རྩྭ་ཐང་གི་རྨི་ལམ།
རྩོམ་པ་པོ།:ཀླུ་ཚང་བྱམས་པ་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-06-30
ཀློག་གྲངས།:
ནགས་རྒྱ་རྫོང་ལྷ་ཁང་ནང་ནས།།
ངའི་འཕུར་གྲོགས་བྱེའུ་ཆུང་མཇོལ་མོ།།
ནགས་ལྗང་ལོའི་རྩེ་མོར་བབས་ནས།།
མགོ་སྒུར་ནས་ལན་གསུམ་གྲགས་ནོ།།
ངས་རྫ་རིའི་ཕྱོགས་ནས་གོ་ཐལ།།
ཕྱི་བྱ་བརྒྱས་གོ་ན་སྙན་གི །
བྱ་ང་ཡིས་གོ་ན་སྨྲེང་གི །
ངས་སྨྲེང་པ་བྲག་ལ་བཀུག་ན།།
བྲག་དམར་པོར་སེར་ཁ་གས་ཀི །
སྡེ་ཆེན་པོ་དར་ལྕོག་དཀྱིལ་ནས།།
ངའི་ཆུང་འདྲིས་ཞང་བཟང་ཚ་མོ།།
རི་མཐོན་པོའི་རྩེ་མོར་བུད་ནས།།
སྐད་སྙན་མོས་གླུ་ཞིག་བླངས་ནོ།།
ངས་རྫ་རིའི་ཕྱོགས་ནས་གོ་ཐལ།།
ཕྱི་སྡེ་བས་གོ་ན་སྙན་གི །
ཕོ་ང་ཡིས་གོ་ན་སྨྲེང་གི །
ངས་སྨྲེང་པ་སེམས་ལ་བཀུག་ན།།
སེམས་སྐྱ་མོ་ཐང་ལ་ལྷུང་གི །
……ཞིབ་འདང་རེ་བརྒྱབ་ན། འདས་དོན་དེ་ནི་ཧ་ཅང་སེམས་སྐྱོ་ལ། ཞེ་མེར་བ། ཡི་མུག་པ་ཞིག་ལས་མ་འདས། སྲོལ་རྒྱུན་གྱི་གཏམ་རྒྱུད་དེས་ལན་པ་མིན་ན། དྭངས་གཙང་གི་ཆུ་བོ་འདི་ལ་ནང་དམེ་ཡི་ཁྲག་དྲོན་གྱིས་མ་སྦགས་པར་མཐུན་སྒྲིལ་གྱི་གསེར་ཟམ་སྦྲེལ་སྲིད་ལ། ཁོད་ཡངས་བའི་རྩྭ་ཐང་འདི་ལའང་ནང་དམེ་ཡི་འོ་དོད་མི་འཁྱིལ་བར་ཞི་བདེའི་རོལ་དབྱངས་གྲགས་པར་ངེས། ཡིན་ན་ཡང་། སྤྱིར་དར་ལུང་སྡེ་བ་དང་དར་ལྕོག་སྡེ་བ་གཉིས་ལ་མཚོན་ན་གཞི་བདག་གཅིག་གི་འཁོར་འབངས་དང་བླ་མ་གཅིག་གི་ལྷ་འབངས་མ་ཡིན་ནམ། བདེ་ལེགས་ཀྱིས་དེ་ལྟར་སེམས་ཤིང་སེམས་ཤིང་མིག་ཟུང་གིས་རྒྱང་རིང་བའི་མཁའ་མཐའ་ལ་ཅེར་ནས་བསྡད། ཁོའི་ཡིད་དུ་འོང་པའི་མིག་ཟུང་གི་ཁྱོན་ལ་སྲོལ་རྒྱུན་གྱི་གཏམ་རྒྱུད་ཀྱིས་དཀྲིགས་པའི་མིག་ཆུ་དྭངས་མོ་ཞིག་འོད་སྣང་གིས་འཚེར་བྱུང་།
ཕར་བལྟས་ན་རྫ་ཞིག་རིག་ནོ་ཀན།།
རྫ་ཁྲ་ཡག་རྩེ་འདུས་རི་རྒྱུད་རེད།།
རྫ་གན་གི་གཡས་ཟུར་གཡོན་ཟུར་ནས།།
སྨུག་གྱི་ལེར་འགྲོ་ནོ་བྲེ་སེར་རེད།།
རྫ་འབར་འབུར་མང་བས་མི་ཐུག་གི །
སྨུག་ལ་ལུང་འཐིབས་ནས་མི་རིག་གི །
སྨུག་དྭངས་ནས་འབྲོང་ལ་ཐུག་རག་བར།།
སེམས་སྐྱ་མོ་སྨུག་ལ་དྭངས་ཐབས་མེད།།
ཕར་བལྟས་ན་སྡེ་ཞིག་རིག་ནོ་གན།།
སྡེ་ཆེན་པོ་དར་ལུང་གསེར་གཞུང་རེད།།
སྡེ་གན་གི་གཡས་ཟུར་གཡོན་ཟུར་ནས།།
གཉོམ་གྱི་ལེར་འགྲོ་ནོ་ཆུང་ལོ་རེད།།
གཏམ་མྱི་ཁ་ངན་པས་མི་ཐུག་གི །
སྡེ་ཁ་ཞེང་ཆེ་བས་མི་རིག་གི །
ས་ལ་འོག་བརྒྱུད་ནས་ཐུག་རག་ལ།།
སེམས་སྐྱ་མོ་སྡུག་ལ་དྭངས་ཐབས་མེད།། དེ་ནི་མཐོ་བའི་རི་སྒང་གི་བསེར་རླུང་དང་འགྲོགས་ནས་སྙན་ལྷང་ལྷང་གིས་རྩྭ་ཐང་འདིའི་ཤིན་ཏུ་ལྕི་བའི་མཁའ་དབུགས་ཀྱི་ཀློང་དུ་ལྷོད་ཀྱིས་འཐིམ་སོང་། ལྷད་མེད་ཀྱི་གླུ་སྐད་གཉོམ་པོ་འདིས་དགུང་ཉི་མ་ཡང་སྐྱོ་བས་དུབ་སྟེ་འོད་ཀྱི་ཟེར་མའི་མིག་ཆུའང་ནུབ་ཕྱོགས་ཀྱི་རི་བོ་དག་གི་ཕང་བ་རུ་དལ་གྱིས་འཐོར་ཞིང་ལྷོད་ཀྱིས་སིམ་པ་ལྟར། མིག་ཆུས་སྤྲུལ་བའི་ཆར་བའི་རྒྱུན་ཡང་སྲོལ་རྒྱུན་གྱི་ཁྲག་དྲོན་དང་འདྲེས་ནས་ས་སྒང་རིལ་མོ་འདིའི་སྤྱི་གཙུག་ཏུ་ངང་གིས་བབས།
དེ་རིང་ཡང་ཁ་རྩང་དང་འདྲ་བར་ནམ་མཁའ་སྔོ་ཞིང་དྭངས་ལ་ཉི་འོད་དྲོ་ཞིང་འཇམ། ཡངས་བའི་དར་ལུང་རྩྭ་ཐང་ལ་མཛེས་སྡུག་གི་བཀྲག་མདངས་ཤིག་བཅོས་མིན་དུ་ཤར་འདུག ཁོ་ཚོའི་ནོར་ལུག་ཕུད་ཚད་དེ་ཚོ་པ་གཞན་ལས་སྔ་བ་ཤེས་ཐུབ་སྟེ། བཀྲ་ཤིས་ལུང་བ་དང་སྡོང་ཕྲུག་ལུང་བ་སོགས་སུ་ད་དུང་ཕྱུགས་ཟོག་ལྷས་ནས་ཕུད་མི་འདུག སྔར་བཞིན་ཕྱུགས་རྫི་རྣམས་ལབ་ཙེ་སྒང་དུ་འདུས་ནས་ཀུ་རེ་སྣ་ཚོགས་རྩེ་བར་བྱེད་ལ། ཀུ་རེ་ལས་མཆེད་པའི་དགོད་སྒྲ་རེ་རེ་མུ་མཐུད་དུ་རྩྭ་ཐང་ལ་ཁྱབ་བྱུང་། རྒྱང་རིང་གི་རི་ཚོགས་དང་རི་ཚོགས་ཀྱི་འདབས་ཀྱི་ཆུ་རྒྱུན་དེ་བརྒྱུད་ནས་ཆགས་ཡོད་པའི་རྫོང་མཁར་དང་། ད་དུང་རྫོང་མཁར་ནས་ཕྱོགས་གཉིས་སུ་སྣུམ་ཡུག་གེར་འཐེན་ཡོད་པའི་གཞུང་ལམ་སྟེང་རླངས་འཁོར་ཆེ་ཆུང་མང་པོ་ཕར་བགྲོད་ཚུར་བགྲོད་ཀྱི་འདུ་འཛི་སྣ་ཚོགས་མིག་གི་ལམ་དུ་འཁོར་ཡོང་། སྐབས་དེར་བདེ་ལེགས་ཀྱི་མིག་ཟུང་གི་དེའི་ཤུགས་ན་སྒྲོལ་མ་སྐྱབས་ལ་བཅངས་པའི་རེ་བ་དང་ཡིད་ཆེས། ཕུགས་བསམ་དང་རྨི་ལམ་གྱི་སྟོབས་ཤུགས་ཤིག་རང་བཞིན་གྱིས་བསྐུངས་འདུག་པའང་གཞི་ནས་རྟོགས།
ཁོས་སྐབས་སྐབས་སུ་རྒྱང་རིང་གི་མཁའ་མཐའ་ན་ཤར་ནས་ནུབ་ཏུ་དལ་བའི་འགྲོས་ཀྱིས་བཞུད་ཀྱིན་པའི་སྤྲིན་དཀར་གྱི་ཚོམ་བུ་ལ་རྒྱང་ལྟ་བྱེད་ཅིང་། མཚམས་མཚམས་སུ་ཅུང་ཐག་མི་རིང་ས་ན་གསེར་འབྲུག་ཅིག་ངལ་བའི་ཟོལ་གྱིས་ས་ལ་བརྟེན་པ་ལྟ་བུའི་རི་རྒྱུད་དེའི་འདབས་ན་ཤར་ནུབ་ཕྱོགས་སུ་བསྲིངས་ཏེ་ཆགས་ཡོད་པའི་རྫོང་མཁར་གྱི་ཕྱོགས་སུ་ལྟ་བར་བྱེད་ལ། ཡང་བར་བར་དུ་ཁོ་ཚང་གི་སྦྲ་འདབས་ན་ཐང་མ་བྱབ་ཀྱིན་པའི་ཨ་མ་གཡུ་སྒྲོན་ལ་ལྟ་བཞིན་འདུག སྐབས་དེ་དག་ཏུ་ཁོའི་སེམས་ངོགས་སུ་ཨ་མ་གཡུ་སྒྲོན་གྱི་གཉེར་མས་བཀབ་པའི་ངོ་གདོང་དང་། ལྕུག་ལྕུག་ཏུ་འདར་བའི་ལག་ཟུང་། ཡོམ་ཡོམ་དུ་འཁྱོར་བའི་གོམ་འགྲོས་སོགས་མིག་གི་ལམ། གློ་རྒྱུའི་མཚམས་སུ་རིམ་བཞིན་འཁོར་དུས། གར་ཡོང་མི་ཤེས་པའི་ཚོར་ཤེས་སྐྱུར་བོ་ཞིག་སྙིང་གི་གསེང་། མཆིན་པའི་འོག རུས་པའི་གཏིང་། རྐང་གི་གསེབ་ཏུ་དགུན་ཁའི་གྲང་རླུང་བཞིན་དབང་མེད་དུ་སིམ་ཡོང་ངེས……
ཕལ་ཆེར་ཉིན་གུང་ཡོལ་བའི་དུས་དེར། གཡུ་གཞུང་ཞང་གི་ཕྱོགས་ནས་རླངས་འཁོར་ཞིག་གཞུང་ལམ་ལ་ཞུགས་ཏེ་དུང་དཀར་ལུང་བའི་མདའ་རུ་ཐོན་དུས་དུང་དཀར་ལུང་བའི་ཕྱོགས་སུ་སྐྱོགས་ཏེ་ས་ལམ་ལ་ཞུགས་ནས་སླེབས་བྱུང་། སྐབས་དེར་ཨ་མ་གཡུ་སྒྲོན་གྱིས་མིང་པོ་རྡོ་རྗེ་འབུམ་ཨེ་ཡིན་ནམ་སྙམ་ནས་ལག་རྟེན་ལ་འཁེན་ཏེ་སྦྲ་སྒོ་ནས་གྱོལ་མ་ལྡིང་གིས་ཆུ་གྲོག་ཁ་རུ་ཐོན་པ་དང་། རླངས་འཁོར་དེ་རྒྱུད་དང་བྲལ་བའི་མདའ་མོ་བཞིན་ཐད་ཀར་དུང་དཀར་ལུང་བའི་ཕུ་མགོར་བབས་ཡོད་པའི་སྡེ་དཔོན་ཚེ་རིང་ཚང་ལ་ཕྱིན་སོང་བས། ཨ་མ་གཡུ་སྒྲོན་ཡང་གོམ་མཚམས་བཞག་སྟེ་ལག་པ་ཐོད་པའི་སྒང་ལ་བཞག་ནས་རླངས་འཁོར་དེའི་རྗེས་སུ་ཟིམ་ཟིམ་གྱི་མིག་གིས་བལྟས་ནས་ཡུན་རིང་ཞིག་ལ་ལྕགས་ཕུར་ནག་པོ་ཞིག་ས་ལ་བརྡབས་པ་དང་འདྲ་བར་དེ་གར་འགྲེང་འདུག ས་ལམ་དེའི་སྟེང་ནས་རྡུལ་འཚུབ་སིབ་སིབ་ཅིག་དལ་གྱིས་འཕྱུར་འོང་བ་དང་བསེར་རླུང་གི་རྒྱུུ་ཕྱོགས་ཤིག་གིས་རིམ་བཞིན་དྭངས་སོང་།
འོད་ལམ་ལམ་གྱི་ཉི་མ་ནི་གསེར་གྱི་མེ་ལོང་ཆེན་པོ་ཞིག་གསེར་སྐུད་མང་པོས་ཐུར་དུ་དཔྱངས་ཡོད་པ་ལྟར་ནུབ་ཕྱོགས་ཀྱི་རི་བོ་དེ་དག་ཕང་བར་ཟུར་གྱིས་བསྔས་འདུག ཕྱུགས་རྫི་རྣམས་ཀྱི་ནོར་ལུག་ལྷས་ལ་བསྐོར་ནས་རྒྱང་མིག་ཆད་ཀྱིན་པའི་བར་སྐབས་དེར་རླངས་འཁོར་དེ་བྱ་འཕུར་བ་ལྟར་གཡུ་གཞུང་ཞང་གི་ཕྱོགས་སུ་བཞུད་སོང་། དེ་ནས་ཡུན་རིང་མ་སོང་བར་མཁའ་མཐའ་ནས་གཟིམ་ལ་ཉེ་བའི་མཆོད་མེ་ཏག་ཏག་དང་མཚུངས་པར་ལྷེམ་ལྷེམ་དུ་འཚེར་བའི་སྐར་མ་རེ་འགའ་ཡང་མཚན་མོའི་གསང་བ་རྒུམ་ཆེད་གཅིག་རྗེས་གཉིས་མཐུད་དུ་འཛུམ་ཡོང་། མུན་པའི་ཁྲོད་དུ་ནམ་མཁའི་སྐར་མར་རྨུག་པར་རྩོམ་པའི་བཏགས་ཁྱི་རེ་འགའི་ཟུག་སྐད་རྒྱུན་ཆད་མེད་པར་གྲགས་ཡོང་ལ། རུ་འདབས་ཉུལ་བར་དགའ་བའི་གཞོན་ནུ་རེ་འགའི་གླུ་སྐད་ཆད་མ་མཐུད་ཀྱང་བསེར་རླུང་གི་ལྡང་ཕྱོགས་དང་བསྟུན་ནས་ཐོས་ཐུབ།
དེ་རིང་ཡང་ཞོགས་པའི་ཉི་རྩེ་དེ་སྔར་བཞིན་ཐོག་མར་ལབ་ཙེ་སྒང་ལ་འཕྲོས་འོང་པ་དང་། དེ་ནས་རིམ་བཞིན་དུང་དཀར་ལུང་བའི་ཉིན་ངོས་སུ་འཕྲོས་འོང་པའི་རྣམ་པ་དེ་ནི་རྫི་བོ་རྣམས་ཀྱི་སྨྲ་མི་ཤེས་པའི་མཛེས་སྡུག་ཅིག་ཏུ་འཁུམས་ཡོད་ངེས། དུང་དཀར་ལུང་བའི་ཕུ་མདོ་བར་གསུམ་ནས་ཞོགས་པའི་དུད་སྨུག་ནི་སེང་རས་དང་འདྲ་བར་ཉིན་ངོས་དང་སྲིབ་ངོས་ཀྱི་སུ་རུའི་ཁྲོད་དུ་འཐིབས་འདུག རྩེ་ཆུས་སྔར་བཞིན་དུང་དཀར་ལུང་བའི་མཛེས་སྡུག་ལ་བསྟོད་གླུ་བར་མེད་དུ་གྱེར་ནས་རྒྱང་རིང་རྒྱང་རིང་གི་ཕྱོགས་སུ་བཞུར་གྱིན་གདའ། ཕྱུགས་རྫི་རྣམས་ཀྱིས་ནོར་ལུག་གང་དགར་བཀྲམ་རྗེས་ཉིན་ངོས་སུ་ཉི་མར་བསྲོ་བཞིན་ལབ་གླེང་བྱེད་བདོག
“ཨེ། ཁ་སང་སྡེ་དཔོན་ཚང་ལ་རླངས་འཁོར་ཞིག་ཐོན་པ་དེ་སུ་རེད། ” གཡུ་རྡོས་ཚི་དྲེག་ཆགས་པའི་རལ་བའི་ནང་དུ་ལག་པས་འཕྲུག་ཙམ་འཕྲུག་ཙམ་བྱེད་ཞོར་དེར་ཡོད་ཀྱི་ཕྱུགས་རྫི་རེ་རེའི་གདོང་ལ་བལྟ་བཞིན་དེ་ལྟར་དྲིས།
“ང་ཚོའི་སྡེ་བའི་ཧྲུའུ་ཅི་བཀྲ་སྐྱབས་དང་། ང་ཚོའི་སློབ་གྲྭའི་དགེ་རྒན་དབང་འདུས་དང་བཀྲ་ཁོ་གསུམ་ག་རེད། ” སྡེ་དཔོན་ཚེ་རིང་ཚང་གི་ཁྱིམ་མཚེས་བསམ་འགྲུབ་ཀྱིས་བདེན་ཅོག་ཅོག་གིས་དེ་ལྟར་ལན་ལྡོན་བྱུང་།
གཡུ་རྡོས་སྣ་གཉེར་ཙམ་བྱས་ནས“ཧིན། སུས་མི་ཤེས།”ཟེར་བ་དང་སླར་ཡང་རལ་སྣེའི་གཡུ་ཆུང་དེ་ལ་བྱིལ་བྱིལ་བྱེད་བཞིན“ཡང་དེ་ཚོར་ལུག་ཤ་ཚོན་པོ་དང་མར་ཆུར་འོ་མ་སོགས་མཁོ་ནས་སླེབས་པ་ཡིན་ངེས་རེད”ཟེར།
སྐད་ཆ་དེས་ཐེབས་ཅིག་ལ་ཉེ་འཁོར་ཚང་མ་དབུགས་རྨེག་གེར་བཏང་སོང་།
སླར་ཡང་དེར་མཐུད་ནས་སྐལ་རྒྱམ་གྱིས་ཧ་ཅང་ཚིག་ཐག་ཆོད་པའི་སྒོ་ནས“བཀྲ་སྐྱབས་སྣ་ཆད་ཡོད་ཚུལ་གྱིས་ད་ཐེངས་ཡང་རྒྱལ་ཁབ་ཀྱི་ཁྲལ་དོན་ཞིག་ལ་ཡོང་ལས་ཤས་ཆེ།”ཟེར།
བཀྲ་སྐྱབས་ཀྱིས་དར་ལུང་སྡེ་བའི་ཧྲུའུ་ཅིའི་འགན་འཁུར་ནས་ཏག་ཏག་ལོ་ལྔ་འགོར་སོང་། ཧྲུའུ་ཅིའི་འགན་འཁུར་བའི་ཕྱི་ལོ་ནས་ཁོ་ཚང་གི་གཞིས་ཀྱང་རྫོང་མཁར་དུ་སྤར་བ་རེད། དེ་ནས་བཟུང་ཁོ་རང་རྒྱལ་ཁབ་ཀྱི་ཁྲལ་དོན་རྩག་རྩིག་ཡོད་དུས་སྡེ་བའི་ནང་དུ་ཡོང་བ་མ་གཏོགས། སྡེ་བའི་ཚོགས་འདུ་ཆེ་ཆུང་གང་ཡིན་ཡང་དོ་སྣང་དེ་འདྲ་མི་བྱེད་པས། སྡེ་མི་རྣམས་ལའང་བསམ་འཆར་སྣ་ཚོགས་བྱུང་དང་འབྱུང་མུས་སུ་ཡོད། ཁོ་རང་མཐོ་དཔོན་པོ་རྣམས་དང་འཕྲད་ཚེ། ལུས་ཀུམ་ཀུམ། མགོ་སྒུར་སྒུར། འཛུམ་དམུལ་དམུལ། ཉྭ་ལྷེམ་ལྷེམ་བྱེད་མཁན་ཞིག་ཡིན་ཞིང་། དམའ་འབངས་མི་དང་ཐུག་ཚེ། མགོ་དགྱེ་དགྱེ། ངོ་གནག་གནག སྣ་གཉེར་གཉེར། རྔམ་རྫིག་རྫིག་གིས་འགྲོ་མཁན་ཞིག་ཡིན་པས། སྡེ་མི་རེ་འགས་ཁོའི་མཚང་མིང་ལ་“སྲིད་གཞུང་གི་རྒྱུག་ཁྱི”ཞེས་ཀྱང་བཏགས་འདུག
དེར་མཐུད་ནས་ཡང་གཅིག་གིས“སློབ་གྲྭའི་དགེ་རྒན་དབང་འདུས་དང་བཀྲ་ཁོ་གཉིས་ཡོད་ཚུལ་གྱིས་ཕལ་ཆེར་སློབ་ལོ་རན་པའི་བྱིས་པ་དག་སློབ་གྲྭར་བསྡུ་བའི་བརྡ་སྦྱོར་ཞིག་ཡོད་ཤས་ཆེ”བོད་ལྭའི་ཕུ་རུང་ཕུད་ཙམ་བྱེད་ཞོར་དེ་ལྟར་ལབ་ཡོང་། མ་གཞི་དེ་ནི་སྔོན་ཆད་དར་ལུང་སྡེ་བ་ནས་དམའ་འབྲིང་མཐར་ཕྱིན་མྱོང་བའི་ཆོས་ལྡན་གྱི་སྐད་རེད།
“འཇིག་རྟེན་འདིར་ཕ་མ་དང་དགེ་རྒན་གྱི་སྐུ་དྲིན་ལྟ་བུ་ཞིག་གང་ན་ཡོད་ཨང་། དགེ་རྒན་རྣམས་ཀྱིས་ཁྱོད་ཀྱི་སྐལ་ཟོས་སོང་བ་རེད་དམ”བདེ་ལེགས་ཀྱི་མིག་ཁར་ལྷུང་ཡོད་པའི་སྐྲའི་ཉག་མ་དེ་དག་མཛུབ་མོས་ཤད་ཙམ་བྱེད་ཞོར་མིག་གིས་གཡུ་རྡོ་ལ་བལྟས་ནས་དེ་ལྟར་ཟེར།
“དགེ་རྒན་ཨེ། ངས་དགེ་རྒན་ཟེར་བ་མིན། དེང་གི་འགོ་ཁྲིད་དེ་དག་ཟེར་བ་ཡིན། མཐོ་དཔོན་པོར་ཁ་ཡག་ངོ་བསྟོད་དང་དམའ་འབངས་ལ་ཁ་ལོག་མགོ་བསྐོར་གཏོང་མཁན་དེ་ཚོ་ཟེར་བ་ཡིན།” གཡུ་རྡོ་ར་རྫིག་གིས་ཚིག་མདའ་དེ་རང་ཉིད་ལ་འཕངས་པ་ཤེས་པས་ལག་གི་རལ་སྣེ་དེ་བཏང་ནས་གོམ་གང་མདུན་སྤོས་གསལ་བཤད་ཀྱི་ཚུལ་དུ་དེ་ལྟར་ཟེར།
“……”
དེའི་འཕྲོར་ད་དུང་སྐད་ཆ་མང་པོ་ཞིག་ལབ་ཀྱིན་ཡོད་ནའང་ཆུ་སྒྲ་དང་སྐྱི་བསེར་རླུང་བུའི་ཤུགས་སྒྲ་མཉམ་དུ་བསྡེབས་པས་གསལ་ལ་མི་གསལ་བར་གྱུར་བ་དང་རིམ་བཞིན་ཅི་ཡང་མི་ཐོས་པར་གྱུར་སོང་།

འབྲེལ་ཡོད་འོས་སྦྱོར།