རྣམ་གླིང་རིན་ཆེན་གྱི་བརྩམས་སྒྲུང་ཁག་གསུམ་འོས་སྦྱོར།
རྩོམ་པ་པོ།:རྣམ་གླིང་རིན་ཆེན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-05-12
ཀློག་གྲངས།:
གྱ་མ་གྱུ་འགྲོའི་བཤུལ་ལམ།
ལོ་དེ་ནི་ཕག་སྐྱག་གི་ངོས་ནས་བརྗོད་ན་ཤིན་ཏུ་ནས་གལ་འགངས་ཆེ་བའི་ཛ་དྲག་གི་ལོ་ཞིག་རེད།
ལོ་དེའི་དབྱར་ཁར། ཕག་སྐྱག་མིང་དུ་གྲགས་པའི་བོད་སྐད་ཡིག་ཆེད་ལས་ཚན་ཁག་གི་སློབ་ཆེན་ཞིག་ནས་སློབ་མཐར་ཕྱིན།
ལོ་དེ་ཕག་སྐྱག་གི་ངོས་ནས་བརྗོད་ན། གདམ་ཁ་བྱ་ཐབས་བྲལ་བའི་རྙོག་འཛིང་གི་ལོ་ཞིག་དང་། ཕམ་ཁ་དང་འགལ་འདུས་ཕྱུག་པའི་ལོ་ངོ་ཞིག་ཀྱང་རེད།
རེད་ཨང་། ལུས་ཀྱི་དཀའ་ཚེགས་དང་སེམས་ངལ་གྱིས་ཕྱུག་པའི་ལོ་ངོ་བཅོ་ལྔ་ལྷག་གི་གྱ་མ་གྱུ་འགྲོའི་སློབ་གཉེར་གྱི་བཤུལ་ལམ་རིང་མོའི་འགྲུལ་བཞུད་འོག ཁོས་སྙིང་རུས་ཀྱི་རྟ་ཕོ་ཤོག་དཀར་གྱི་ཤེས་བྱའི་ཐང་ཆེན་ཡངས་མོར་ཁ་ལོ་བསྒྱུར་ཏེ་རྔུལ་ཁྲག་གི་ས་བོན་མང་དག་ཅིག་སློབ་གྲྭ་དུ་མའི་ཞིང་ས་གཤིན་པོ་དེ་དག་གི་ཐོག་ཏུ་གཏོར་ཡོད་པ་རེད་ཨང་།
ཁོའི་ཕ་མས་ཁོ་རང་སློབ་གྲྭ་ཆེན་མོ་དེར་སློབ་གཉེར་དུ་གཏོང་ཆེད་དབྱར་དགུན་སྟོན་དཔྱིད་ཀྱི་ནམ་ཟླ་དུ་མའི་རིང་དཔུང་བ་གཉིས་པོ་ས་འོག་ཏུ་བཅུག་ནས་ངལ་བ་མང་དག་ཅིག་ཕ་མཐར་སྤྱུགས་ཤིང་། འཇིག་རྟེན་འདིའི་འདོད་ཡོན་མང་བོ་རྒྱང་དུ་སྤྲད་ནས། སེན་མགོ་རྣག་དང་སེན་གཏིང་ཁྲག་བྱས་ཏེ་ཁོ་ཡི་སླད་དུ་མི་ལུས་ཕྱེད་ཀ་ལྷག་དེ་ལྟར་སྟོང་སོང་། ངོ་མ་རེད། གནམ་འོག་གི་ཕ་མ་ཟེར་ནོ་དེ་འདྲ་ཞིག་ཡིན་རྒྱུ་རེད། བུ་ཕྲུག་གི་སླད་དུ་ཁོ་ཚོས་རང་ལུས་ཚལ་བར་གཏོང་བར་ཐེ་ཚོམ་མེད་ལ། བུ་ཕྲུག་ཚོའི་བདེ་སྐྱིད་ཀྱི་སླད་དུ་རང་ཉིད་ཀྱི་མི་ཚེ་འདི་ལྟར་སྟོང་བར་འཁང་རའང་མེད། ལྷག་པར་དུ། ཕག་སྐྱག་གི་ཕ་མ་ཟུང་འཚར་ལོངས་འབྱུང་ཡུལ་གྱི་དབུལ་ཅིང་འཕོངས་པའི་མཐའ་འཁོབ་ཀྱི་རོང་གྲོང་དེར་མཚོན་ན། བྱིས་པ་སློབ་གྲྭ་ཆེན་མོར་སློབ་གཉེར་དུ་གཏང་རྒྱུ་དེ་ནི་ཅི་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན།
ཁོའི་ཕ་མ་གཉིས་པོར་ཕྲུ་གུ་ཁོ་རང་གཅིག་པུ་ལས་མེད། སྤྱིར་གནས་དེའི་རོང་འབྲོག་ཁུལ་གྱི་ཁྱིམ་ཚང་ཞིག་ལ་ཆ་མཚོན་ན། བུ་ཕྲུག་གཅིག་ལས་མེད་པའི་ཕ་མ་ཚོས་རང་གི་བྱིས་པ་བློ་རིག་དང་སྤྱང་གྲུང་ཇི་ལྟར་འཛོམས་ཀྱང་སློབ་གྲྭར་གཏན་ནས་གཏོང་བར་མི་བྱེད་དེ། བྱིས་པ་གང་དེ་ཁྱིམ་དུ་ཉར་ནས་ཕ་ཤུལ་བུ་ཡིས་སྐྱོང་བའི་ལུགས་སྲོལ་ཡོད་པས་ཡིན། འོན་ཀྱང་། ཕག་སྐྱག་ནི་དམིགས་གསལ་ཡིན་ཏེ། ཁོའི་ཕ་མས་ཞིང་པ་བྱས་ན་ཇི་ལྟར་དཀའ་ཚེགས་ཆེ་མིན་དང་། འཚོ་བའི་འཁོས་ཀ་ཇི་ཙམ་ཞན་མིན་སོགས་ཤེས་པས། ཁོའི་ཕ་མ་གཉིས་པོས་རང་གི་ཤ་ལས་མཆེད་པའི་བུ་ཕྲུག་དེ་ཁོ་རང་གཉིས་དང་ཆ་འདྲ་བར་དབྱར་དགུན་སྟོན་དཔྱིད་འཇོར་དང་སྦྱག་མ་གྲོགས་སུ་བརྟེན་ནས་མུ་མཐའ་བྲལ་བའི་ཞིང་ཁའི་ནང་ལང་ཚོ་སྟོང་བཞིན་པ་མཐོང་མི་འདོད་ལ། ཁོ་རང་གཉིས་ཀྱི་དཀའ་སྡུག་གིས་ཕྱུག་པའི་མི་ཚེའི་སྐྱོ་གར་དེ་བུ་ལ་བསྐྱར་དུ་འཁྲབ་ཏུ་བཅུག་འདོད་མེད་པས། ད་གཟོད་ཁོང་གཉིས་པོས་གསག་གསག་གྲུང་གྲུང་གིས་གསོག་འཇོག་བྱས་པའི་དངུལ་སྒོར་མཐའ་དག་བུའི་སློབ་གཉེར་གྱི་ཐོག་ཏུ་བཏང་། གོ་ཐོས་ལྟར་ན། བུ་སློབ་གྲྭ་ཆེན་མོར་ཡིག་རྒྱུགས་འཕྲོད་པ་ནས་བཟུང་། བུའི་སློབ་ཡོན་དང་འཚོ་བའི་ཐད་ཁོའི་ཕ་མ་གཉིས་པོས་ཁྱིམ་གྱི་ནོར་ལུག་མང་དག་ཅིག་ཕྱིར་བཙོང་ཡོད་ཚུལ་བརྗོད།
ལོ་ཟླ་དུ་མའི་སློབ་གཉེར་འཚོ་བའི་འགྲུལ་བཞུད་འོག ཁོས་བོད་ཀྱི་ལོ་རྒྱུས་དང་། ཆོས་ལུགས། རྩོམ་རིག་སོགས་ཀྱི་ཤེས་བྱ་མང་དག་ཅིག་ལ་སྦྱངས་པ་མཐིལ་ཕྱིན་པ་བྱས་པས། ལོ་ལྟར་སློབ་གྲྭའི་ནང་གི་རྒྱལ་ཁབ་རིམ་པའི་བྱ་དགའ་མང་པོ་ཞིག་ཁོས་ལོན་ཐུབ་པ་བྱུང་ཞིང་། དགེ་སློབ་དུ་མའི་བསྟོད་པ་མི་ཉུང་བ་ཞིག་ཀྱང་ཁོ་ལ་ཐོབ་པས། ཁོ་ནི་སློབ་གྲོགས་དུ་མའི་སློབ་སྦྱོང་བྱ་ཡུལ་གྱི་མིག་དཔེ་བཟང་བོ་ཞིག་ཏུ་གྱུར།
གལ་ཏེ་ངའི་གྲོགས་པོ་ཕུན་རྣམ་གྱིས་བཤད་པ་མིན་ན། དཔེ་མཛོད་ཁང་གི་ཐོག་བརྩེགས་གཉིས་པའི་བོད་ཀྱི་རིག་གནས་སྐོར་གྱི་དཔེ་ཆ་ལྟ་ཀློག་ཁང་དེའི་གཡོན་ཕྱོགས་སུ་བསྡད་པའི་མི་དེ་ནི་ཕག་སྐྱག་ཡིན་པ་ངས་ཇི་ལྟར་ཤེས། དེ་དུས་ཁོའི་ལུས་ལ་དབུས་གཙང་ཆ་ལུགས་ཅན་གྱི་སློག་པ་མཐུག་པོ་ཞིག་གྱོན་ཅིང་། སྐྲ་ལོ་རིང་ཞིང་རལ་བ་ཆགས་ཡོད་པ། གདོང་པ་དམར་ཞིང་སྨུག་པ་དང་། སྐམ་ཞིང་རིད་པའི་ངོ་གདོང་གི་ཁྱོན་ལ་སྨེ་བ་ནག་པོས་གང་སར་ཕྱུག་ཅིང་། ཀུ་ཤུའི་མདོག་ལ་འགྲན་པའི་མཁུར་ཚོས་ཟུང་ནི་ངོ་མ་ཡི་གར་འོང་བ་ཞིག་རེད། ང་རང་ཁོའི་བོད་བཟོའི་ཁྱད་ཆོས་ཅན་གྱི་ལྭ་བ་དང་། དམར་སྨུག་གི་ངོ་མདོག རང་རིགས་ཤེས་བྱའི་གནས་ལ་སྦྱངས་བརྩོན་བྱ་རྒྱུར་དགའ་བའི་རང་གཤིས་སོགས་ལ་ཤིན་ཏུ་ནས་དད།
ནམ་མཁའི་སྐར་འོད་དལ་གྱིས་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་ཞིང་། ཤར་གྱི་རི་རབ་དག་གི་སྨག་རུམ་ཡང་རིམ་གྱིས་ཇེ་གསལ་ནས་ཇེ་གསལ་དུ་འགྲོ་བཞིན་འདུག ཤར་རིའི་རྩེ་ནས་ཉི་མ་འཆར་ཁའི་འོད་སྐྱ་ཞིག་དལ་གྱིས་ས་གཞིའི་ཁྱོན་ལ་ཁྱབ་ཅིང་། དལ་བ་དལ་བུར་ཉི་མའི་དཀྱིལ་འཁོར་དེ་ཤར་ཕྱོགས་རི་བོའི་རྩེ་ནས་དལ་གྱིས་མཁའ་ལ་འཕགས། དེ་ནི་གཟི་འོད་རྣམ་པར་བཀྲ་བའི་མེ་ལོང་ཆེན་པོ་ཞིག་ནམ་མཁའི་དབྱིངས་སུ་བཀལ་བ་དང་ཆ་འདྲ་བར། མཐའ་ཡས་ས་གཞི་ཆེན་མོར་འོད་ཟེར་སྟོང་གི་བཀྲག་མདངས་རབ་ཏུ་འཚེར། དེ་ནི་ཅི་འདྲའི་ཡིད་སེམས་འགུལ་བའི་ཞོགས་པ་ཞིག་རེད་ཨང་།
ཞོགས་པ་དེ་ནི་ཕག་སྐྱག་དང་ཕག་སྐྱག་ལྟ་བུའི་སློབ་ཆེན་ལོ་རིམ་བཞི་བའི་སློབ་མ་དག་ལ་ཆ་མཚོན་ན། ཤིན་ཏུ་ནས་ཛ་དྲག་ཆེ་བའི་དུས་སྐབས་ཤིག་རེད། ཉིན་དེར་ཁོ་ཚོ་རང་ལྗོངས་ཀྱི་མཐོ་སློབ་ཐོན་པའི་སློབ་མ་སྤྱི་ཚོགས་ཀྱི་ལས་གནས་སུ་ཞུགས་པའི་ཡིག་རྒྱུགས་གཏང་དགོས་པས། ཁོ་ཚོའི་སེམས་ལ་དངངས་སྐྲག་དང་སེམས་ཚེགས་ཀྱིས་ཕྱུག་ཡོད་པ་སྨྲ་མི་དགོས། ལོ་ངོ་བཅོ་ལྔ་ལྷག་གི་འབད་འབུངས་དང་བརྩོན་པ་བྱས་པ་མཐའ་དག་ཆུ་ཚོད་འགའ་ཤས་ཀྱི་ཡིག་རྒྱུགས་དེ་འཕྲོད་ཡོད་མེད་ལ་བལྟ་དགོས་པས། སློབ་མ་སུ་འདྲ་ཞིག་ལ་ཆ་མཚོན་ནའང་སེམས་ལ་དངངས་སྐྲག་དང་འཇིགས་སྣང་གིས་ཕྱུག་ཡོད་པ་སྨྲ་མི་དགོས། ལྷག་པར་དུ་ཕག་སྐྱག་ལ་ཆ་མཚོན་ན། ལོ་ངོ་དུ་མའི་རིང་སྦྱངས་བརྩོན་བྱས་པའི་བོད་སྐད་ཡིག་གི་ཆེད་ལས་ཤེས་བྱ་དེ་དང་ལས་གནས་སུ་ཞུགས་ཆོག་མིན་གྱི་ཡིག་རྒྱུགས་དེའི་བར་ལ་འབྲེལ་བ་གཏན་ནས་མེད་དེ། ཡིག་རྒྱུགས་ཚང་མ་རྒྱ་ཡིག་གི་ལམ་ནས་གཏང་དགོས་པས། ཁོའི་བོད་སྐད་ཡིག་གི་ཆེད་ལས་ཤེས་བྱ་དང་། རྩོམ་འབྲིའི་ནུས་པ་སོགས་ཇི་ལྟར་བཟང་ཡང་དེ་དག་བཀོལ་སྤྱོད་བྱ་ཡུལ་ཅིག་གང་ན་ཡོད། ཁོའི་སེམས་པ་རེ་ཞིག་རྡོ་ལེབ་ཚ་མོའི་ཐོག་གི་གྲོག་མ་ཇི་བཞིན་ཅི་བྱ་གཏོལ་བྲལ་དུ་གྱུར་སོང་། དེ་ནི་འཚོ་བ་དང་རྨི་ལམ་གྱིས་ཁོ་ལ་བཏང་བའི་མགོ་སྐོར་དང་བསླུ་བྲིད་ཅིག་ཡིན་པ་སྨྲ་མི་དགོས། ཡིག་རྒྱུགས་ཀྱི་ནང་དོན་དང་ཁོའི་ཆེད་ལས་ཤེས་བྱ་གཉིས་ཀྱི་བར་ལ་འབྲེལ་བ་དེ་ཙམ་མེད་ཀྱང་། ཁོའི་ཆེད་ལས་ཤེས་བྱ་དེ་འཚོ་བ་དངོས་དང་ལས་གནས་དངོས་ཀྱི་ཐོག་ཏུ་བཀོལ་སྤྱོད་བྱ་ཡུལ་མེད་པ་ག་ལ་ཡིན་ཏེ། ཁོ་རང་གི་ལས་ཀ་བྱ་ཡུལ་དེ་རྒྱ་ཆེ་བའི་བོད་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཁུལ་དུ་ཡིན་པས། དུས་རྒྱུན་བོད་སྐད་ཡིག་གི་ལམ་ནས་བོད་སྐད་རྣལ་མ་ཞིག་བཤད་མི་ཤེས་ཤིང་། བོད་ཡིག་གི་ལམ་ནས་སུམ་རྟགས་དག་གསུམ་ལ་ནོར་འཛོལ་མེད་པའི་སྒོ་ནས་རེ་འདུན་ཞུ་ཡིག་ཙམ་ཡང་འབྲི་མི་མཁས་པའི་བོད་རིགས་ལས་བྱེད་པ་རྫུན་མ་འགའ་ཤས་དང་བསྡུར་ན་ཁོ་ལ་དོན་དམ་པའི་འཇོན་ཐང་ངེས་ཅན་ཡོད་པ་སུ་ཡིས་མི་ཤེས།
འོན་ཀྱང་། འཇིག་རྟེན་འདིར་དེ་ལྟ་བུའི་ཀུ་རེ་མང་དག་ཅིག་གིས་ཕྱུག་ཡོད་དེ། རང་ཉིད་ཀྱིས་ཐོབ་འདོད་པ་དང་རེ་སྙེགས་བྱེད་བཞིན་པ་དེ་དག་སྐད་ཅིག་སྐད་ཅིག་ཏུ་རང་དང་རྒྱང་ཐག་ཇེ་རིང་ནས་ཇེ་རིང་དུ་འགྲོ་བ་དང་། རང་ཉིད་ཀྱི་བློ་ཡུལ་ལས་འདས་པའི་དོན་དག་ཇི་སྙེད་ཅིག་གློ་བུར་དུ་རང་གི་མིག་མདུན་དུ་འབྱུང་བཞིན་ཡོད་པ་མ་ཡིན་ནམ། ཕག་སྐྱག་གཞུང་ཞབས་པའི་ཡིག་རྒྱུགས་འཕྲོད་མིན་འདུག ཁོའི་སེམས་པ་སྐད་ཅིག་ཉིད་དུ་རྒྱ་མཚོ་ཇི་བཞིན་ལང་ལོང་དུ་འཁྱོམས་བྱུང་། ཁོས་དེ་ནི་འཕྲུལ་སྣང་ཙམ་ཞིག་ཡིན་ན་ཅི་མ་རུང་ཨང་སྙམ། འོན་ཀྱང་། དོན་དངོས་ནི་དོན་དངོས་ཡིན་པས། དེ་ལ་འགྱུར་བ་གཏོང་ཐབས་ཤིག་ག་ལ་ཡོད། ཐ་ན་སློབ་ཆེན་གྱི་སྐབས་སུ་རྒྱུན་པར་ནང་མ་ཁང་དང་། ཨར་ཁང་། དྲ་ཁང་སོགས་སུ་མགོ་བོ་འཁོར་ནས་སློབ་ཁྲིད་ལ་ཆད་ལུས་ཆེས་མང་བའི་ཁོ་རང་དང་འཛིན་གྲྭ་གཅིག་པའི་སློབ་གྲོགས་དོན་གྲུབ་ཀྱང་གཞུང་ཞབས་པའི་ཡིག་རྒྱུགས་དེ་འཕྲོད་པས། ཁོས་མིག་མདུན་དུ་ལྷག་པའི་གནས་ཚུལ་དེར་དང་ལེན་བྱ་ཐབས་བྲལ། ངོ་མ་རེད། ལས་དབང་གིས་རྟག་ཏུ་ཉམ་ཆུང་གི་མི་བུ་ཚོར་ཀྱལ་ཀ་རྩེད་བཞིན་ཡོད་པ་མ་ཡིན་ནམ། ལོ་ཟླ་དུ་མའི་ཀྱག་ཀྱོག་གི་འགྲུལ་བཞུད་ཁྲོད། ཁོས་ཕུགས་འདུན་དང་རྨི་ལམ་གྱི་སླད་དུ་འབད་འབུངས་དང་། མིག་ཆུ་གང་མང་ཞིག་གཏོར་ཡོད་པ་རེད་ཨང་། སྡེ་བའི་ཡུལ་མི་ཚོས་མཐེ་བོང་བསྒྲེངས་ཏེ་བསྟོད་པའི་མེ་ཏོག་གཏོར་ཡུལ་དང་། སློབ་བུ་ཚོའི་མིག་ནང་གི་དཔེ་སྟོན་བཟང་བོ། དགེ་རྒན་གྱིས་དགའ་བསུ་ཐོབ་མྱོང་བའི་སློབ་མ། ཕ་མའི་སེམས་ནང་གི་རེ་བ་བཅོལ་སའི་ཕག་སྐྱག་དེ་ལྟར་བསམ་ཡུལ་ལས་འདས་པའི་ངང་ཕམ་སོང་། ད་ལྟ་ཁོ་ལ་ལོག་སའི་གཞིས་ཁྱིམ་ཡོད་ཀྱང་ཕྱིར་ཡུལ་ལ་ལྡོག་པའི་སྙིང་སྟོབས་ཤིག་ག་ན་ཡོད། ད་ལྟ་ཁོ་ལ་མཚོན་ན། ཧ་ཅང་རྒྱང་རིང་རྒྱང་རིང་ཞིག་ལ་ཆས་འདོད། སུ་ཞིག་གིས་ཀྱང་ཁོ་རང་ངོ་མི་ཤེས་པའི་གནས་ཤིག་ཏུ་ཁུ་སིམ་མེར་འཚོ་བ་བསྐྱལ་འདོད། འོན་ཀྱང་། ཤུལ་དུ་ལུས་པའི་ཕ་མ་རྒན་རྒོན་གཉིས་ཀྱི་བཞིན་རས་ཡིད་ལ་དྲན་ན། ཁོས་དེ་ལྟར་བྱ་ག་ལ་ཕོད།
མཚན་མོ་དེར། ཕག་སྐྱག་ཡུལ་ལ་འབྱོར། ཕ་ཡུལ་གྱི་ཡོད་ཚད་སྔར་བཞིན་རྒྱུན་གཏན་རེད། ཁྱིམ་ཚང་སོ་སོའི་སྒེའུ་ཁུང་གི་ངོས་ནས་གསལ་ལ་མི་གསལ་གྱི་མར་མེའི་འོད་མདངས་རེ་ཕྱིར་འཕྲོས་འོང་། ནམ་རྒྱུན་ཁོ་རང་ཁྱིམ་ལ་ལོག་ཐེངས་རེར། སེམས་དབུས་སུ་སྨྲ་མི་ཤེས་པའི་དགའ་ཚོར་གྱི་བསམ་པས་ཡོངས་སུ་ཕྱུག་ཞིང་། ཕ་ཡུལ་གྱི་ལམ་ཕྲན་ངོས་ཀྱི་རྩྭ་ཕྲན་རེ་རེ་ལའང་སྨྲ་མི་ཤེས་པའི་བརྩེ་དུང་གིས་ཕྱུག་ཡོད་ཀྱང་། ད་ལྟ་ཁོའི་སྣང་ངོར་དེ་འདྲའི་ཚོར་སྣང་གཏན་ནས་མིན་འདུག ངོ་མ་རེད། སེམས་ལ་བདེ་བས་ཕྱུག་ན་ཉེ་འཁོར་གྱི་རྩྭ་དང་རྩི་ཤིང་གིས་ཀྱང་རང་ཉིད་དང་ལྷན་དུ་འཛུམ་མདངས་སྟོན་ཞིང་། བྱ་བྱེའུ་ཚོགས་ཀྱིས་ཀྱང་རང་ཉིད་ཀྱི་སྐད་ངག་དང་བསྡོངས་ནས་སྙན་པའི་གྲེ་འགྱུར་སྒྲོག་པར་སྣང་ལ། སེམས་པ་སྡུག་གིས་མནར་དུས། རྩི་ཤིང་ཚོགས་ཀྱིས་ཀྱང་རང་ཉིད་དང་ལྷན་དུ་ཅི་ཞིག་ལ་མྱ་ངན་ཞུ་བ་ལྟར་འགུལ་སྐྱོད་མེད་པར་ཀྲོང་ངེར་གནས། གློ་བུར་དུ་ཁོ་ལ་འཇིགས་སྣང་ཞིག་སྐྱེས་བྱུང་། ཁོས་རྒྱང་རིང་གི་ཁུགས་སོ་ཞིག་ཏུ་ཡིབ་ནས་ཕ་མ་གཉིས་ཀྱི་ཕྱོགས་སུ་རྒྱང་མཇལ་ཅིག་བྱས་མཐར་མཐའ་མ་མཐའ་མ་མ་འདོད་བཞིན་དུ་ཕ་ཡུལ་དང་རྒྱང་དུ་གྱེས་དགོས་བྱུང་། ད་ལྟ་ཁོའི་ཁུག་མའི་ནང་ལམ་གླ་སྤྲོད་བྱེད་ཀྱི་སྒོར་མོའང་མེད་པས། ཁོས་ཡང་སྙིང་ཐབས་བཀོད་ཅི་ཞིག་འཐེན་སྲིད། ངས་མ་ཤེས། ངོ་མ་ངས་མ་ཤེས། ལོ་ངོ་དུ་མའི་སློབ་གཉེར་གྱི་འཚོ་བ་དེ་ཁོ་ལ་མཚོན་ན་གཏིང་དཔོག་དཀའ་བའི་རྨི་ལམ་གྱི་བསླུ་བྲིད་ཙམ་ལས་ཁོ་ལ་ཅི་ཡང་ཐོབ་མེད་པ་འདྲ། གྲོང་ཁྱེར་ཆེན་མོ་དེར་ཁོ་ལ་རང་ཉིད་ཀྱིས་ཤེས་པའི་བོད་སྐད་ཡིག་གི་འབྲེལ་ཡོད་ཤེས་བྱ་དག་བཀོལ་སྤྱོད་བྱེད་པའི་སྟེགས་བུ་ཞིག་གང་ན་ཡོད། ད་ལྟ་ཁོ་ལ་དབང་བ་ནི་ཕམ་ཁ་དང་། བློ་ཕམ་ཡིད་ཆད་ཀྱི་སེམས་འགྱུ་འབའ་ཞིག་ལས་གཞན་ཅི། ཁོས་རབ་རིབ་དང་། མག་མོག་གིས་ཕྱུག་པའི་རང་གི་མིག་མདུན་གྱི་མི་ཚེའི་ལམ་བུ་འདི་ལ་དབུགས་རིང་ཞིག་འཆོར་སོང་།
མཚན་མོའི་ནམ་ཟླ་ཧ་ཅང་འཁྱག གྲོང་ཁྱེར་དེར་མི་ཚོགས་ཧ་ཅང་སྟུག བར་མཚམས་མེད་པར་ཡར་བཞུད་མར་བཞུད་བྱེད་མཁན་གྱི་རླངས་འཁོར་དང་། འུར་སྒྲ་དང་ལྡིར་སྒྲས་ཕྱུག་པའི་ནང་མ་ཁང་། སྲང་ལམ་གང་སར་ཡར་མར་མྱུལ་བཞིན་པའི་ཁྱི་ཡི་འབ་སྐད་སོགས་ཀྱིས་གྲོང་ཁྱེར་དེའི་ཁུགས་སོ་ཚང་མ་འུར་ཆིལ་ལེར་འདུག དེ་ནི་ཕག་སྐྱག་གི་སྐབས་དེ་དུས་ཀྱི་སེམས་ཁམས་དང་འདྲ་བར་ཟང་ཟིང་གིས་ཡོངས་སུ་ཕྱུག ལག་ན་ཟ་མ་ཟ་བྱེད་ཀྱི་དངུལ་སྒོར་སྐར་གང་ཡང་མེད་པས། མཐའ་མ་མཐའ་མ་ཁོས་འུར་སྒྲས་ཕྱུག་པའི་བོད་ཀྱི་ནང་མ་ཁང་ཞིག་གི་ནང་འཛུལ་ཏེ་གླུ་ལེན་པར་ཕྱིན། ཁོས་ཁྲ་ཁྲ་ཆིལ་ཆིལ་གྱི་གར་སྟེགས་ཐོག་འཛེགས་ནས་བོད་ཀྱི་གྲགས་ཅན་རྣམ་ཐར《སྣང་ས་འོད་འབུམ》ལས་དུམ་བུ་གཅིག་བཏང་། འོན་ཀྱང་། ཁོང་གིས་བཏང་བའི་རྣམ་ཐར་དེ་ལ་གཟིགས་མོ་བ་ཚོའི་དགའ་བའི་ཐལ་མོའི་རྡེབ་སྒྲ་ཐོས་རྒྱུ་ལྟ་ཅི། ཡུད་ཙམ་ཞིག་རིང་ནང་མ་ཁང་དེ་ལྟོག་ཅོར་གྱིས་སྐད་སྒྲས་ཡོངས་སུ་ཁེངས། ཕག་སྐྱག་ངོ་མ་སེམས་སྐྱོ་བྱུང་། ཁོས་རང་ཉིད་ལ་བློ་ཕམ་འབྱུང་བ་ཇི་བཞིན་གནས་དེའི་གཟིགས་མོ་བ་རྣམས་ལའང་བློ་ཕམ་དང་ཡིད་ཐང་གི་བསམ་པ་དྲག་པོ་ཞིག་སྐྱེས་བྱུང་། ནང་མ་ཁང་གི་སྦྱིན་བདག་གིས་ཁོ་རང་བོས་ཏེ་གལ་ཏེ་སྒོར་མོ་དགོས་ན་སྲོལ་རྒྱུན་གྱི་རྗེས་ལུས་ཅན་གྱི་རྣམ་ཐར་རྙིང་བ་དེ་དག་མི་གཏོང་བར། དེང་དུས་ཀྱི་གོམ་འགྲོས་དང་མཐུན་པའི་དཔེ་གསར་ཅན་གྱི་དེང་རབས་གླུ་གཞས་གསར་བ་དེ་དག་གཏང་དགོས་ཟེར། ནང་མ་ཁང་གི་སྦྱིན་བདག་གིས་གསུངས་པའི་སྐད་ཆ་དེས་ཁོའི་སེམས་ལ་ཆུ་བཤོས་པ་ལྟར་གྱི་གྲང་འདར་ཅིག་བརྒྱབ་བྱུང་། འོན་ཀྱང་། ཁོ་ལ་ཐབས་ཅི་ཞིག་ཡོད། གློ་བུར་དུ་ཁོའི་ནང་སེམས་སུ་སྟོང་ལྷང་ལྷང་གི་བསམ་པ་དྲག་པོ་ཞིག་སྐྱེས་བྱུང་། དེ་འདྲའི་ཚོར་བ་དེ་ནི་འཇིག་རྟེན་འདིས་རང་ཉིད་མི་གྲལ་ནས་ཕྱིར་འབུད་བྱས་པ་དང་འདྲ་བར་ཁོའི་སེམས་ལ་ཁེར་རྐྱང་གི་གདུང་བ་དྲག་པོ་ཞིག་སྦྱིན་པར་བྱས།
ཕྱི་ཉིན་ཞོགས་པ་ཁོས་སྔ་མོ་ནས་མལ་ལས་ལངས་ཏེ་ལས་གྲྭར་གླ་པ་བྱེད་པར་བུད། ད་བར་དུ་སྨྱུ་གུ་དང་ཤོག་བུ་ཁོ་ན་ལག་ཏུ་ཐོགས་པར་གོམས་པའི་ཁོ་རང་ལ་ཆ་མཚོན་ན། ཨར་ལས་ཀྱི་ལས་ཀ་ལས་རྒྱུ་དེ་ཅི་འདྲའི་དཀའ་ཚེགས་ཀྱིས་ཕྱུག་པ་སྨྲ་མི་དགོས། འོན་ཀྱང་། ཁོས་དཀའ་ངལ་མཐའ་དག་ཁྱད་དུ་སད་ནས་ཉིན་དཀར་གྱི་དུས་སུ་ལས་གྲྭའི་ལས་ལ་འབད་འབུངས་ཀྱིས་གཞོལ་ཅིང་། མཚན་མོ་རང་ཉིད་ཀྱིས་མི་གཞན་གྱི་གམ་ནས་གཡར་བའི་ཁང་ཆུང་གྲུ་བཞི་དེའི་ནང་ཞུགས་ཏེ་འཛམ་གླིང་གི་གྲགས་ཅན་རྩོམ་པ་པོ་མང་དག་ཅིག་གི་བརྩམས་ཆོས་ལྟ་ཀློག་ལ་རོལ་བ་དང་། རང་གིས་ཀྱང་རྩོམ་རིག་གི་བརྩམས་བྱ་མི་ཉུང་བ་ཞིག་བྲིས་ཏེ་ཞིང་ཆེན་དེའི་དུས་དེབ་དང་ཚགས་པར་ཁང་འགའ་ལ་བསྐུར་བས། ཁོའི་སེམས་པ་རེ་ཞིག་ལྷོད་ལ་བབ། ལྷག་པར་དུ་ཁོ་རང་གིས་བྲིས་པའི་བརྩམས་སྒྲུང་རིང་གྲས་ཤིག་ལ་ལོ་དེའི་ཕུལ་བྱུང་བརྩམས་སྒྲུང་ལེགས་གྲས་ཀྱི་བྱ་དགའ་ཐོབ་པས། ཁོས་མིག་མདུན་གྱི་འཚོ་བ་དེ་ལ་རིམ་གྱིས་མོས་པར་གྱུར། ངོ་མ་རེད། འཇིག་རྟེན་འདིར་ང་ཚོར་གདམ་ཁས་གང་ཞིང་། བཤུལ་ལམ་མི་འདྲ་བའི་གདམ་ཁ་རེ་རེའི་ཁྲོད་ད་གཟོད་ང་ཚོར་རང་རང་གི་མི་ཚེའི་ལམ་བུ་རེ་རྙེད་བཞིན་ཡོད་པ་མ་ཡིན་ནམ། དེ་ནི་འཚོ་བ་རེད། དཀའ་ཚེགས་དང་གྱ་གྱུས་ཕྱུག་པའི་ལམ་བུ་མང་པོས་ང་ཚོར་ཕམ་ཁ་དང་ན་ཟུག་སྦྱིན་བཞིན་ཡོད་ལ། ཕམ་ཁ་དང་ན་ཟུག་དེ་དག་གིས་ང་ཚོའི་སྙིང་རུས་དང་ངར་ཤུགས་དལ་གྱིས་འཕེལ་བར་བྱེད་ཅིང་། ང་ཚོར་མི་ཚེ་ཞེས་པའི་ཐ་སྙད་དེའི་མཚན་ཉིད་རེ་རེ་ཉམས་སུ་མྱོང་དུ་བཅུག་བཞིན་ཡོད་པ་རེད་ཨང་།
དེ་ནས་ཟླ་བ་འགའ་ཤས་འདས་རྗེས་ཕག་སྐྱག་ལ་ཞིང་ཆེན་དེའི་ཚགས་པར་ལས་ཁུངས་ནས་བརྡ་ཐོ་ཞིག་འབྱོར། བརྡ་ཐོའི་དེ་ནི་ཁོ་རང་ཚགས་པར་ཁང་དེའི་ནང་རྩོམ་སྒྲིག་པའི་ལས་ཀར་ཡོང་རྒྱུའི་གདན་ཞུའི་ཡི་གེ་ཞིག་རེད་འདུག བརྡ་ཐོ་དེ་འབྱོར་རྗེས། ཁོའི་མིག་མདུན་དུ་སྐར་མ་སྟོང་ཕྲག་འགའ་དུས་གཅིག་ཏུ་ལྷན་དུ་འཆར་བ་དང་འདྲ་བར་འོད་ཐིང་ཐིང་དུ་གྱུར། སྨག་རུམ་གྱིས་བསྒྲིབས་པའི་གྱ་མ་གྱུ་འགྲོའི་དཀའ་ཚེགས་ཀྱི་ལམ་བུ་མང་དག་ཅིག་བཞུད་རྗེས། ཁོས་མཐའ་མ་མཐའ་མར་འོད་ཟེར་གྱི་ལམ་བུ་ཞིག་རྙེད་བྱུང་། ཁོའི་སེམས་པ་སྐད་ཅིག་ཉིད་དུ་དྭངས་ཤིང་གཡའ་དག་པར་གྱུར། ངོ་མ་རེད། དེ་ནི་དཀའ་སྡུག་མང་དག་ཅིག་ཁྱད་དུ་སད་རྗེས་འཚོ་བས་ཁོ་ལ་བསྩལ་བའི་ལེགས་སྐྱེས་དང་། སྡུག་རུས་དང་དཀའ་སྤྱད་འབད་བརྩོན་ལས་འཁྲུངས་པའི་འབྲས་བུ་རེད། བཞུད་ཟིན་པའི་རང་ཉིད་ཀྱི་གྱ་མ་གྱུ་འགྲོའི་བཤུལ་ལམ་ལ་ཕྱི་མིག་རེ་བལྟས་ན། ཁོས་ན་ཟུག་དང་མིག་ཆུ་མང་དག་ཅིག་ཕ་མཐར་བཞུར་ཡོད་པ་རེད་ཨང་། ངུ་མ་དགོད་ཀྱི་མི་ཚེའི་བཤུལ་ལམ་དེའི་ཐོག་ཁོས་ཕམ་ཁ་དང་ངོ་ཚ། དཀའ་བ་དང་མིག་ཆུ་མང་དག་ཅིག་གི་དཀའ་ཚེགས་མི་ཉུང་བ་ཞིག་འཕྲད་ཡོད་པ་རེད་ཨང་། འོན་ཀྱང་། ཁོས་རྨི་ལམ་དང་ཕུགས་འདུན་དེའི་སླད་དུ་སྙིང་རུས་ཀྱི་རྟ་ཕོར་ལྕགས་ཚན་བཞུས་ཏེ་དཀའ་བ་རེ་རེ་བཞིན་སྙིང་རུས་ཀྱིས་བཤགས་ཏེ་མདུན་སྐྱོད་ཀྱི་གོམ་ཁ་གཏན་ནས་ལྷོད་མེད་པ་རེད་ཨང་། ཁོས་དེ་འཕྲལ་གདོང་ནས་འཛུམ་མདངས་ཤིག་ཕྱུངས་ཞོར་བོད་ཆས་ཀྱི་ལྭ་བ་སོ་མ་དེ་ལུས་ལ་གོན་ནས་དགའ་དགའ་སྤྲོ་སྤྲོའི་ངང་ཞིང་ཆེན་དེའི་ཚགས་པར་ལས་ཁུངས་ཀྱི་ཕྱོགས་སུ་གོམ་ཁ་བསྒྱུར་སོང་། གོམ་ཁ་བསྒྱུར་སོང་།
རྣམ་གླིང་རིན་ཆེན།
དེ་ནི་སྤྱི་ལོ༢༠༡༣ལོའི་དབྱར་ཁ་ཞིག་རེད།ལོ་དེ་ནི་ཕག་སྐྱག་གི་ངོས་ནས་བརྗོད་ན་ཤིན་ཏུ་ནས་གལ་འགངས་ཆེ་བའི་ཛ་དྲག་གི་ལོ་ཞིག་རེད།

འབྲེལ་ཡོད་འོས་སྦྱོར།