ལྷ་སའི་ཁ་བྱང་གཅིག་པའི་སྙན་ངག་ལོ་མ་ལྗང་ཁུ་ཞེས་པའི་འགྲན་བསྡུར་དུ་བྱ་དགའ་ཐོབ་པའི་སྙན་ངག་བཅུ།
རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-09-26
ཀློག་གྲངས།:
ལོ་མ་ལྗང་ཁུ།༡
ཕུགས་རེ་འདྲ་བའི་ལོ་མ་ལྗང་ཁུ་དེ་ཡི་སླད
ངས་ཡོད་ཚད་རྒྱབ་བསྐྱུར་གྱིས་གཞན་ཡུལ་ན་མངོན་པར་ལྷགས
སོང་སོང་རྗེས
རྨི་ལམ་འདྲ་བའི་མི་ཚེ་འདིའི
ཉེར་གཅིག་གི་ཐེམ་སྐས་བརྒལ་ལ་ཉེ་ཡང
ད་བར་དུ་བདག་ལ་དམོད་མོ་བོར་བའི་རང་གཤིས་ཤིག་ལས་ཅི་ཡང་མི་རག
རྨོངས་གཉིད་ཀྱིས་གཟིར་བའི་སྐྱེ་བོ་ཚོ་ཞེས
ངས་གཏན་དུ་ཚང་མའི་སྒོ་གླེགས་བརྡུང
ཡིན་ནའང
སྔར་བཞིན་འབྲས་བུ་ཅི་ཡང་མ་ལོན
༢
དབྱར་གྱི་དཔལ་ཡོན་རྒྱས་བྱུང
མཛེས་སྡུག་ནི་སྒྱུ་རྩལ་པ་ཁོ་ནར་དབང་བ་བཞིན
གཞན་ཚོ་སྟོན་གྱི་འབྲས་བུ་ལ་རེ་འདུག
ལོ་མ་ལྗང་ཁུ་ཡང་དེ་བཞིན
ང་ཡང་དེ་བཞིན
༣
ངའི་ཕུགས་རེ་འདྲ་བའི་ལོ་མ་ལྗང་ཁུ
དུས་བཞི་ཡལ་རྗེས་ཕྱགས་མའི་རྡོག་རོལ་འོག་ཏུ་འཛུལ་འགྲོ
སྐྱེ་བོའི་རྐང་རྗེས་འོག་ཏུ་རྙིད་འགྲོ
ངས་སྔར་བཞིན་ལག་ཏུ་ཐོ་བ་བཟུང་གིན
སྨྲེ་ངག་ཁོ་ནས་རང་གི་ཕུགས་རེ་འདྲ་བའི་ལོ་མ་དེ་ཡི་སླད
དམོད་མོ་བོར
དམོད་མོ་བོར
༤
སུ་དང་གང་གིས་ཀྱང་རྟོགས་མི་སྲིད་པ་ནི
དམོད་མོ་ཁོ་ནའི་དབང་དུ་གྱུར་བའི་བདག་ལ
སྟོན་དུས་སུ་འབྲས་བུ་ཅི་ཡང་མ་ལོན
ལོ་མ་ལྗང་ཁུ
ངའི་ཕུགས་རེ་འདྲ་བའི་ལོ་མ་ལྗང་ཁུ
ཁྱེད་ཀྱིས་ང་རང་རྨག་མེད་དུ་བཅོམ་སོང
༥
ང་རང་རྒས་ཟིན་པའི་དེ་རིང
ངས་ཡོད་རྒུ་རང་ཉིད་ནས་མགོ་འཛུགས་དགོས་པ་རྟོགས་ལ
ངས་ཐམས་ཅད་རང་ཉིད་ལ་བརྟེན་དགོས་པའང་རྟོགས
དེ་བས
ངའི་ཕུགས་རེ་ནི་གཞན་གང་ཡང་མ་རེད
ཨ་མྱེས་ཀྱི་ལམ་བུ་སྐྱོང་རྒྱུ་དེ་རེད
ངའི་མ་འོངས་ནི་གཞན་ཅི་ཡང་མ་རེད
ཨ་མའི་རྨི་ལམ་སྒྲུབ་རྒྱུ་དེ་རེད
ཡིན་ནའང
ཡོད་ཚད་ཕྱིན་ཟིན
ལོ་མ་སྐམ་སོང
ང་རང་རྒས་སོང
༦
ཁྱེད་ཀྱིས་ནོངས་དང
ངའི་ལམ་ཁ་དངོས་དེ་ཅི་རེད
ང་ཚོའི་ཕུགས་རེ་དངོས་དེ་ཅི་རེད
ཁྲག་མ་རྒྱུད་གཙང་ཆབ་བསིལ་མ་ལ
གཟུགས་སྐྱེས་ཡག་ལོ་མ་ལྗང་ཁུ་འཁྲུངས
གསུང་དྲི་ཞིམ་ལྷག་བསམ་བདག་ལ་འཕྲེང
ཡིད་སྒོར་མོ་དྭངས་གསལ་མེ་ལོང་ལ
མང་རྩེ་བའི་ཟིལ་མངར་ཁྲུམ་ཁྲུམ་ཆགས
གཞུང་ཕྱི་ཐག་གོས་བཟང་ལྗང་ཁུ་ལ
བློ་འགྱུར་མེད་ཁྲ་ཐིག་རི་མོས་རྒྱན
སྒྲ་ཤོབ་ཤོབ་སེམས་གཏམ་དྲོ་མོ་ཡིས
སྙིང་དམར་ཆུང་དབུས་ནས་དྲོད་འཁོལ་འབར
ཁྲམ་གཡོ་མེད་གཤིས་འཇམ་ངང་རྒྱུད་ཀྱིས
ངའི་གཡོ་ཆུང་ཁོག་ལ་བདེ་སྣང་གཏེར
རོགས་དགའ་ལོ་ཤིང་བཟང་ལོ་མ་ཡིན
ང་རོགས་ཟླ་ཁུ་བྱུག་སྔོན་མོ་ཡིན
ཤིང་ལོ་མའི་ཁ་ཕྱོགས་ཁུ་བྱུག་བྱ
བྱ་ཁུ་བྱུག་གནས་ཚང་རྒྱ་རྫོང་ནགས
ཁྲོས་གར་སྟབས་ཤིང་དཀར་རྩེ་ནས་སྒྱུར
ངས་གསུང་དབྱངས་དྲུག་འགྱུར་ངག་ལ་བཀུག
གླུ་སྐོར་བྲོའི་བར་ནས་དུང་ཞན་རྒྱས
ངག་སྟངས་སྟབས་དབུས་ནས་རྩེ་མདངས་མཆོར
སེམས་བསམ་པ་གངས་དཀར་མེ་ཏོག་ཡིན
ལས་བཙན་པོའི་རླུང་གིས་མ་གཏོར་རོགས
དུས་དྲགས་པོས་རྒྱང་ཐག་མ་གཅོད་རོགས
རྐྱེན་བར་ཆད་མེད་པའི་སྨོན་ལམ་འདེབས
དཔྱིད་དུས་རྫི་ཡིས་རེག་པའི་བྱིལ་བྱིལ་གྱིས
དེ་ནི་ཤིན་ཏུ་ལྗང་བའི་ལོ་མ་ཡིན
དེ་ནི་ལྗང་ཁུའི་མདོག་གི་ཡོད་ཚད་ཡིན
གེལ་བ་གྱེན་དུ་འཕྱོ་བའི་སྟོབས་ཤུགས་ཀྱིས
དབྱར་གཞུང་ཚ་བ་རྒྱས་པའི་དྲོད་གཤེར་གྱིས
དེ་ནི་སྐྱེ་རྒྱ་མཐོ་བའི་ཚད་ཀྱི་མཐར་ཐུག་ཡིན
ཁ་དོག་ཅིག་ནི་མིག་གི་གསོས་སྨན་ཡིན
ཚོས་གཞི་ཞིག་ནི་ཐང་གི་བདུད་བརྩི་ཡིན
ཨ་དཀར་ས་རྡོའི་རྣམ་ཤེས་དགོས་པ་ཡང
ཡུལ་གྲུ་ལྗང་ཁུར་འཐིམ་པའི་དན་རྟགས་ཡིན
ནགས་ཚལ་འདི་ནི་གོ་ལའི་ཕྱུ་པ་ཡིན
ཚང་ཚིང་ཁམས་འདི་ས་ཡི་ལྕགས་རི་ཡིན
ཕྱི་དབུགས་གྲང་མོ་ནང་དུ་མ་ཤོར་བ
ཏག་ཏག་ལོ་མ་འཕྱུར་བའི་འབྲས་བུ་ཡིན
སྤོ་བོ་ཉི་མས་གནས་ལུགས་བེར་བེར་བཤད
སྤྲིན་གྱི་བུ་མོས་བསིལ་གྲིབ་ལྭ་བ་བསྐོན
སྐྱིན་ཐང་དགྲ་ཡིས་གཤེ་གཤེ་དྲག་ཏུ་བོར
ཟླ་བ་གཞོན་ནུས་སེམས་ཀྱི་རྨ་ཁ་གསོས
མཛེས་སྡུག་ཅེས་པ་སྙིང་པོ་རྡོག་དྲིལ་ཡིན
འཁོར་བའི་མི་རྣམས་མིག་ཟུང་སྐྲ་ཡིས་བཀབ
ནགས་ཚལ་དེ་ལ་འཁྲི་ཤིང་འཇོན་ཐང་ཅན
ལྗོན་པའི་སྟེང་དུ་ལོ་མ་མང་པོ་འདུག
ལོ་མ་རྒྱུན་དུ་གཡོ་བའི་རང་དབང་དུ
ཁ་དོག་རྟག་ཏུ་འཚེར་བའི་ལང་ཚོ་གང
འཇིག་རྟེན་འདི་ན་ཆོས་ཉིད་བཙན་པོ་ཞིག
ཀུན་ལྡན་འཐེན་ཤུགས་ཟེར་བའི་ཆོས་ཉིད་ཅིག
ཁྱོད་ཀྱི་རྨི་ལམ་འབྲི་བའི་གཏོང་ཕོད་ལ
རང་གཟུགས་རྙིང་དུ་དོར་བའི་ཧོལ་རྒྱུགས་ཡོད
འདི་ནི་ཤིན་ཏུ་སེར་བའི་ལོ་མ་ཡིན
འདི་ནི་གསེར་ལས་སེར་བའི་ངོ་བོ་ཡིན
ཕུགས་རེ་འདྲ་བའི་ལོ་མ་ལྗང་ཁུ་དེ་ཡི་སླད
ངས་ཡོད་ཚད་རྒྱབ་བསྐྱུར་གྱིས་གཞན་ཡུལ་ན་མངོན་པར་ལྷགས
སོང་སོང་རྗེས
རྨི་ལམ་འདྲ་བའི་མི་ཚེ་འདིའི
ཉེར་གཅིག་གི་ཐེམ་སྐས་བརྒལ་ལ་ཉེ་ཡང
ད་བར་དུ་བདག་ལ་དམོད་མོ་བོར་བའི་རང་གཤིས་ཤིག་ལས་ཅི་ཡང་མི་རག
རྨོངས་གཉིད་ཀྱིས་གཟིར་བའི་སྐྱེ་བོ་ཚོ་ཞེས
ངས་གཏན་དུ་ཚང་མའི་སྒོ་གླེགས་བརྡུང
ཡིན་ནའང
སྔར་བཞིན་འབྲས་བུ་ཅི་ཡང་མ་ལོན
༢
དབྱར་གྱི་དཔལ་ཡོན་རྒྱས་བྱུང
མཛེས་སྡུག་ནི་སྒྱུ་རྩལ་པ་ཁོ་ནར་དབང་བ་བཞིན
གཞན་ཚོ་སྟོན་གྱི་འབྲས་བུ་ལ་རེ་འདུག
ལོ་མ་ལྗང་ཁུ་ཡང་དེ་བཞིན
ང་ཡང་དེ་བཞིན
༣
ངའི་ཕུགས་རེ་འདྲ་བའི་ལོ་མ་ལྗང་ཁུ
དུས་བཞི་ཡལ་རྗེས་ཕྱགས་མའི་རྡོག་རོལ་འོག་ཏུ་འཛུལ་འགྲོ
སྐྱེ་བོའི་རྐང་རྗེས་འོག་ཏུ་རྙིད་འགྲོ
ངས་སྔར་བཞིན་ལག་ཏུ་ཐོ་བ་བཟུང་གིན
སྨྲེ་ངག་ཁོ་ནས་རང་གི་ཕུགས་རེ་འདྲ་བའི་ལོ་མ་དེ་ཡི་སླད
དམོད་མོ་བོར
དམོད་མོ་བོར
༤
སུ་དང་གང་གིས་ཀྱང་རྟོགས་མི་སྲིད་པ་ནི
དམོད་མོ་ཁོ་ནའི་དབང་དུ་གྱུར་བའི་བདག་ལ
སྟོན་དུས་སུ་འབྲས་བུ་ཅི་ཡང་མ་ལོན
ལོ་མ་ལྗང་ཁུ
ངའི་ཕུགས་རེ་འདྲ་བའི་ལོ་མ་ལྗང་ཁུ
ཁྱེད་ཀྱིས་ང་རང་རྨག་མེད་དུ་བཅོམ་སོང
༥
ང་རང་རྒས་ཟིན་པའི་དེ་རིང
ངས་ཡོད་རྒུ་རང་ཉིད་ནས་མགོ་འཛུགས་དགོས་པ་རྟོགས་ལ
ངས་ཐམས་ཅད་རང་ཉིད་ལ་བརྟེན་དགོས་པའང་རྟོགས
དེ་བས
ངའི་ཕུགས་རེ་ནི་གཞན་གང་ཡང་མ་རེད
ཨ་མྱེས་ཀྱི་ལམ་བུ་སྐྱོང་རྒྱུ་དེ་རེད
ངའི་མ་འོངས་ནི་གཞན་ཅི་ཡང་མ་རེད
ཨ་མའི་རྨི་ལམ་སྒྲུབ་རྒྱུ་དེ་རེད
ཡིན་ནའང
ཡོད་ཚད་ཕྱིན་ཟིན
ལོ་མ་སྐམ་སོང
ང་རང་རྒས་སོང
༦
ཁྱེད་ཀྱིས་ནོངས་དང
ངའི་ལམ་ཁ་དངོས་དེ་ཅི་རེད
ང་ཚོའི་ཕུགས་རེ་དངོས་དེ་ཅི་རེད
བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང2010ལོའི་བོད་དགེ་འོས་འཛིན་གྲྭ2། རྒྱ་ལོད།(བྱ་དགའ་ཨང་གསུམ་པ་ཐོབ)
ལོ་མ་ལྗང་ཁུ།
རུས་ཕ་རྒྱུད་རྩན་དན་སྡོང་པོ་དངཁྲག་མ་རྒྱུད་གཙང་ཆབ་བསིལ་མ་ལ
གཟུགས་སྐྱེས་ཡག་ལོ་མ་ལྗང་ཁུ་འཁྲུངས
གསུང་དྲི་ཞིམ་ལྷག་བསམ་བདག་ལ་འཕྲེང
ཡིད་སྒོར་མོ་དྭངས་གསལ་མེ་ལོང་ལ
མང་རྩེ་བའི་ཟིལ་མངར་ཁྲུམ་ཁྲུམ་ཆགས
གཞུང་ཕྱི་ཐག་གོས་བཟང་ལྗང་ཁུ་ལ
བློ་འགྱུར་མེད་ཁྲ་ཐིག་རི་མོས་རྒྱན
སྒྲ་ཤོབ་ཤོབ་སེམས་གཏམ་དྲོ་མོ་ཡིས
སྙིང་དམར་ཆུང་དབུས་ནས་དྲོད་འཁོལ་འབར
ཁྲམ་གཡོ་མེད་གཤིས་འཇམ་ངང་རྒྱུད་ཀྱིས
ངའི་གཡོ་ཆུང་ཁོག་ལ་བདེ་སྣང་གཏེར
རོགས་དགའ་ལོ་ཤིང་བཟང་ལོ་མ་ཡིན
ང་རོགས་ཟླ་ཁུ་བྱུག་སྔོན་མོ་ཡིན
ཤིང་ལོ་མའི་ཁ་ཕྱོགས་ཁུ་བྱུག་བྱ
བྱ་ཁུ་བྱུག་གནས་ཚང་རྒྱ་རྫོང་ནགས
ཁྲོས་གར་སྟབས་ཤིང་དཀར་རྩེ་ནས་སྒྱུར
ངས་གསུང་དབྱངས་དྲུག་འགྱུར་ངག་ལ་བཀུག
གླུ་སྐོར་བྲོའི་བར་ནས་དུང་ཞན་རྒྱས
ངག་སྟངས་སྟབས་དབུས་ནས་རྩེ་མདངས་མཆོར
སེམས་བསམ་པ་གངས་དཀར་མེ་ཏོག་ཡིན
ལས་བཙན་པོའི་རླུང་གིས་མ་གཏོར་རོགས
དུས་དྲགས་པོས་རྒྱང་ཐག་མ་གཅོད་རོགས
རྐྱེན་བར་ཆད་མེད་པའི་སྨོན་ལམ་འདེབས
བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་བཟོ་བསྐྲུན་ཚན་ཁག2012ལོའི་ལག་རྩལ་འཛིན་གྲྭ1། བཀྲ་ཤེས།(བྱ་དགའ་ཨང་གསུམ་པ་ཐོབ)
ལོ་མ་ལྗང་ཁུ།
རྩད་པ་ནེམ་གྱིས་བཟུང་བའི་བཞའ་རླན་གྱིསདཔྱིད་དུས་རྫི་ཡིས་རེག་པའི་བྱིལ་བྱིལ་གྱིས
དེ་ནི་ཤིན་ཏུ་ལྗང་བའི་ལོ་མ་ཡིན
དེ་ནི་ལྗང་ཁུའི་མདོག་གི་ཡོད་ཚད་ཡིན
གེལ་བ་གྱེན་དུ་འཕྱོ་བའི་སྟོབས་ཤུགས་ཀྱིས
དབྱར་གཞུང་ཚ་བ་རྒྱས་པའི་དྲོད་གཤེར་གྱིས
དེ་ནི་སྐྱེ་རྒྱ་མཐོ་བའི་ཚད་ཀྱི་མཐར་ཐུག་ཡིན
ཁ་དོག་ཅིག་ནི་མིག་གི་གསོས་སྨན་ཡིན
ཚོས་གཞི་ཞིག་ནི་ཐང་གི་བདུད་བརྩི་ཡིན
ཨ་དཀར་ས་རྡོའི་རྣམ་ཤེས་དགོས་པ་ཡང
ཡུལ་གྲུ་ལྗང་ཁུར་འཐིམ་པའི་དན་རྟགས་ཡིན
ནགས་ཚལ་འདི་ནི་གོ་ལའི་ཕྱུ་པ་ཡིན
ཚང་ཚིང་ཁམས་འདི་ས་ཡི་ལྕགས་རི་ཡིན
ཕྱི་དབུགས་གྲང་མོ་ནང་དུ་མ་ཤོར་བ
ཏག་ཏག་ལོ་མ་འཕྱུར་བའི་འབྲས་བུ་ཡིན
སྤོ་བོ་ཉི་མས་གནས་ལུགས་བེར་བེར་བཤད
སྤྲིན་གྱི་བུ་མོས་བསིལ་གྲིབ་ལྭ་བ་བསྐོན
སྐྱིན་ཐང་དགྲ་ཡིས་གཤེ་གཤེ་དྲག་ཏུ་བོར
ཟླ་བ་གཞོན་ནུས་སེམས་ཀྱི་རྨ་ཁ་གསོས
མཛེས་སྡུག་ཅེས་པ་སྙིང་པོ་རྡོག་དྲིལ་ཡིན
འཁོར་བའི་མི་རྣམས་མིག་ཟུང་སྐྲ་ཡིས་བཀབ
ནགས་ཚལ་དེ་ལ་འཁྲི་ཤིང་འཇོན་ཐང་ཅན
ལྗོན་པའི་སྟེང་དུ་ལོ་མ་མང་པོ་འདུག
ལོ་མ་རྒྱུན་དུ་གཡོ་བའི་རང་དབང་དུ
ཁ་དོག་རྟག་ཏུ་འཚེར་བའི་ལང་ཚོ་གང
འཇིག་རྟེན་འདི་ན་ཆོས་ཉིད་བཙན་པོ་ཞིག
ཀུན་ལྡན་འཐེན་ཤུགས་ཟེར་བའི་ཆོས་ཉིད་ཅིག
ཁྱོད་ཀྱི་རྨི་ལམ་འབྲི་བའི་གཏོང་ཕོད་ལ
རང་གཟུགས་རྙིང་དུ་དོར་བའི་ཧོལ་རྒྱུགས་ཡོད
འདི་ནི་ཤིན་ཏུ་སེར་བའི་ལོ་མ་ཡིན
འདི་ནི་གསེར་ལས་སེར་བའི་ངོ་བོ་ཡིན
བོད་ལྗོངས་གསོ་རིགས་སློབ་གླིང2011ལོའི་སྨན་པའི་འཛིན་གྲྭ2། ལྕགས་འབུམ་རྒྱལ།(བྱ་དགའ་ཨང་གསུམ་པ་ཐོབ)
འབྲེལ་ཡོད་འོས་སྦྱོར།