སྙིང་མོ་སྐྱིད་ཀྱིས་བསྒྱུར་བའི་བརྩམས་སྒྲུང《མིའེ་ལིའང་ཕ་བུ》།
རྩོམ་པ་པོ།:སྙིང་མོ་སྐྱིད་ཀྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-07-11
ཀློག་གྲངས།:
3
བཟའ་འཐོར་བྱས་རྗེས་ཀྱི་པའེ་ལིན་ཐད་ཀར་མའེ་ལིའང་ལ་སོང་བ་དང་། བུ་པང་ནས་རང་ཁྱིམ་དུ་ལོག་རྩིས་བྱས།
ལིའང་ཀུའུ་ཚང་གིས་ཚ་བོ་གཏན་ནས་ཁྱེར་དུ་མ་བཅུག བུར་ལ་རྒྱ་མེད་སོང་བས། རེ་བ་ཚང་མ་ཚ་བོར་བཅོལ་ཡོད། ཁོས་ཚ་བོ་ཡང་བུ་ནང་བཞིན་བྱ་བ་གང་ཡང་མ་འགྲུབ་པར་གཡལ་ལེའི་གཡོལ་ལེའི་ངང་མེས་པོའི་དུར་སྲུང་གི་བཀའ་སློབ་དེ་རྩིས་མེད་དུ་གཏོང་དུ་འཇུག་མི་རུང་།
ཁོས་ཐོག་མཐའ་བར་གསུམ་དུ་མི་ནི་ལྟོ་བཟས་ནས་གསོན་པ་དང་ཞིང་ལས་ནི་ཆེས་རྩ་བའི་ལས་རིགས་ཤིག་ཡིན། གལ་ཏེ་ཚང་མ་ཞིང་བ་བྱེད་མ་འདོད་ན་མི་གྲངས་དུང་ཕྱུར་བཅུ་གསུམ་གྱི་གྲོད་ཁོག་སུས་རྒྱགས་སུ་འཇུག་འདོད་ཡོད།
ཕར་རྩོད་ཚུར་རྩོད་བྱས་མཐར་ཕྱོགས་གཉིས་ཀ་འོས་མེད་འགྲིག་ཐབས་བྱས་ནས་པའེ་ལིན་བཟའ་འཐོར་བྱས་ཀྱང་ཁྱིམ་དང་མི་འབྲལ་བར་མའེ་ལིའང་ནས་འདུག་རྒྱུ་དང་། འགྲོ་སྒོ་ཡོད་ཚད་ལིའང་ཚང་གིས་འགན་ལེན་བྱེད་རྒྱུ། སྒྱུག་མོས་ངེད་ཚང་ལ་དངུལ་དེ་འདྲ་ཞིག་ཆད་མེད།
གང་ལྟར་ཚ་བོ་གཉོར་སྐྱོང་བྱེད་མཁན་ཡོད་ན་འགྲིག ཁྱིམ་ཕྱི་ནང་དང་རིའི་མདུན་རྒྱབ་ཚང་མ་སྒོར་མོ་རེད། རྐང་ལག་སྐྱེན་ཙམ་བྱས་ནས་རིའི་སྟེང་ནས་མང་ཙམ་བཏོག་པ་དང་ཞིང་ནང་ནས་མང་ཙམ་བཏུས། ད་དུང་བྱ་གག་ངང་གསུམ་མང་ཙམ་གསོས་ན་ཚང་མ་ཡོད་སོང་ནི་རེད་ཟེར།
ལིའང་ཀུའུ་ཚང་ཡང་རྒན་མོའི་ལྟ་བར་འཐད་པ་ཡིན། དོན་དག་ཅི་ཡང་མ་བྱུང་བ་ལྟར་བྱས། འགྲོ་ལམ་ཟད་པའི་བུ་དུས་ནམ་ཞིག་ལ་ཁྱིམ་དུ་ལོག་སྲིད། དེ་དུས་ཇ་ཆང་གི་གསོལ་སྟོན་ཆུང་ཆུང་ཞིག་བཤམས་ནས་ཁོ་བཟའ་ཟླ་གཉིས་ཀ་ཕྱིར་འགྲིག་ཏུ་བཅུག་ན་ཚང་མ་ད་རུང་ཁྱིམ་ཚང་གཅིག་གི་མི་ཡིན།
ལིའང་ཀུའུ་ཚང་གིས་འདང་མི་ཕོག་ས་གཅིག་ཡོད་པ་ནི་རང་འདེམས་ཚོང་ཁང་ཆུང་ཆུང་ཞིག་ཕྱེ་ནས་ཅང་མ་འགོར་བར་སྒོར་ཁྲི་ཉི་ཤུ་བརྡིབས་པ་དཔེ་མི་སྲིད། ཁྲི་ཉི་ཤུས་ཁྱིམ་གྱི་ཀུ་ཤུ་དང་ཆང་བ་ལི་ཉོས་ན་རི་ལྟར་སྤུང་ཐུབ། རི་འདི་འདྲ་ཆེན་པོ་ཞིག་བཟས་ནས་བསྡད་དེ་ལས་ཀ་མ་བྱས་ཀྱང་ལོ་འགར་འདང་ངེས། ཟླ་འགའི་ནང་ཚང་མ་མེད་བརླག་ཏུ་བཏང་བ་དཔེ་སྲིད་དམ།
དོན་དག་བྱུང་ཚར་བས་ད་ནི་མི་གླེང་བར་བྱ། མདེའུ་མདའ་ལས་ཐོན་པ་ལྟར་ཕྱིར་བསྡུ་ཐབས་བྲལ། འདང་ཇི་ལྟར་མང་བོ་བརྒྱབ་ཀྱང་བྱ་ཐབས་ཟད། སུ་ལ་ལེ་བདའ་བྱས་ཀྱང་གནད་
དོན་ཐག་མི་ཆོད། ད་དུང་ཐབས་ལམ་བཙལ་ནས་སྒོར་མོ་གསོག་དགོས། ཁྱིམ་གྱི་ཁྲི་བཅུ་བོ་བརྡིབས་ཀྱང་ཐབས་མེད། བསླབ་བྱ་ཞིག་ཉོས་པར་རྩིས་ཆོག ཡིན་ནའང་བུ་མོའི་ཁྲི་བཅུ་བོ་གང་དགར་བརླག་ན་ག་ལ་འགྲིག བུ་མོས་ཁྲི་བཅུ་གསོག་རྒྱུ་ངོ་མ་དཀའ་མོ་རེད། གལ་ཏེ་སྐྱིན་ཚབ་མ་བྱིན་ན་མག་པའི་རྣ་སྡུག་ཁུར་དགོས།
ཞིབ་འདང་རེ་བརྒྱབ་ན་མའེ་ལིའང་ལས་ལྷག་པ་མེད། ཚྭ་སྤར་མོ་གང་ཡོད་ན་འཚོ་བ་རོལ་ཐུབ། ཁ་ཟས་དགོས་ཚེ་ཞིང་ཁ་དང་རི་འགོར་བཏོག་ཏུ་སོང་ཆོག་ལ། བྱ་གག་ངང་གསུམ་ལས་གང་ཞིག་མིག་ལ་མ་རན་ན་དེ་བསད་ནས་ཚོད་མ་བརྔོས་ནས་ཆང་གི་སྤོད་ཡ་བྱས་ཆོག གྲོང་ཁྱེར་གྱི་མི་ནང་བཞིན་སྒོར་མོ་མེད་ན་འཚོ་བ་རོལ་ཐབས་བྲལ་ལ་ཁྱིམ་བྱ་རྫུན་མ་གཅིག་ཟས་ནའང་སྒོར་བརྒྱ་སྟེར་དགོས། སྒོར་མོ་བཙལ་དུས་སྐྱག་པ་ཟ་བ་ནང་བཞིན་དཀའ་ལ། སྒོར་མོ་བཀོལ་དུས་ཆུ་བཞུར་བ་བཞིན་ལས་སླ། གང་ལྟར་རི་གྲོང་བཟང་སྟེ། ཕྱུག་པོ་ཆགས་མི་འདོད་ན་དཔྱིད་སྟོན་རེ་ལ་ཉིན་ཁ་ཤས་སུ་དཀའ་ལས་བརྒྱབ་པས་ཆོག སིལ་སྡོང་ལ་ཉི་མས་དྲོད་སྣང་སྦྱིན་ལ་ཆར་བས་བརླན་པར་བྱེད། གནམ་རྒན་མས་བདག་སྐྱོང་བྱེད་པས་ཐོན་འབབ་བསྡུ་རྒྱུ་མ་བརྗེད་ན་ཆོག
ཡིན་ནའང་མའེ་ལིའང་ཇི་འདྲའི་བཟང་ཡང་སྒོར་མོ་བཙལ་ས་མེད་པས་ཁོ་ཕྱི་རུ་ཐོན་རྒྱུ་ལས་ཐབས་མེད།
ལིའང་ཀུའུ་ཚང་གི་ལག་རྩལ་དེ་ན་གཞོན་ཡིན་དུས་ཐེངས་འགར་ངོམ་མྱོང་། ལག་ཟུང་སྐྱེན་པོ་དེ་ཡར་མར་ལ་གཡུག་ཙམ་བྱས་པ་ལས་གྱང་ཞིག་བརྩིགས་ཚར། ངོས་སྙོམས་ལྟ་ཆས་ཀྱིས་ཚད་བཅལ་བ་ན་ཧེ་བག་སྤུ་ཙམ་ཡང་མེད། འགན་ལེན་ལས་དཔོན་མང་ཤས་ཀྱིས་ལིའང་ཀུའུ་ཚང་ངོ་ཤེས། ལས་ཀ་བྲེལ་འཚུབ་ཆེ་དུས་ཁོ་གདན་འདྲེན་ཞུ་འདོད་མོད། ཡིན་ནའང་ཁོ་རང་ཉིད་སོས་དལ་བག་ཕེབས་ཀྱི་འཚོ་བར་གོམས་པས་རྗེས་ན་འཆི་འདེད་བྱེད་མཁན་གྱིི་སྦྱིན་བདག་ཞིག་ཡོད་པར་སུན་སྣང་སྐྱེས།
ད་ལྟ་ཁོ་ཕྱི་རུ་མི་འགྲོ་ཐབས་མེད་རེད། བུའི་ཚབ་ཏུ་བུ་མོའི་སྐྱིན་ཚབ་ཀྱི་སྒོར་མོ་སྤྲོད་དགོས།
འདི་ནི་ཉིན་བརྒྱའི་བཟོ་སྐྲུན་འཐབ་ར་ཆེན་མོ་ཞིག་སྟེ། འགན་ལེན་ལས་དཔོན་དང་ལས་ཡུན་བསྒྱུར་མི་ཆོག་པའི་ཡི་གེ་བྲིས་ཡོད། དུས་ལྟར་འགྲུབ་ན་བྱ་དགའི་དངུལ་འབོར་ཆེན་ཞིག་ལེན་ཐུབ་ལ། འགྲུབ་མ་ཐུབ་ན་ཁོར་ཁྱིམ་གཞིས་རྦད་དེ་བརླག་པའི་ཆད་པ་གཅོད་ངེས། ལིའང་ཀུའུ་ཚང་ལས་གཞིར་ཞུགས་པ་དེས་འགན་ལེན་ལས་དཔོན་དགའ་བས་ཡིད་མྱོས་སུ་བཅུག གྱོ་བཟོ་རྩེ་གྲ་གཅིག་གིས་ཉིན་གཅིག་ལ་སོ་ཕག་ཁོག་སྟོང་ཉིས་སྟོང་ལྷག་བརྩིགས་ཐུབ། ཞིབ་བཤེར་རྩིས་ལེན་ཚད་ལོངས་བ་ཡིན་ན་འགན་ལེན་ལས་དཔོན་གྱིས་སོ་ཕག་རེར་སྒོར་ཟུར་གཉིས་ཀྱི་གླ་ཆ་སྤྲོད་ངེས། ཡང་གཅིག་བཤད་ན་གྱོ་བཟོ་རྩེ་གྲ་ཞིག་གིས་ཉིན་གཅིག་ལ་སྒོར་བཞི་བརྒྱ་ནས་ལྔ་བརྒྱ་ལོན་ཐུབ།
ལིའང་ཀུའུ་ཚང་གྱོ་བཟོ་རྩེ་གྲ་ཞིག་ཡིན་པའི་མ་ཚད། ཁོ་ལོ་ན་དྲུག་ཅུར་སོན་ཡོད་ཅིང་སྐམ་ཞིང་རིད་ནའང་ལས་ཀར་འཇུག་དུས་ན་གཞོན་ལས་ཀྱང་ལྷག ཞོགས་པའི་ཆུ་ཚོད་དྲུག་པའི་སྟེང་མཆོང་པང་སྟེང་བུད་པ་ནས་ཕྱི་དྲོའི་ཆུ་དྲོད་དྲུག་པར་མར་འབབ་དུས་མ་གཏོགས་ཟ་མ་ཟ་དུས་ཀྱང་ཐང་ལ་མི་འབབ། གྱང་ལྡེབས་ངོས་གཅིག་དབུགས་ཐེངས་གཅིག་གིས་གྲུབ་པར་བྱས་ནས་ཁོར་གཡོག་རྒྱུགས་མཁན་གྱི་ལས་རོགས་དེ་གཉིས་དཀའ་ལས་ཁག་ནས་མར་འགྲིལ་འདུག
ལིའང་ཀུའུ་ཚང་ཡང་ཐང་ཆད་མེད་པ་མིན་ཏེ། མཆོང་པང་ལས་མར་འབབ་དུས་རྐང་བས་འདེགས་འཇོག་བསྒྱུར་དཀའ་བས། འགན་ལེན་ལས་དཔོན་སྐུ་དངོས་སུ་མཆོང་པང་སྟེང་འགོས་ནས་ཁོ་སྐྱོར་ཏེ་མར་བབས། ཟ་མ་ཟོས་རྗེས་འགན་ལེན་ལས་དཔོན་གྱིས་སྒོར་སྟོང་གཅིག་ཁོའི་ལག་ཏུ་འཇོག་དུས་ཡང་བསྐྱར་སྐྱེ་སྟོབས་བསླེབས་བྱུང་། ཉིན་གཅིག་ལ་སྒོར་སྟོང་གཅིག་བཙལ་ཐུབ་པའི་ལས་ཀ་ཞིག་གང་ན་ཡོད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལའང་ཉིན་གཅིག་ལ་ཁོ་ལས་མང་བའི་གླ་ཆ་ཡོད་མི་སྲིད། གཉིད་རྒྱགས་ཚད་ཅིག་ཉལ་རྗེས་ཉིན་གཉིས་པར་ལུས་སྟོབས་ཀྱང་སླར་གསོ་བྱུང་བས། སྔར་ལྟར་སོ་ཕག་སྟོང་ལྔ་བརྩིགས། ཁོའི་ལག་པ་སྔར་ནས་གཙུབ་བརྡར་བྱས་ཏེ་དོམ་སུག་ལྟར་གྱུར་ཡོད་པ་མ་ཟད། དེའི་ཐོག་འགོག་སྲུང་ལག་ཤུབས་ཤིག་ཀྱང་གྱོན་ཡོད་པས་སྐྱོན་མེད་པ་མ་གཏོགས། གལ་ཏེ་མི་གཞན་ཡིན་ཚེ་མཛུབ་མགོ་ཚང་མ་གཙུབ་ནས་བརྡོལ་ཡོད་པ་མ་ཟད། ལས་ཀ་ཡང་འདི་འདྲའི་མང་པོ་ཞིག་ལས་ག་ལ་ཐུབ།
བཟོ་པ་ཚང་མར་གཅིག་གྱུར་གྱི་བསམ་ཚུལ་ཞིག་ཡོད་པ་ནི་རང་གི་ལག་རྩལ་དེ་ཆེས་བཟང་བར་འདོད་པ་དེའོ།། ལིའང་ཀུའུ་ཚང་ཁས་མི་ལེན་མཁན་གཅིག་ཡོད་པ་དེས་ལྐོག་ནས་ཁོ་དང་འགྲན་བཙུགས་པ་སྟེ། ཁྱོད་ཀྱིས་ཉིན་གཅིག་ལ་སྟོང་ལྔ་བརྩིགས་ན་ང་ཡང་ཁྱོད་ལས་ཉུང་མི་སྲིད། མཐར་གྱང་བརྩིགས་པ་དྲང་མོ་མིན་པས་ཞིབ་བཤེར་རྩིས་ལེན་ཚད་མ་ལོངས་བར་བསྐྱར་ལས་བྱེད་དགོས་བྱུང་བས་ལིའང་ཀུའུ་ཚང་དང་འགྲན་ཐབས་བྲལ་སོང་། ལིའང་ཀུའུ་ཚང་དང་བར་ཁྱད་ཅུང་ཙམ་ལས་མེད་པའི་མི་འགའ་ཡོད་མོད། ཉིན་འགར་འགྲན་རྗེས་དཀའ་ལས་ཁག་དྲགས་ནས་མཚམས་མི་འཇོག་ཐབས་མེད་བྱུང་།
ལིའང་ཀུའུ་ཚང་གིས་སོ་ཕག་ཉིན་རེར་མང་ཉུང་མེད་པར་བརྩིགས་ཏེ་སྒོར་སྟོང་རེ་བླངས། ཁོས་སྔོན་ནས་རྩིས་བརྒྱབ་ཚར། ཏག་ཏག་ཉིན་དགུ་བཅུར་ལས། ཉིན་དགུ་བཅུའི་རྗེས་སུ་ལོ་ཏོག་བསྡུ་རན་པས་ཕྱི་རོལ་ཏུ་དངུལ་ག་ཚོད་མང་ཡང་མིག་གིས་བལྟ་མི་སྲིད། བཟའ་ཟླའི་ལག་ན་འཚོ་བ་རོལ་སྤྱད་ཀྱི་སྒོར་ཁྲི་གཅིག་ལྷག་ཡོད། ཡུལ་ལ་ལོག་ནས་བུ་མོར་སྟེར་རྐྱང་ཡིན། སྟོན་མཇུག་ལ་སིལ་ཏོག་གི་བར་ཚོང་རྒྱག་མཁན་རྣམས་མའེ་ལིའང་ལ་བསླེབས་སྲིད། སྐབས་དེར་ལིའང་ཚང་ལ་སྒོར་ཆད་བྱུང་མི་དགོས། ལོ་འགའི་རྗེས་སུ་ལུག་རྒྱུད་ཡག་པོ་སྤེལ་ཚེ་ལིའང་ཚང་སྔར་བཞིན་གཞན་དང་འགྲན་རྩོད་མེད་པར་སོས་དལ་བག་ཕེབས་ཀྱི་འཚོ་བ་སྐྱིད་པོ་རོལ་ཆོག ཁོས་ཀྱང་བློ་གཅིག་སེམས་གཅིག་གིས་བང་སོ་སྲུང་ཆོག
ཉིན་དགུ་བཅུའི་དུས་བཅད་ལོངས་ལ་ཉེ་དུས་བཟོ་གྲྭ་ནས་ལས་འཛོལ་བྱུང་སོང་། རང་ཉིད་ནི་གྱོ་བཟོ་རྒྱལ་བོ་ཡིན་ཟེར་བའི་མི་ཞིག་ཡོད་པ་དེས་ཐོག་མཐའ་བར་གསུམ་དུ་ལིའང་ཀུའུ་ཚང་དང་འགྲན་བཙུགས་ནས་ཡོང་། གྱང་བརྩིགས་དུས་ཀྱང་ལིའང་ཀུའུ་ཚང་དང་གཤིབ་ནས་ཡོད། ཉིན་རྒྱུན་མཆོང་པང་ལས་འབབ་དུས་ལིའང་ཀུའུ་ཚང་དང་དུས་ཚོད་ཕྱེད་ཀས་འཕྱི་ལ། དཀའ་ལས་ཁག་ནས་འདམ་བག་ལྟར་གྱུར་ཡོད། ཡིན་ནའང་འགན་ལེན་ལས་དཔོན་གྱིས་དངུལ་སྤྲོད་དུས་ལིའང་ཀུའུ་ཚང་དང་གཅིག་པ་ཡིན། མི་ཚང་མའི་མིག་ལམ་དུ་ཁོ་གཉིས་ལ་བཟང་ངན་གྱི་དབྱེ་བ་མེད།
ཉིན་དེར་གྱོ་བཟོ་རྒྱལ་བོས་དུས་ཚོད་ཀྱི་སྟེང་ནས་ལིའང་ཀུའུ་ཚང་དང་རྒྱལ་རྩིས་བྱས། འདི་ལྟར་བྱས་ཚེ་རང་ཉིད་གྱོ་བཟོ་རྒྱལ་བོ་བྱེད་པར་ངོ་གནོང་མི་དགོས་བསམ། མཇུག་མཐར་ལས་ཀ་ལས་པ་མགྱོགས་དྲགས་པས་གློ་བུར་དུ་མགོ་ཡུ་འཁོར་ནས་མཆོང་པང་ལས་མར་ལྷུང་བ་དང་དབུགས་ཆད།
ལིའང་ཀུའུ་ཚང་སྐྲག་ནས་དངངས་འདར་བརྒྱབ་སྟེ་མཆོང་པང་སྟེང་ཙོག་བསྡད་པ་དང་། ཉིན་ཕྱེད་ཙམ་ལ་བླ་འཁྱམས་པ་ལྟར་ལུས། འདི་ནི་ཕྱི་རུ་སྒོར་མོ་བཙལ་དུ་ཡོང་བ་མ་ཡིན་ཏེ་སྲོག་རྩེད་སྤྱད་བྱེད་དུ་འོངས་བ་རེད། ཁོ་འགྱོད་པ་ཚད་མེད་སྐྱེས། ཁོས་གཞན་དང་ཤེད་འགྲན་པ་མ་ཡིན་པར་སྒོར་མོ་དང་ཤེད་འགྲན་པ་ཡིན་ལ། སྒོར་ཁྲི་དགུ་དེ་ལེན་བསམ་པ་ཡིན། བློ་ཡུལ་ལས་འདས་པ་ཞིག་ལ་མི་དེས་ཁོའི་ནུས་པར་ཁས་མ་བླངས་བར་ཤེད་འགྲན་བྱས། ད་ཆ་མིའི་སྲོག་ཤོར་སོང་།
ད་དུང་ཉིན་ཁ་ཤས་ལྷག་ཡོད་པ་དེར་ལིའང་ཀུའུ་ཚང་ལ་ཇི་ལྟར་བཤད་ཀྱང་མ་ལས། གྱོ་བཟོ་རྒྱལ་བོའི་ཁྱིམ་དུ་སོང་ནས་པུར་སྲུང་བ་དང་། རང་ཉིད་ནི་གྱོ་བཟོ་རྒྱལ་བོའི་དགེ་རྒན་གཅིག་གི་སྤུན་ཟླ་ཡིན་ཞེས་འདས་མཆོད་ལ་སྒོར་ཁྲི་གཅིག་བྱིན།
སྒོར་མོ་བྱིན་པས་ལིའང་ཀུའུ་ཚང་གི་སེམས་ཡང་ཅུང་བདེ་ལ་བབས། ཁྱིམ་དུ་ལོག་པ་ན་བུ་མོའི་སྐྱིན་ཚབ་སྤྲོད་བྱེད་ཀྱི་སྒོར་མི་འདང་བས་གླང་རྒན་བཙོང་ཏེ་ཅིས་ཀྱང་བུ་མོ་གནས་ཡུལ་ནས་མགོ་འགྱོགས་སྲོལ་ཡོད་པར་བྱས། སྒོར་མོ་ལེན་དུས་བུ་མོ་ལིའང་ཡན་གྱིས་སྐམ་རིད་ཀྱི་ཕ་རྒན་བལྟ་བཞིན་ངུས་སོང་། ཁོ་མོས་ཕ་རྒན་གྱིས་དཀའ་ལས་བརྒྱབ་ནས་འཆི་བར་སྐྲག་སྟེ། ཁ་ནས་ནུ་བོ་ཁྱིམ་དུ་ལོག་རྗེས་གཅར་ནས་རྐུབ་ལ་མེ་ཏོག་བཞད་དུ་འཇུག་ཟེར།
ལིའང་ཀུའུ་ཚང་གིས་གཡུགས་ཞོག ཁོས་བང་སོ་སྲུང་ཚེ་ངས་ཁོར་མེས་པོར་འབོད་དགོས་ཀྱང་ཆོག་ཟེར།
འབྲུ་རིགས་མཛོད་ཁང་དུ་བླུགས་པ་དང་སིལ་ཏོག་ས་དོང་དུ་བཞག བུད་ཤིང་གཤགས་ནས་ཡག་པོར་སྤུངས། པད་ཚལ་དང་ལ་ཕུག་ཉར་ཚགས་ལེགས་པོ་བྱས་པ་ན་གནམ་གཤིས་ཇེ་འཁྱགས་སུ་ཕྱིན་འདུག ལིའང་ཀུའུ་ཚང་དང་རྒན་མོ་གཉིས་ཀ་ཚ་ཐབ་སྟེང་དཀྱིལ་ཀྲུང་བྱས་ནས་བསྡད་དེ་ལོ་གཅིག་གི་ཡོང་སྒོར་ཁོག་རྩིས་རྒྱག་བཞིན་གདོང་ལ་སྔར་མུས་བཞིན་དགའ་སྤྲོའི་འཛུམ་མདངས་རྒྱས། སྒོར་མོ་མང་པོ་ལྷག་མེད་ཀྱང་བཙལ་བ་ཉུང་མེད། སང་ལོ་ད་རུང་མང་ཙམ་བཙལ་ཐུབ་སོང་ན་ག་ལེར་ལུག་ཁྱུ་སླར་གསོ་བྱེད་པ་དང་བེའུ་ཕྲུག་ཅིག་ཀྱང་ཉོས་ཆོག
ཚ་ཐབ་ཚ་སོབ་སོབ་ཡིན་ཅིང་རྒན་རྒོན་གཉིས་ཀྱིས་སང་ལོའི་དྲོད་ལམ་ལམ་གྱི་འཚོ་བར་ཁོག་རྩིས་རྒྱག་བཞིན་འདུག ཁོ་ཚོས་འཚོ་བ་བཟང་བོར་ཁོག་རྩིས་བརྒྱབ་ནས་ལོ་བརྒྱའི་རྗེས་སུ་སོང་ཞིང་། སེམས་ཁྲལ་གྱི་མུན་པ་ཉག་གཅིག་གིས་ལིའང་ཀུའུ་ཚང་གི་སྨིན་མཚམས་སུ་གཡོགས། ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ལ་ཟིན་གྲབས་འདུག དེ་ནི་ལིའང་ཚང་གི་མེས་པོའི་ལོ་འཁོར་བརྒྱ་དང་ཉི་ཤུའི་འདས་སྐར་རེད། གལ་ཏེ་བུ་མཚུན་མཆོད་བྱེད་དུ་མ་འོངས་ཚེ་དངོས་ནས་ལུགས་འགལ་རྩིས་མེད་བྱས་པ་རེད། ལིའང་ཀུའུ་ཚང་གིས་བར་མཚམས་མ་ཆད་པར་ཁ་པར་བཏང་ནས་བུ་ལོག་ཡོང་བར་སྐུལ་ལ་བུས་ཀྱང་ལོག་ཡོང་བར་ཁས་ལེན་དམ་བཅའ་བཞག་མོད། ཁོ་རང་གིས་བུ་ལ་རློམ་ཐབས་བྲལ། ཚ་བོ་གམ་དུ་ཡོད་པ་ལེགས་སོང་། མཚུན་མཆོད་བྱེད་དུས་ཚ་བོས་ཕྱག་བཙལ་ནས་བུའི་ཚབ་བྱས་ཆོག ཚ་བོ་ཡང་ལོ་ཕྱེད་ཀར་ལག་ཆགས་པས་ཁ་གང་བོ་སྐད་ཆ་ཡིན་ལ། བཤད་མི་ཤེས་པ་གཅིག་ཀྱང་མེད་པ་མ་ཟད། སྐྱག་པ་ནི་དྲི་ངན་སྣོམ་མི་རུང་བ་ཡིན་པ་ཤེས་ཏེ་ཚ་ཐབ་སྟེང་མི་གཏོང་།
ཚ་བོ་གླེང་བས་ལིའང་ཀུའུ་ཚང་ལ་དྲན་གསོ་བྱས་པས་བཟའ་ཟླར་ཚ་བོ་གང་ན་ཡོད་ཅེས་དྲིས། བཟའ་ཟླས་དངན་པ་ཞིག་འཐེན་རྗེས་པའེ་ལིན་གྱིས་པང་ནས་སྡེ་བ་ཞོལ་མར་མཱ་ཅང་རྩེ་རུ་བུད་སོང་། ཉིན་གང་བོ་ཕྱིར་མི་ཡོང་།བཟའ་ཟླ་འདི་གཉིས་ཀ་ལ་རྒྱ་མེད་པའི་ཐ་ཤལ་བ་རེད་ཟེར།
ལིའང་ཀུའུ་ཚང་གིས་འུ་ཚང་གི་མནའ་མ་ནི་མ་རེད། འུ་ཚང་ལ་འགྲུལ་སྡོད་བྱེད་པ་ཙམ་ཡིན། འུ་ཚང་གི་ཚ་བོར་གཅེས་པས་ཆོག་ཟེར།
འདི་ལྟར་ལབ་གླེང་བྱེད་པའི་སྒང་ལ་པའེ་ལིན་བསླེབས་བྱུང་། ནང་དུ་འཛུལ་མ་ཐག་ཕོ་བ་ལྟོགས་བྱུང་ཞེས་འུར་བརྒྱབ་པས་སྒྱུག་མོས་དཀར་ཡོལ་དང་སྡེར་མའི་ཁྲོག་སྒྲའི་ཁྲོད་ཁོ་མོར་ཟ་མ་བསྐོལ།
པའེ་ལིན་གྱིས་སྔར་བཞིན་ལིའང་ཁྲོན་པའོ་ཡི་ཨ་མར་ཨ་མ་ཞེས་འབོད། མོས་སྐད་གསེང་མཐོན་པོས་ཨ་མ་དེ་རིང་ཡང་ང་ཕམ་སོང་། ང་ལ་སྒོར་བརྒྱ་སྤྲོད་དང་ཟེར།
སྒྱུག་མོས་ཕྱིར་ངས་ཁྱོད་ལ་གཅིག་ཀྱང་ཆད་མེད་ཅེས་ལན་བསློགས། ལིའང་ཀུའུ་ཚང་གིས་སྒོར་བརྒྱ་བཏོན་ནས་པའེ་ལིན་ལ་སྟེར་ཞོར་དུ་སེམས་གསོ་བྱེད་བཞིན་མཱ་ཅང་རྩེ་དུས་བྱིས་པ་མ་ཁྲིད། དེས་སེམས་གཡེང་སུ་འཇུག་པས། སང་ཉིན་ངས་ཚ་བོར་ལྟ་སྐྱོང་བྱེད་དང་ཁྱོད་རྒྱལ་ཁོ་ཐག་ཡིན་ཟེར།
སྒྱུག་མོས་ཟ་མ་རྣམས་ཅོག་ཙེའི་སྟེང་བཞག་པ་དང་ཁོ་གཉིས་ཀ་ཁྱོད་ཀྱིས་གཅེས་ལང་དུ་བཏང་བ་རེད་ཟེར།
ལིའང་ཀུའུ་ཚང་གིས་བཟའ་ཟླར་མིག་རྡེབ་རྡེབ་ཅིག་བྱས་པ་དང་མིག་མདའ་ཚ་བོའི་གདོང་ལ་འཕངས། པའེ་ལིན་གྱིས་ཉིན་རྒྱུན་མཱ་ཅང་རྩེ་ནས་བསྡད་པས། ཚ་བོ་དང་བར་ཐག་ཇེ་རིང་དུ་འགྲོ་བ་ཐག་གིས་ཆོད། ཚ་བོ་ནི་ལིའང་ཚང་གི་མ་འོངས་བ་ཡིན་པས་ཁོས་དམ་པོར་འཛིན་དགོས།

འབྲེལ་ཡོད་འོས་སྦྱོར།