་རུལ་ནས་འདམ་བག་ལྟར་གྱུར།
ལིའང་ཚང་གི་ཆེས་དཀའ་ལས་ཁག་པའི་ལས་ཀ་ནི་སྒོ་ཟོག་དང་ཁྱིམ་བྱ་གསོ་སྐྱོང་བྱེད་རྒྱུ་དེ་ཡིན། དུད་འགྲོ་འདི་ཚོས་འཛད་མེད་དུ་བཟའ་ལ་ཚར་མེད་དུ་གཏོང་བས། ལིའང་ཚང་གི་མིས་ཀྱང་ལྟོ་རྫོགས་རྒྱུ་མེད་པར་བླུད་པ་དང་ཟོག་ར་ཚར་རྒྱུ་མེད་པར་གཙང་སྦྲ་མ་བྱས་ན་དྲི་ངན་ནམ་མཁར་འཐིབ་ངེས། དཀའ་ལས་ཁག་པའི་ཕ་རྒན་གྱི་རྣམ་པ་དེ་མཐོང་དུས་ཁོ་སྙིང་རྗེ་སྐྱེས་བྱུང་། ཡིན་ནའང་མེས་པོའི་དུར་ས་སྲུང་ཐུབ་སོང་ན་ཕ་རྒན་ལ་ཆད་སྣང་སྤུ་ཙམ་ཡང་མེད། མཐོ་འབྲིང་མཐར་ཕྱིན་རྗེས་ཁོས་དཔེ་ཁུག་འཁུར་ནས་ཁྱིམ་ལ་ལོག་ཉིན་ནས་བཟུང་ཕྱི་རོལ་ཏུ་ཞོར་ལས་ལ་འགྲོ་བར་གྲ་སྒྲིག་བྱས། ཕ་རྒན་གྱིས་མངགས་པའི་ལས་ཀ་ནི་ཏག་ཏག་ཁོས་བསྒྲུབ་འདོད་མེད་པ་དག་རེད། ཞིང་འདེབས་པ་དང་སྒོ་ཟོག་འཚོ་བ། ཆུང་མ་བླངས་ནས་བུ་སྐྱེ་བ། དུར་སྲུང་གི་བྱ་གཞག་དེ་མི་རབས་ནས་མི་རབས་བར་རྒྱུད་འཛིན་བྱེད་པ་བཅས་རེད།
གང་ལྟར་དེ་ཚང་མ་ནི་ཁོས་བསྒྲུབ་འདོད་མེད་ཀྱང་མི་བསྒྲུབ་ཐབས་མེད་ཡིན་པས། ལིའང་ཁྲོན་པའོ་ཡི་ཤུ་སྒྲའི་ཁྲོད་དུ་སྐྱོ་ཉམས་དེ་ཕྱིར་མངོན་ཡོང་། ང་ན་གཞོན་ཞིག་གིས་ཚེ་གང་བོར་གདོང་ས་ཞིང་ལ་གཏད་ཅིང་རྒྱབ་ཨ་སྔོན་ལ་གཏད་ནས་འདུག་དགོས་སམ། ཁྱིམ་བྱ་དང་སྒོ་ཟོག་དེ་འདྲ་མང་པོ་གསོས་ནས་ཅི་བྱེད་དམ། ཞིང་ཁྱིམ་ར་བའི་ནང་གི་ལས་ཀ་དག་ཁྱི་གཅིག་དང་ལག་སྐྱོར་འདྲུད་འཁོར་གཅིག་གིས་ཀྱང་ལས་ཐུབ་པས། ལས་ཀ་ལས་མཁན་འདང་བས་གྲོང་ཁྱེར་དུ་ཞོར་ལས་སུ་ཕྱིན་ཆོག་ཆོག་ཡིན། ཡིན་ནའང་ཕ་རྒན་གྱིས་ཁོས་དུར་ས་སྲུང་རྒྱུ་བརྗེད་པར་སྐྲག་ནས་ཕྱི་རུ་མི་གཏོང་།
ཁོ་ཕ་རྒན་ལ་ཧ་ཅང་སུན་ཅིང་ག་དུས་ནས་སུན་སྣང་སྐྱེས་པ་ཡིད་ལ་མི་དྲན། གང་ལྟར་ཁོ་ནི་ཕ་རྒན་གྱི་དགྲ་ཡ་ཡིན། ཕྲུ་གུ་བསམ་མེད་ཀྱི་དུས་ནས་བཟུང་ཁོ་ཕ་རྒན་དང་འཛིང་རེས་བྱས། ཕ་རྒན་གྱིས་ཁ་གདངས་མ་ཐག་ཁོས་ཁ་རྩོད་བྱེད། ཕ་རྒན་གྱིས་ཁོའི་མིང་ནས་འབོད་པ་ཐོས་མ་ཐག་ཁོར་སུན་སྣང་སྐྱེས། ལིའང་ཁྲོན་པའོ། ཇི་འདྲའི་དར་སྲོལ་མེད་པའི་མིང་བཙོག་ཅིག ལིའང་ཚང་ལ་རིན་པོ་ཆེ་ཅི་ཡང་མེད་པས་ཁྱི་རྟུག་རྒྱུད་འཛིན་བྱེད་དམ། མིང་འདིའི་དབང་གིས་སློབ་ཆུང་གི་དུས་ནས་བཟུང་སློབ་གྲོགས་ཚོས་དུར་སྲུང་མཁན་ཞེས་འཕྱ་སྨོད་བྱེད། སློབ་འགོ་ཚུགས་པའི་ཉིན་དེར་དགེ་རྒན་གྱིས་མིང་དེར་ཉིན་ཕྱེད་ཙམ་ལ་བལྟས་རྗེས་ལིའང་ཁྲོན་པའོ་ཞེས་ཁ་ནས་ལན་འགར་བཟློས་པ་དང་། གློ་བུར་དུ་སྤོ་བོའི་མིང་མི་ཆོག ཚ་བོའི་མིང་ཁྱེར་ཤོག་ཟེར།
སློབ་མ་ཚོས་ཧབ་ཆ་རྒྱག་བཞིན་ལིའང་ཁྲོན་པའོ་ནི་སློབ་མ་གསར་བའི་མིང་རེད་ཟེར། དགེ་རྒན་གྱིས་རྙིང་དྲགས་འདུག་བརྗེ་དགོས་ཟེར། དེའི་དོན་དུ་ཕ་རྒན་དང་དགེ་རྒན་གཉིས་ཀྱིས་ཁ་རྩོད་བྱས། ལིའང་ཚང་གི་སྲིད་བར་དུ་བློ་དཀར་ཇི་རྒྱུད་འཛིན་བྱེད། མིང་བརྗེ་དགོས་དོན་ཅི།
བུས་ཕ་ཤུལ་རྒྱུད་འཛིན་བྱེད། ཕ་རྒན་གྱིས་སྔ་མོ་ནས་བུ་ཁོ་དང་འདྲ་བར་ཚེ་གང་བོར་དུར་ས་སྲུང་དུ་འཇུག་རྒྱུར་སེམས་ཐག་བཅད་ཡོད།
ཁོར་སྲུང་འདོད་གཏན་ནས་མེད།
ཉིན་གུང་མ་བསླེབས་པར་ལིའང་ཁྲོན་པའོ་ཁྱིམ་དུ་ལོག ཕ་རྒན་གྱིས་ཁོར་ལུག་གང་ན་ཡོད་ཅེས་དྲིས། ཁོས་རི་འགོར་སྤྱང་ཀི་ནི་མེད། ཝ་དཀར་གྱིས་སྲུང་ཡོད་པས་གཅིག་ཀྱང་བོར་མི་སྲིད་ཟེར། ཕ་རྒན་གྱིས་སྐད་བརྒྱབ་ནས་ཁོ་ཁྱི་ཞིག་རེད་ཡ་ཟེར། ཁོས་ཁྱི་ཞིག་ཡིན་རུང་ང་ལས་ལྷག་ཅེས་ལན་བསློགས། ཕ་རྒན་ཁོང་ཁྲོ་ལངས་བྱུང་། འདི་ཡང་མི་བསྒྲུབ། གན་ཡང་མི་ལས། ལུག་འཚོ་རྒྱུ་ནི་ལས་སླ་མོ་རེད། འདིའང་བསྒྲུབ་འདོད་མེད་ན་ཁྱོད་ཀྱིས་ཡང་སྙིང་ཅི་ཞིག་ལས་ཤེས་ཟེར།
ལིའང་ཚང་གི་མེས་པོ་དང་བསྡུར་ན་ལིའང་ཁྲོན་པའོ་ཡིས་ཅི་ཡང་མི་ཤེས་པ་ངོ་མ་རེད། ལིའང་ཚང་གི་མི་རབས་ཚང་མ་ལག་ཤེས་མཁས་པ་ཡིན་ཏེ། ཤིང་བཟོ་གྱོ་བཟོ་ཚང་མ་ཤེས་ལ། རྩ་གདན་འཐག་རྒྱུ་ནི་མི་རབས་ནས་བརྒྱུད་འོངས་བས་སྣག་རིས་མེ་ཏོག་གི་རི་མོ་ནི་རང་དགར་འཐག་ཐུབ། ཕ་རྒན་གྱི་མི་རབས་འདིར་བསླེབས་དུས་ལག་ཟུང་དང་ཁྲེ་རྒོད་ཀྱི་སོག་མས"དྭངས་གསལ་དུས་ཆེན་ལ་ཚོང་འདུས་སུ་འགྲོ་བའི་རི་མོ"དེ་འཐག་ཐུབ། ཁོས་ཕ་རྒན་གྱི་ལག་རྩལ་དངོས་གནས་མི་ཤེས། ལུག་དང་བ་མོར་ཕྲུ་གུ་བཙའ་རོགས་བྱེད་ལ། སིལ་སྡོང་གསེབ་མཐུད་བྱེད་པ། ཞིང་སྨན་གཏོར་བ། ད་དུང་མེས་པོའི་དུར་སར་ས་སྣོན་པ་དང་མཆོད་འབུལ་བྱེད་པ་ཚང་མ་ཁོས་བསྒྲུབ་མི་འདོད་ལ། ཞིང་ཆས་ཞིག་གསོ་དང་རྩ་གདན་འཐག་རྒྱུ་ནི་དེ་བས་ཀྱང་བཤད་མ་དགོས། ཐ་ན་འབུ་ཀོ་ཀོའི་གཟེབ་མ་ཞིག་སླེ་དགོས་དུས་ཀྱང་ཕ་རྒན་ལ་སྐྱབས་བཅོལ་བ་ལས་ཐབས་མེད།
ཡིན་ནའང་ཁོས་ཕ་རྒན་ཁས་མི་ལེན། ཁོས་བཤད་རྒྱུར་ངའི་སྡོད་གནས་ནི་གྲོང་ཁྱེར་ན་ཡོད་པ་ལས་རི་ཁུག་འདིར་མེད། ང་ཁྱིམ་དུ་མ་འགོག་དང་། ང་རང་ཕྱི་རུ་འགྲོ་དགོས། གྲོང་ཁྱེར་དུ་སོང་ནས་ཚོང་བརྒྱབ་སྟེ་སྒོར་མོ་མང་པོ་འཚོལ་དགོས་ཟེར། ཕ་རྒན་གྱིས་འདང་མི་ཕོག་པ་ནི་རང་ཉིད་དང་བུ་ནི་གཅིག་པ་ཡིན་ཏེ། གཉིས་ཀས་གྲོང་ཁྱེར་ནས་མཐོ་འབྲིང་བཏོན་པ་དང་མཐར་ཕྱིན་རྗེས་འགྲོ་ལུགས་ལྟར་མའེ་ལིའང་དུ་ལོག རང་ཉིད་ཀྱི་སེམས་དེ་ནམ་ཡང་མེས་པོའི་དུར་སར་འབྲེལ་ཡོད། བུ་དེ་དང་ལྡོག་པ་སྟེ་མཐོ་འབྲིང་མཐར་ཕྱིན་པ་ནས་བཟུང་སེམས་པ་ཡུལ་ལ་ལོག་ཐུབ་མེད། ཞིང་ལས་གཏན་ནས་དང་ལེན་མི་བྱེད་ལ། ཞིང་འདེབས་པ་དེའང་ཁོས་ལག་སྐྱོར་འདྲུད་འཁོར་བསྐོར་ནས་རྩེད་མོ་རྩེ་བ་རེད་ཟེར། སྔོན་མ་ལག་ཤེས་ངལ་རྩོལ་ལ་བརྟེན་ནས་ཞིང་འདེབས་དུས་ལྗང་མྱུག་ཉག་གཅིག་འབལ་ནོར་ཐེབས་ཚེ་ལོ་ཏོག་བསྡུ་དུས་མ་རྨོས་ལོ་ཏོག་རྐང་གཅིག་ཇེ་ཉུང་དུ་སོང་བ་རེད། ད་སྐབས་འཕྲུལ་ཆས་ཅན་དུ་བསྒྱུར་བས་ཅུང་ཙམ་ནོར་བ་ནི་ནོར་འཁྲུལ་ཆེན་པོ་བཟོས་པ་ཡིན་ལ། ལོ་གཅིག་གི་གྲུབ་འབྲས་ལ་ཤུགས་རྐྱེན་ཐེབས་སྲིད།
བུས་སེམས་ཐག་རྦད་དེ་བཅད་ཟིན། མའེ་ལིའང་དང་ཁ་བྲལ་སོང་། བྱིས་པ་དང་མནའ་མས་ཀྱང་ཁོའི་སེམས་པ་ཉར་མ་ཐུབ། ཉིན་ལྟར་མནའ་མར་གཅར་བ་དང་བྱིས་པར་སྡིགས་ཏེ་ཁྱིམ་ཚང་ཟང་ཟང་ལོང་ལོང་དུ་གཏོང་། ཝ་དཀར་གྱིས་ཁོར་ངོ་གཡོག་ཇི་ལྟར་བྱས་ཀྱང་གོ་མ་ཆོད། མནའ་མ་པའེ་ལིན་གྱིས་སྒྱུག་པོར་བཤད་རྒྱུར། འུ་ཚང་བཙོན་ཁང་རེད། ད་དུང་ཁོ་ཕྱིར་འགྲོ་རུ་མ་བཅུག་ན་ཁོ་སྨྱོ་རྒྱུ་རེད་ཟེར། དེའང་ཁག་མེད་དེ། རི་གྲོང་གི་ན་གཞོན་རྣམས་ལས་གླེན་པ་ཕུད་ཚང་མ་ཕྱི་རུ་ཞོར་ལས་མིན་ན་ཚོང་རྒྱག་པར་ཆས་ཟིན། སུས་ད་དུང་ས་འོག་ནས་ལྟོ་བརྐོས་ནས་འདུག་གམ། ལིའང་ཀུའུ་ཚང་གིས་ལོ་བཅུ་མ་འགོར་རིང་ཞིང་འདེབས་ཤེས་པའི་ཞིང་བ་ཁ་ཤས་ལས་ལྷག་མེད་པར་སེམས་ཁུར་བྱས།
བུས་མནའ་མ་བླངས་ནས་བྱིས་པ་ཡང་སྐྱེས་ཟིན་པས། མནའ་མའི་མདུན་ནས་བུ་ལ་གཅར་རྡུང་དང་སྡིགས་སྲོལ་མེད། ལིའང་ཀུའུ་ཚང་གིས་ཡུན་རིང་ལ་ཤུགས་རིང་ནར་ནར་འཐེན་པ་དང་། བཟའ་ཟླ་དང་ཞག་མ་འགར་གྲོས་བསྡུར་བྱས་རྗེས། བུ་ཕྱི་རུ་འགྲོ་རྒྱུར་གཞི་ནས་འཐད་པ་བྱུང་། ཕྱི་ལོགས་སུ་འཕག་སིག་རྒྱག་ཏུ་འགྲོ་ན་ཆ་རྐྱེན་ནི་ཚ་བོ་ཡུལ་ནས་འཇོག་པ་དང་། དུར་མཆོད་དུས་ཆེན་དང་དུར་མཆོད་ཉིན་མོར་ངེས་པར་དུ་ཁྱིམ་དུ་ལོག་ནས་ལིའང་ཚང་གི་མི་རབས་དྲུག་པའི་ཚ་བོ་པང་ནས་མེས་པོར་མཆོད་འབུལ་བྱེད་དགོས། བུས་ཀྱང་ཆ་རྐྱེན་བཏོན་བྱུང་། ཝ་དཀར་ནི་ཁོའི་སྲོག་རྩ་ཡིན་པས་ངེས་པར་དུ་ཁྲིད་དགོས་ཟེར།
ལིའང་ཀུའུ་ཚང་གི་སེམས་ལ་སྐྱག་ཕྲུག་འདི་ཕྱི་རུ་སོང་ནས་བསམ་ཞིག་ཤེས་སུ་ཆུགས་དང་། རི་བོང་གང་སར་བརྒྱུགས་ཀྱང་ཕྱིར་རང་ཚང་ལ་ལོག་སྲིད། ལས་དོན་གང་ཡང་མི་འགྲུབ་པའི་བུ་ཡང་སྙིང་ག་འདྲ་ཞིག་ཆགས་པ་ཁོས་མིག་ཟུང་གསལ་པོས་དངོས་སུ་བལྟ་དགོས་སྙམ།
གྲོང་ཁྱེར་ནི་སྒོར་མོ་བཙལ་ས་ལེགས་ཤོས་ཤིག་ཡིན་རུང་། སྒོར་མོ་མེད་ན་གོམ་གང་ཡང་བགྲོད་དཀའ་བའི་གནས་ཤིག་ཡིན།
ཕ་རྒན་གྱིས་ནུ་བོ་གྲོང་ཁྱེར་དུ་བཏང་བ་ཐོས་འཕྲལ་གཅེན་མོ་སྤྲོ་བས་བརྟས་སོང་། ཆེས་མ་མཐའ་ཡང་རོགས་པ་ཞིག་བསླེབས་པ་རེད། གྲོང་ཁྱེར་ནས་ཁེར་རྐྱང་གི་བྲོ་བ་མྱོང་མ་དགོས། ད་དུང་ནུ་བོས་མོའི་བློར་འབབ་པའི་ཝ་དཀར་ཁྲིད་ཡོང་ཡོད། དོན་དག་མེད་དུས་ཝ་དཀར་དང་མཉམ་དུ་རྩེད་མོ་རྩེ་ཆོག ཡིན་ནའང་ནུ་བོ་བསླེབས་རྗེས་ཁོ་མོ་སྡུག་ལ་གཏད་སོང་། ནུ་བོས་ཕྲག་ཁུར་དང་ལག་ཤེད་བཀོལ་དགོས་པའི་ལས་ཀ་བསྒྲུབ་མི་ཐུབ་ཅིང་། ནུ་བོའི་བཟའ་ཟླས་མ་ཅཱང་རྩེ་རྒྱུ་ལས་གཞན་ཅི་ཡང་མི་ཤེས། གྲོང་ཁྱེར་ནས་ཆུ་ཁམ་གང་འཐུང་ཡང་ཉོ་དགོས་ལ། གཅེན་མོ་ཚང་གི་ཁང་བ་ཆུང་བ་རྐུབ་ཙམ་ལས་མེད་པས། མི་ལྔ་འཚང་ཁ་བརྒྱབ་པའི་མི་ཆོག་ད་དུང་ཁྱི་གཅིག་ཀྱང་ཡོད་པས་ཕྱི་འགྲོ་ནང་འོངས་བྱེད་དུས་ཧ་ཅང་སྟབས་མི་བདེ།
ལིའང་ཁྲོན་པའོ་ཕྱི་རུ་ཞོར་ལས་བཙལ་དུ་སོང་། ལས་ཡུལ་དུ་གླ་རྒྱག་པར་སོང་བ་ན་ལག་རྩལ་གཅིག་ཀྱང་མི་ཤེས། ངལ་རྩོལ་ཁྲོམ་རར་ཤུགས་འཚོང་དུ་སོང་བ་ན་གྱང་ལེབ་མོ་གཅིག་ཀྱང་བཤིག་མི་ཐུབ། མའེ་ལིའང་ནས་ཁྱེར་འོངས་བའི་སྟར་ཀ་དང་ཤིང་འབྲས་བཙོང་དུ་ཕྱིན་པ་ན་མཁར་སྲུང་གིས་བདའ་ནས་གང་སར་དེད། གང་ལྟར་ལིའང་ཁྲོན་པའོ་གྲོང་ཁྱེར་དུ་ག་སར་སོང་ཡང་གྱོང་གུད་ཐེབས། སྒོར་མོ་མང་པོ་བཙལ་རྒྱུ་ཕར་ཞོགས་སྒོར་མོ་ཆུང་ཉུང་ཉུང་ཞིག་བཙལ་ཀྱང་གཞན་གྱི་འགྲན་ཡར་མི་ཡོང་། མཇུག་མཐར་གཅེན་མོས་ལམ་ཞིག་
བཙལ་བ་སྟེ། རང་འདེམས་ཚོང་ཁང་ཞིག་གཞན་གྱི་ལག་ནས་ལེན་ཐབས་བྱས།
ཡིན་ནའང་རང་འདེམས་ཚོང་ཁང་ཕྱེ་རྒྱུ་ནི་ལས་སླ་མོ་ཞིག་ག་ལ་ཡིན། ཁང་བ་དང་ཚོང་རྫས་ཚང་མ་རང་དགར་ཡོང་བ་མ་ཡིན་ཏེ། དངུལ་འབོར་ཆེན་ཞིག་གི་མ་རྩ་དགོས་ལ། ཆེས་ཉུང་ན་ཁྲི་ཉི་ཤུ་དགོས།
ལིའང་ཁྲོན་པའོ་ལ་གསོག་དངུལ་ཅི་ཡང་མེད་ལ། ཁྱིམ་ནའང་དངུལ་དེ་འདྲ་མང་པོ་མེད། ཕ་རྒན་གྱིས་རིག་རྒྱུ་ཡོད་པའི་དངོས་པོ་གསོག་པ་ལས་དངུལ་གསོག་པའི་གོམས་གཤིས་མེད། སྐབས་དེར་ཕ་རྒན་གྱིས་སེར་སྣ་ཅི་ཡང་མེད་པའི་ངང་རྒྱུད་སྤེལ་བྱེད་རྒྱུའི་ལུག་ཁ་ཤས་མ་གཏོགས་ལུག་བརྒྱ་ལྷག་ཡོད་པ་ཚང་མ་བཙོང་སྟེ་སྒོར་ཁྲི་བཅུ་བསགས། ཨ་མས་དུས་རྒྱུན་ལུག་རྣམས་ནི་རི་འགོར་དེད་ནས་འཚོས་པས་ལུག་རེ་རེ་ནི་རང་ཁྱིམ་གྱི་བྱིས་པ་དང་འདྲ་བར་རྩེ་འདང་ཆེ་སྟབས་བློས་མ་ཐོངས་བར་ཉིན་འགའ་ལ་ངུས། ཕ་རྒན་གྱིས་ཨ་མར་གོ་བསྐོན་བློ་འགུག་གི་ཐབས་བཀོད་ཞིག་འཐེན་པ་ནི། རིས་ཀྱང་ངལ་གསོ་དགོས་ལ། ད་དུང་མུ་མཐུད་དུ་རྩྭ་བཏོག་པ་ཡིན་ན་རི་གཅེར་བུར་འབུད་ངེས། ལོ་འགར་རྩྭ་གསོག་རྗེས་ལུག་རྗེས་མ་རྣམས་ལ་ཟ་རུ་འཇུག་དགོས་ཞེས་བཤད་པ་དེ་རེད།
གཅེན་མོས་ཁྱིམ་གྱི་གསོག་དངུལ་ཡོད་ཚད་བཏོན་ནས་ནུ་བོ་ལུག་རྫི་འདི་ཞག་མ་གཅིག་ལ་སྦྱིན་བདག་ཆུང་ཆུང་ཞིག་ཏུ་བཏང་།
ལིའང་ཚང་གི་ཕ་བུ་གཉིས་ཀས་བློ་གཅིག་སེམས་གཅིག་གིས་ལིའང་ཁྲོན་པའོ་ལ་རྒྱབ་སྐྱོར་བྱས། ལིའང་ཁྲོན་པའོ་ཡི་རང་འདེམས་ཚོང་ཁང་སྒོ་ཕྱེ་པ་ནས་བཟུང་སེམས་ཁུར་བྱེད་ས་ཏག་ཏག་རེད། གང་ནས་ཚོང་བླངས་ན་རིན་གོང་མཐོ་བ་དང་གང་ནས་དམའ་བ་སོགས་ཁོས་མིག་ཟུང་མུན་པས་བསྒྲིབས་པ་ལྟར་གཅིག་ཀྱང་མི་ཤེས། དངོས་པོ་ཅི་ཞིག་ངོ་མ་ཡིན་པ་དང་ཅི་ཞིག་རྩལ་མཐོན་པོས་རྫུན་བཟོ་བྱས་པ་ཡང་ཁོས་དབྱེ་འབྱེད་མི་ཐུབ། དངོས་པོ་གང་དག་བྲིན་པ་དང་གང་ཞིག་བཙོང་དཀའ་བ། དངོས་བོ་གང་ཞིག་སྤུས་ཚད་འགན་ལེན་ལས་བརྒལ་སླ་བ་ཡང་ཁོས་མི་ཤེས། མི་ཚོགས་གང་དག་གིས་དངོས་བོ་གང་ཞིག་ཉོ་བར་དགའ་བ་ཡང་ཁོས་མི་ རྟོགས། འདི་ཚང་མ་ཁོས་ད་ནས་བཟུང་འཚོལ་རྟོག་བྱེད་དགོས་ལ། སློབ་རིན་སྤྲད་ནས་སྦྱངས་དགོས། ཐ་ན་དངོས་པོ་ཉོ་མཁན་རྣམས་ཀྱིས་ཀྱང་བཟའ་ཚང་ཆུང་ཆུང་འདི་གཉིས་ལ་འཕྱ་དམོད་བྱེད་དེ། ཞིང་གྲོང་གི་མིའི་ལྟ་སྟངས་ཀྱིས་གྲོང་ཁྱེར་གྱི་མིའི་འཛད་སྤྱོད་ལ་ཞིབ་ལྟ་བྱེད།
རང་འདེམས་ཚོང་ཁང་གི་སྒོ་ཁར་ཡར་འགྲོ་མར་འོངས་ཀྱི་མིས་བཀང་འདུག་ཀྱང་། ནང་དུ་ཡོང་མཁན་མི་འདུག ཝ་དཀར་ཧ་ཅང་སྙིང་རྗེ་བོ་ཡོད་ཀྱང་མི་རྣམས་གོམ་པ་འཚུབ་འཚུབ་ཀྱིས་དོ་སྣང་བྱེད་མཁན་གཅིག་ཀྱང་མི་འདུག ནང་དུ་ཡོང་འདོད་མཁན་ཡོད་ཀྱང་སྒོ་ཁའི་ཁྱི་མཐོང་མ་ཐག་དེས་རྨུག་པར་སྐྲག་ནས་མི་ཡོང་།
རང་འདེམས་ཚོང་ཁང་གི་ཚོང་ནི་དགུན་ཟླ་གསུམ་པར་བསླེབས་པ་ལྟར་གྲང་ཤུར་ཤུར་དུ་ལུས། ལིའང་ཁྲོན་པའོ་ཡིས་བསམ་བློ་ཐེངས་མང་བཏང་རུང་གོ་བ་མ་ལོན་པ་ནི། སྤྱིར་ཁོའི་སྣང་ངོར་རང་འདེམས་ཚོང་ཁང་ནི་སྒོར་མོ་བཙལ་ས་ཆེས་སླ་བའི་གནས་ཤིག་ཡིན་མོད། སྒོའི་ཕྱི་རོལ་ཏུ་ཕར་འགྲོ་ཚུར་འོངས་ཀྱི་མི་མང་ཡང་ནང་དུ་ཡོང་མཁན་ཁ་ཤས་ལས་མེད་དོན་ཅི་ཡིན་ནམ། ཁོས་ཀྲུང་ཧྭ་རྟགས་ཅན་གྱི་ཐ་མག་གཅིག་བློས་བཏང་ནས་ཉོ་མཁན་རྙིང་བ་ཞིག་ལ་དེའི་རྒྱུ་མཚན་དྲིས་པ་ན། དེས་ལྐོག་གྱུར་གྱི་མིག་མདངས་དང་བཅས་གལ་ཏེ་ཚོང་བྲིན་ན་ཚོང་བདག་སྔོན་མ་དེས་ཚོང་ཁང་འདི་ཁྱོད་ལ་བསྐོར་མི་སྲིད་ཟེར།
སྐད་ཆ་ཚིག་གཅིག་གིས་གསང་བའི་མཐིལ་བརྟོལ་སོང་།
གཅེན་མོ་ཡང་འཚུབ་ཆ་ལངས་བྱུང་། ཅི་བཤད་ཀྱང་རང་འདེམས་ཚོང་ཁང་དེ་མོའི་ལག་བརྒྱུད་ནས་བླངས་པ་ཡིན། མོས་ཀྱང་མ་རྩ་རྡིབ་ཏུ་འཇུག་མི་འདོད་པས། བཟང་རུང་ངན་རུང་རང་ཁྱིམ་གྱི་འཚོ་བའི་བཀོལ་ཆས་ཚང་མ་ནུ་བོའི་ཚོང་ཁང་ནས་ཉོས་ལ། ཡང་དང་བསྐྱར་དུ་རང་གི་གྲོགས་མོ་ཚང་མ་ནུ་བོའི་ཚོང་ཁང་དུ་ཉོ་རུ་ཁྲིད་ཡོང་། ཡིན་ནའང་འདི་དག་ཚང་མ་ནི་ཆུ་ཕོར་གང་གིས་མེ་ཕུང་གསོད་པ་ལྟར་གོ་མ་ཆོད།བལྟས་བལྟས་རིག་རིག་ལ་ཟས་རིགས་དག་རིམ་པའི་རིམ་པར་རུལ་སོང་ལ། དངོས་པོ་རེ་རེ་རྙིང་སོང་། རིམ་བཞིན་ཚོང་སྒྲོམ་སྟེང་དུ་ཐལ་རྡུལ་གྱིས་ཁེངས།
ཉོ་མཁན་ཁ་ཤས་ལས་མེད་པས་ཉིན་རེ་རེར་ཚོང་ལེན་མི་དགོས། ལིའང་ཁྲོན་པའོ་ལ་ལས་རྒྱུ་མེད་པར་ཁྱི་དང་རྩེད་མོ་རྩེས་ནས་བསྡད། ཝ་དཀར་མི་ནང་བཞིན་དྲང་མོར་ལངས་ནས་འགྲོ་རུ་འཇུག་པ་དང་། མདུན་སུག་བཙུགས་ནས་མགོ་རྟིང་སློག་ནས་འགྲོ་རུ་འཇུག་པ། གླུ་གཞས་དང་བསྟུན་ནས་ཞབས་བྲོ་འཁྲབ་པ། ད་དུང་ཁྱི་ལ་ཨང་རྩིས་བསླབས། བཅུ་ནང་ཚུན་གྱི་སྣོན་འཐེན་བསླབས། ཐོབ་འབྲས་ག་ཚོད་ཡིན་ན་ཐེངས་ག་ཚོད་ལ་ཟུག་ཏུ་བཅུག ཝ་དཀར་ལ་སྤྲོད་པའི་བྱ་དགའ་ནི་བཙོང་མ་ཐུབ་པའི་རྒྱུ་མ་ཡིན།
གཅེན་མོས་ཚུལ་འདི་མཐོང་བ་དང་ཨེན་ཙམ་མིན་ན་ཁོང་ཁྲོས་འབར་སོང་། སྒོར་ཁྲི་བཅུ་ནི་ཕ་མའི་ཚེ་གཅིག་གི་རྔུལ་ཁྲག་ཡིན་ལ། ཁྲི་བཅུ་ནི་བཟའ་ཟླས་བ་གླང་ལྟར་གླ་བརྒྱབ་ནས་བསགས་པའི་བསག་དངུལ་ཡོད་ཚད་ཡིན། བཟའ་ཟླ་ནི་སྒེར་གཉེར་བཟོ་གྲྭ་ཞིག་གི་ལག་རྩལ་པ་ཡིན། དཀའ་ལས་གང་མང་བརྒྱབ་ནས་དངུལ་འདི་བསགས་པས་ལས་སླ་མོ་ཞིག་ག་ལ་ཡིན། བྱིས་པ་ཡང་ཉིན་རེར་ནར་སོན་གྱིན་འདུག་པས་སྒོར་མོ་བཀོལ་ས་མང་བས་ནུ་བོས་འདི་ལྟར་ཆུད་ཟོས་སུ་བཏང་ན་ག་ལ་འགྲིག
གཅེན་མོས་ལིའང་ཁྲོན་པའོ་ལ་འགྲམ་ལྕག་གཞུས།
གཅེན་མོའི་འགྲམ་ལྕག་ཕོག་པས་ལིའང་ཁྲོན་པའོ་སྐྱིད་པོ་མ་བྱུང་། ཆུང་མས་ཚོང་ཁང་ནང་གི་ཉི་འབྲུ་དང་སྒོ་ངའི་བག་ལེབ་ཟོས་ཤིང་། སྐོམ་ཆུ་ཀི་ཝ་སི་འཐུང་བཞིན་པ་མཐོང་དུས་དེ་བས་ཀྱང་སྐྱིད་པོ་མ་བྱུང་། ཕུང་འདྲེ་མ་འདིས་དངོས་བོ་ག་འདྲ་བཙོང་བ་སེམས་ལ་མི་ཐོགས་ཤིང་། དངོས་བོ་གང་དག་ཟོས་པ་ཡང་རྩིས་ཐོར་མི་འགོད། ཉོ་མཁན་ཡོང་དུས་གདོང་གནག་ནས་ཁོ་མོར་ཆད་དངུལ་སྤྲོད་པ་འདྲ། ཞིང་གྲོང་གི་གཏུམ་མོའི་རྣམ་པ་དེས་ཚོང་ལེགས་པོ་འདི་འདྲ་ཞོག་ཁོ་མོས་བརླག་སོང་།
ལིའང་ཁྲོན་པའོ་ཡིས་གཅེན་མོས་རང་ལ་གཞུས་པའི་འགྲམ་ལྕག་དེ་ཆུང་མར་གཞུས་པ་དང་། ཁ་ནས་ཁྱོད་ཁྱི་ཞིག་ལའང་མི་དོ་ཞེས་སྡིགས།
ཆུང་མ་ཡང་གཉོམ་ཁུར་མཁན་ཞིག་མིན་པས་བཟའ་མི་གང་པོ་སྐྱུང་ཚང་དུ་རྡོ་འཕངས་པ་ལྟར་འཁོན་འཛིང་བྱས། སུས་ཀྱང་དངོས་པོར་སེར་སྣ་མི་བྱེད་པར་ཧྲུག་ཧྲུག་ཏུ་བཅག ཝ་དཀར་སྐྲག་ནས་ཟུར་ཞིག་ཏུ་བསྒོང་ནས་འདར་སིག་སིག་བྱེད།
དངོས་པོ་བཅག་ནས་ཐང་ཆད་པ་ན་ལིའང་ཁྲོན་པའོ་ཡིས་བཟའ་འཐོར་བྱེད་ཟེར། ཆུང་མས་ཀྱང་ལམ་སེང་སྐད་ཆའི་སྣེ་མཐུད་ནས་འཐོར་ན་འཐོར། སུ་དང་བྲལ་ཡང་ཁ་གསོ་ཐུབ་པ་མིན་ནམ་ཟེར།
ལིའང་ཁྲོན་པའོ་ཡིས་ཁྱིའི་སྐེ་ཐག་བཟུང་བ་དང་། ཝ་དཀར་ཁྲིད་དེ་ཕྱིར་མ་འཁོར་བར་བུད་སོང་། འགྲོ་ཁར་ད་དུང་གྲོང་ཁྱེར་དུ་ཚོང་སྣ་ཚོགས་ཡོད་པས་རང་འདེམས་ཚོང་ཁང་
བརྡིབས་ཀྱང་ངས་གཞན་པ་ཞིག་ལས་ན་ལོས་ཆོག་ཅེས་སྐད་ཆ་ཞིག་གཡུགས།
ཆུང་མས་དངུལ་སྒམ་ནང་གི་སྒོར་མོ་སྤར་བཟུང་གིས་བཏོན་ནས་རང་གི་ཨམ་ཕྲག་ནང་བཅུག་པ་དང་བྲང་ཁ་ལྡིར་ལྡིར་གྱིས་སྒྲོབ་ཉམས་བསྟན་ནས་བུད་སོང་།
མི་དེ་གཉིས་རྩེད་མོ་རྩེ་བ་བཞིན་བཟའ་འཐོར་བྱས་སོང་།
གཅེན་མོ་གཅིག་པུ་རང་འདེམས་ཚོང་ཁང་ནས་བསྐྱུར་བས་ངུས་ཏེ་གནམ་ས་ཁ་སྦྱར་བར་བྱས། ལ་རྒྱ་མེད་པའི་ནུ་བོ་འདི་འདྲ་ཡོད་པ་ནི་ཚེ་སྔོན་གྱི་སྡིག་སྒྲུབ་མ་དག་པ་རེད། མཇུག་མཐར་སྐྱོན་མཇུག་ལེགས་བསྡུ་བྱེད་མཁན་ཡང་ཁོ་མོ་རེད། གྲོགས་མོ་རྣམས་ཀྱི་རོགས་སྐྱོར་འོག་དངོས་པོ་རྣམས་གོང་དམའ་མོས་བཙོང་ནས་རང་འདེམས་ཚོང་ཁང་སྒོ་བརྒྱབ།

འབྲེལ་ཡོད་འོས་སྦྱོར།