ལྷ་སའི་ཁ་བྱང་གཅིག་པའི་སྙན་ངག་ལོ་མ་ལྗང་ཁུ་ཞེས་པའི་འགྲན་བསྡུར་དུ་བྱ་དགའ་ཐོབ་པའི་སྙན་ངག་བཅུ།
རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-09-26
ཀློག་གྲངས།:
ལོ་མ་ལྗང་ཁུ།མཚན་མོ
འཇིག་རྟེན་འདིར་ཞེན་ཆགས་ཡུལ་གྱི་ཁུག་སོ་ཉག་ཅིག
ང་མུན་ནག་ལ་དགའ་བ་མིན
ཁྱེད་རང་ཟླ་འོད་བཞིན་སྒེའུ་ཁུང་ནང་ན་མཛེས་པ་ཁོ་ནས
བསིལ་ཟེར་གྱི་ལོ་མ་ལྗང་ཁུ་དལ་བུར་སྒུལ
དམར་ཆུང་སེམསཔ་གཉིས་ཀྱི་འཕར་ལྡིང་རེད
ཟླ་འོད་དང་སྒེའུ་ཡི་གསང་གཏམ་རེད
ལོ་མ་ལྗང་ཁུ
ཆར་རླུང་གི་འདར་མྱོང་ཉི་མས་གས་མྱོང
ལྷིང་འཇགས་ཀྱི་ཁུག་སོ་དེ་ཁོ་ན་ཙམ
ལོ་མ་འཇིགས་མ་མྱོང་ང་རང་སྐྲག་མ་མྱོང
ལོ་མ་ལྗང་ཁུ།
ངའི་རྨི་ལམ་གྱི་སྡོང་པོར་མཛེས་རྒྱན་སྤྲས
བཟི་ཁ་རྒོད་པའི་ངའི་མིག་ཆུ་མངར་མོས
ཁྱེད་ཀྱི་སང་ཉིན་གྱི་སྒོ་གླེགས་གྲགས
སྡོང་པོ་ཁྱེར་རྐྱང་དུ་ལུས་དུས
ལོ་མ་རླུང་གྱི་འཁུར་དུས་རེད་ལ
ཁྱེད་ཀྱི་སྒོ་གླེགས་འཇགས་དུས
ངའི་མིག་ཆུ་ནས་བསྐམ་ཟིན་དུས་རེད
ང་ནི་མཐོན་མཐིང་ནམ་མཁའི་དབྱིངས་ལས་གཏོར་བའི་ཟེའུ་འབྲུ་ཡིན
ང་ནི་དབྱར་གསུམ་མཛེས་རྒྱན་སྤྲོད་པའི་བར་ཡུལ་བག་མ་ཡིན
ང་ནི་རྟ་ནོར་ལུག་གསུམ་ཤ་ཤེད་རྒྱས་སའི་ཕ་ས་ཡིན
ང་ནི་དཔྱིད་ཀྱི་དཔལ་ཡོན་མངའ་ལས་སྦྲུམ་པའི་མུ་ཏིག་ཡིན
ང་ནི་ཆར་ལྡན་དུས་ཀྱི་ནོར་འཛིན་བུ་མོའི་མཛེས་རྒྱན་ཡིན
ང་ནི་སྟོན་འདིར་སེར་པོའི་ན་བཟའ་བཀླུབས་པའི་རྣལ་འབྱོར་ཡིན
ང་ནི་དགུན་གྱི་གྲང་རེག་དགུང་ལས་རྒྱལ་བའི་གེ་སར་ཡིན
ང་ནི་གཉིས་སྐྱེས་ཚོགས་རྣམས་བདེ་བར་རོལ་བའི་སྤང་ལྗོངས་ཡིན
ང་ནི་གཞོན་ནུ་ཕོ་མོ་བརྩེ་དུང་གླེང་སའི་སྡིངས་ཆ་ཡིན
ང་ནི་སྙན་ངག་མཁན་གྱི་པིར་གྱི་བློ་ཁ་བསྒྱུར་ས་ཡིན
ང་ནི་གར་སྟེགས་གླུ་བས་བསྟོད་པ་ཕུལ་སའི་སུམ་རྩེན་གནས
རང་ཉིད་ངུ་སྒྲ་དང་བཅས་ཏེ་འཇིག་རྟེན་དུ་འབྱོར
ཉིན་དེ་ནས་བཟུང
ཐུང་ལ་ཉེ་བའི་མི་ཚེའི་འགྲུལ་བཞུད་འགོ་ཚུགས་བཞིན
རང་དབང་གི་གོམ་པ་དང་པོ་མདུན་ངོས་སུ་སྤོས
ནོར་གནག་གི་སུག་རྗེས་བཞག་ཡུལ་དུ
ངས་སྐར་ཚོགས་ཤིག་གི་རྗེས་སྙེགས་པས
ལོ་མ་ལྗང་ཁུས་བདག་ལ་འོད་ཟེར་སྦྱིན
སྤྲིན་དཀར་གྱི་འཕྲོ་འགྲོས་དང་བསྟུན་ནས
ང་རྒྱལ་གྱི་ཁེངས་གླུ་གྱེར
དཀའ་སྤྱད་ཀྱི་ཕ་བོང་བརྟོལ
ལོ་ཟླ་ཡི་ཕྲེང་བ་འདྲེན
ང་ཚོའི་རྐང་འོག་གི་ལམ་ཆུང
ཀྱག་ཀྱོག་སྣེ་མེད་དུ་སྣང་རུང
ལོ་ལྗང་གི་མཛུབ་ཁྲིད་ཞུན་མས
སྣེ་ཤན་གྱི་དར་སྣེ་བསྣམས་ཏེ
ཟླ་འོད་ཀྱི་གསེབ་ལ་སྐུལ་བཞིན
འོད་ཟེར་གྱི་ལམ་གསར་བསྐྲུན་བྱུང
ང་རང་ཁྱེད་ཀྱི་མཛེས་སྡུག་ལ་དུངས་པའི་དབང་གིས
དུས་རྟག་ཏུ་ཁྱེད་ཀྱི་སུག་རྗེས་དེད་ནས
བདེན་རྟགས་ཀྱི་དཔང་པོ་འཚོལ
བྲག་སྲིན་གྱི་གཏམ་རྒྱུད་ཉན
རེ་བ་ཡི་སོན་རྩ་འཛུགས་བཞིན
ལང་ཚོ་ཡི་འཇོ་སྒེག་ངོམས
ལོ་མ་ལྗང་ཁུ ཁྱེད་ཡག་བྱུང
ད་ཆ་ངས་རུ་ལྟར་བསྒྲིགས་པའི་མཁའ་དབྱིངས་ཀྱི་ཁྲུང་ཁྲུང་རིག་དུས
ངས་ཀྱང་ལྷན་དུ་རྒྱང་རིང་འདིར་འཕུར་ཆོག་ལ
སྔོན་ཐོན་གྱི་ལམ་སྣེ་ཡང་བཤགས་ཆོག
འདི་ནི་སྒེར་སེམས་ཀྱིས་དབེན་པའི་ལོ་མ་ལྗང་ཁུ་ཁྱེད་ཀྱི་བཀའ་དྲིན་ཡིན།
ངའི་ཟུངས་ཁྲག་རྒྱས་ཡུལ་ཕ་ས་སྨུག་པོ་འདིར།
དབུགས་རྒྱུན་རིམ་བཞིན་ཆད་ལ་ཉེ་དུས།
ཐེ་ཚོམ་དར་ལྕེ་དང་འདྲ་བའི་སེམས་རྩ་འདིར།
དྲན་པ་ནི་ལྷག་བསམ་གྱི་ལོ་མ་ལྗང་ཁུ།
ལོ་མ་ལྗང་ཁུ།
ལྔ་རིག་གནས་ལ་མཁྱེན་རྒྱ་སྔོ་བསང་མ།
འཆ༵ད་པའི་ཕྱོགས་ལ་ཀུན་གྲགས་དབྱར་སྐྱེས་རྔ།
རྩོད་པའི་གནས་ལ་དྲག་ཆར་གློག་དམར་ཁྱུག
རྩོམ༵་ལ་དབྱེར་མེད་དབྱར་གྱི་ཆུ་མོའི་རྒྱུན།
ང་ནི་ལྗོན་ཤིང་ལལ་བརྟེན་ནས་འཚོ་གནས་བྱེད་པ་དང་། ཉལ་འགྲོ་བུ་མོའི་རོ་བཅུད་ཀྱི་མངར་ཁས་གསོས་ཏེ་མཚར་ལོངས་དང་འཚོ་བསྡོད་ཀྱིས་ལམ་གསར་གཏོད་མཁན་གྱི་ལོ་མ་ལྗང་ཁུ་ཞིག་ཡིན།
ངའི་ལུས་ཕུང་ནི་ཧ་ཅང་ཕྲ་ལེབ་ཆུང་ཡང་། ངའི་སྟོབས་ཤུགས་ནི་དེ་འདྲའི་ཉམས་ཐག་པ་ཞིག་རྩ་བ་ནས་མ་ཡིན། ངའི་འཚོ་བར་བདེ་སྐྱིད་ཀྱི་མངར་ཁ་ཡོད་ལ། མཐའ་ན་སྡུག་བསྔལ་གྱི་རྨ་ཁ་མང་པོ་ཞིག་ཀྱང་བཟོད་མྱོང་།
གང་ལྟར་ཡང་། དབྱར་གཞུང་གི་དུས་ཚིགས་འདིར་ངས་ནམ་ཡང་མི་ཡལ་བར་སྐྱེ་འགྲོ་སྲོག་ཆགས་དང་། འཇིག་རྟེན་འདིར་གསར་སྐྱེས་ཀྱི་བློ་ཁ་རྫོགས་མེད་དུ་འབྱིན་ཞིང་ནག་གནོག་གི་དྲི་མ་དང་བྲལ་ཏེ་སྐལ་ལྡན་གྱི་བུང་བ་རྣམས་ལ་ལྗང་གཞོན་གྱི་སྡོད་གནས་སྦྱིན་སྲིད། འདི་ནི་ངའི་འོས་འགན་ཡིན།
གང་ལྟར་ཡང་ངས་གཞན་མང་པོ་ཞིག་ལ་ཕོག་ཐུག་དང་ཕམ་ཁ་སྤྲོད་སྲིད་ལ། ལྷག་བསམ་དང་འོད་ཟེར་འཕྲོ་བས་གཞན་ཕན་བྱ་བཞག་ཆེད་དུ་ཚོན་མདོག་ཀྱང་སྐྱ་བོར་འགྱུར་ཏེ། མཐའ་ན་ཚེ་མཇུག་གི་དབང་ཐང་ཉམས་ཏེ། ཐལ་རྡུལ་ཞིག་ཏུ་འགྱུར་སྲིད་ཡང་། ངར་ལྡན་པ་ནི་གཟི་བརྗིད་དང་འོད་སྣང་གི་བཀྲགས་མདངས་ལས་གཞན་མ་མཆིས། འོད་ནི་ངའི་མི་ཚེ་ཡིན་སྲིད། ལོ་མ་ལྗང་ཁུ།
འཇིག་རྟེན་འདིར་ཞེན་ཆགས་ཡུལ་གྱི་ཁུག་སོ་ཉག་ཅིག
ང་མུན་ནག་ལ་དགའ་བ་མིན
ཁྱེད་རང་ཟླ་འོད་བཞིན་སྒེའུ་ཁུང་ནང་ན་མཛེས་པ་ཁོ་ནས
བསིལ་ཟེར་གྱི་ལོ་མ་ལྗང་ཁུ་དལ་བུར་སྒུལ
དམར་ཆུང་སེམསཔ་གཉིས་ཀྱི་འཕར་ལྡིང་རེད
ཟླ་འོད་དང་སྒེའུ་ཡི་གསང་གཏམ་རེད
ལོ་མ་ལྗང་ཁུ
ཆར་རླུང་གི་འདར་མྱོང་ཉི་མས་གས་མྱོང
ལྷིང་འཇགས་ཀྱི་ཁུག་སོ་དེ་ཁོ་ན་ཙམ
ལོ་མ་འཇིགས་མ་མྱོང་ང་རང་སྐྲག་མ་མྱོང
ལོ་མ་ལྗང་ཁུ།
ངའི་རྨི་ལམ་གྱི་སྡོང་པོར་མཛེས་རྒྱན་སྤྲས
བཟི་ཁ་རྒོད་པའི་ངའི་མིག་ཆུ་མངར་མོས
ཁྱེད་ཀྱི་སང་ཉིན་གྱི་སྒོ་གླེགས་གྲགས
སྡོང་པོ་ཁྱེར་རྐྱང་དུ་ལུས་དུས
ལོ་མ་རླུང་གྱི་འཁུར་དུས་རེད་ལ
ཁྱེད་ཀྱི་སྒོ་གླེགས་འཇགས་དུས
ངའི་མིག་ཆུ་ནས་བསྐམ་ཟིན་དུས་རེད
ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི2011ལོའི་བོད་ཆེད1། བྱམས་པ།(སྐུལ་ལྕགས་བྱ་དགའ་ཐོབ)
ལོ་མ་ལྗང་ཁུ།
ང་ནི་དབྱིག་འཛིན་ས་ཡི་གཏེར་ལས་འཁྲུངས་པའི་རིན་ཆེན་ཡིནང་ནི་མཐོན་མཐིང་ནམ་མཁའི་དབྱིངས་ལས་གཏོར་བའི་ཟེའུ་འབྲུ་ཡིན
ང་ནི་དབྱར་གསུམ་མཛེས་རྒྱན་སྤྲོད་པའི་བར་ཡུལ་བག་མ་ཡིན
ང་ནི་རྟ་ནོར་ལུག་གསུམ་ཤ་ཤེད་རྒྱས་སའི་ཕ་ས་ཡིན
ང་ནི་དཔྱིད་ཀྱི་དཔལ་ཡོན་མངའ་ལས་སྦྲུམ་པའི་མུ་ཏིག་ཡིན
ང་ནི་ཆར་ལྡན་དུས་ཀྱི་ནོར་འཛིན་བུ་མོའི་མཛེས་རྒྱན་ཡིན
ང་ནི་སྟོན་འདིར་སེར་པོའི་ན་བཟའ་བཀླུབས་པའི་རྣལ་འབྱོར་ཡིན
ང་ནི་དགུན་གྱི་གྲང་རེག་དགུང་ལས་རྒྱལ་བའི་གེ་སར་ཡིན
ང་ནི་གཉིས་སྐྱེས་ཚོགས་རྣམས་བདེ་བར་རོལ་བའི་སྤང་ལྗོངས་ཡིན
ང་ནི་གཞོན་ནུ་ཕོ་མོ་བརྩེ་དུང་གླེང་སའི་སྡིངས་ཆ་ཡིན
ང་ནི་སྙན་ངག་མཁན་གྱི་པིར་གྱི་བློ་ཁ་བསྒྱུར་ས་ཡིན
ང་ནི་གར་སྟེགས་གླུ་བས་བསྟོད་པ་ཕུལ་སའི་སུམ་རྩེན་གནས
བོད་ལྗོངས་སློབ་ཆེན་རང་བྱུང་རིག་པའི་སློབ་གླིང2011ལོའི་རྫས་འགྱུར་འཛིན་གྲྭ ཟླ་བ།(སྐུལ་ལྕགས་བྱ་དགའ་ཐོབ)
ལོ་མ་ལྗང་ཁུ།
སྙིང་ཁར་ཙག་ཤད་རྒྱག་པའི་སྨྲེ་ངག་རིང་པོ་ཞིག་གི་ཁྲོད་ནསརང་ཉིད་ངུ་སྒྲ་དང་བཅས་ཏེ་འཇིག་རྟེན་དུ་འབྱོར
ཉིན་དེ་ནས་བཟུང
ཐུང་ལ་ཉེ་བའི་མི་ཚེའི་འགྲུལ་བཞུད་འགོ་ཚུགས་བཞིན
རང་དབང་གི་གོམ་པ་དང་པོ་མདུན་ངོས་སུ་སྤོས
ནོར་གནག་གི་སུག་རྗེས་བཞག་ཡུལ་དུ
ངས་སྐར་ཚོགས་ཤིག་གི་རྗེས་སྙེགས་པས
ལོ་མ་ལྗང་ཁུས་བདག་ལ་འོད་ཟེར་སྦྱིན
སྤྲིན་དཀར་གྱི་འཕྲོ་འགྲོས་དང་བསྟུན་ནས
ང་རྒྱལ་གྱི་ཁེངས་གླུ་གྱེར
དཀའ་སྤྱད་ཀྱི་ཕ་བོང་བརྟོལ
ལོ་ཟླ་ཡི་ཕྲེང་བ་འདྲེན
ང་ཚོའི་རྐང་འོག་གི་ལམ་ཆུང
ཀྱག་ཀྱོག་སྣེ་མེད་དུ་སྣང་རུང
ལོ་ལྗང་གི་མཛུབ་ཁྲིད་ཞུན་མས
སྣེ་ཤན་གྱི་དར་སྣེ་བསྣམས་ཏེ
ཟླ་འོད་ཀྱི་གསེབ་ལ་སྐུལ་བཞིན
འོད་ཟེར་གྱི་ལམ་གསར་བསྐྲུན་བྱུང
ང་རང་ཁྱེད་ཀྱི་མཛེས་སྡུག་ལ་དུངས་པའི་དབང་གིས
དུས་རྟག་ཏུ་ཁྱེད་ཀྱི་སུག་རྗེས་དེད་ནས
བདེན་རྟགས་ཀྱི་དཔང་པོ་འཚོལ
བྲག་སྲིན་གྱི་གཏམ་རྒྱུད་ཉན
རེ་བ་ཡི་སོན་རྩ་འཛུགས་བཞིན
ལང་ཚོ་ཡི་འཇོ་སྒེག་ངོམས
ལོ་མ་ལྗང་ཁུ ཁྱེད་ཡག་བྱུང
ད་ཆ་ངས་རུ་ལྟར་བསྒྲིགས་པའི་མཁའ་དབྱིངས་ཀྱི་ཁྲུང་ཁྲུང་རིག་དུས
ངས་ཀྱང་ལྷན་དུ་རྒྱང་རིང་འདིར་འཕུར་ཆོག་ལ
སྔོན་ཐོན་གྱི་ལམ་སྣེ་ཡང་བཤགས་ཆོག
འདི་ནི་སྒེར་སེམས་ཀྱིས་དབེན་པའི་ལོ་མ་ལྗང་ཁུ་ཁྱེད་ཀྱི་བཀའ་དྲིན་ཡིན།
ངའི་ཟུངས་ཁྲག་རྒྱས་ཡུལ་ཕ་ས་སྨུག་པོ་འདིར།
དབུགས་རྒྱུན་རིམ་བཞིན་ཆད་ལ་ཉེ་དུས།
ཐེ་ཚོམ་དར་ལྕེ་དང་འདྲ་བའི་སེམས་རྩ་འདིར།
དྲན་པ་ནི་ལྷག་བསམ་གྱི་ལོ་མ་ལྗང་ཁུ།
ལོ་མ་ལྗང་ཁུ།
ལྔ་རིག་གནས་ལ་མཁྱེན་རྒྱ་སྔོ་བསང་མ།
འཆ༵ད་པའི་ཕྱོགས་ལ་ཀུན་གྲགས་དབྱར་སྐྱེས་རྔ།
རྩོད་པའི་གནས་ལ་དྲག་ཆར་གློག་དམར་ཁྱུག
རྩོམ༵་ལ་དབྱེར་མེད་དབྱར་གྱི་ཆུ་མོའི་རྒྱུན།
ལྷ་སའི་དགེ་འོས་སློབ་གྲྭ2011ལོའི་བོད་ཆེད1། སྤེན་དོན།(སྐུལ་ལྕགས་བྱ་དགའ་ཐོབ)
ལོ་མ་ལྗང་ཁུ།
ང་ནི་དབྱར་གཞུང་དུ་བཞད་པའི་ལོ་མ་ལྗང་ཁུ་ཞིག་ཡིན། དེ་བས་ན་ང་ལ་དུས་འཐུང་གི་འཚོ་བ་ལྡན་ཞིང་། མགྱོགས་མྱུར་ངང་ས་ཐོག་དེ་ངའི་དུར་ས་རུ་འགྱུར་ངེས་རེད། འདི་ནི་ངའི་ལས་དབང་ཡིན་སྲིད།ང་ནི་ལྗོན་ཤིང་ལལ་བརྟེན་ནས་འཚོ་གནས་བྱེད་པ་དང་། ཉལ་འགྲོ་བུ་མོའི་རོ་བཅུད་ཀྱི་མངར་ཁས་གསོས་ཏེ་མཚར་ལོངས་དང་འཚོ་བསྡོད་ཀྱིས་ལམ་གསར་གཏོད་མཁན་གྱི་ལོ་མ་ལྗང་ཁུ་ཞིག་ཡིན།
ངའི་ལུས་ཕུང་ནི་ཧ་ཅང་ཕྲ་ལེབ་ཆུང་ཡང་། ངའི་སྟོབས་ཤུགས་ནི་དེ་འདྲའི་ཉམས་ཐག་པ་ཞིག་རྩ་བ་ནས་མ་ཡིན། ངའི་འཚོ་བར་བདེ་སྐྱིད་ཀྱི་མངར་ཁ་ཡོད་ལ། མཐའ་ན་སྡུག་བསྔལ་གྱི་རྨ་ཁ་མང་པོ་ཞིག་ཀྱང་བཟོད་མྱོང་།
གང་ལྟར་ཡང་། དབྱར་གཞུང་གི་དུས་ཚིགས་འདིར་ངས་ནམ་ཡང་མི་ཡལ་བར་སྐྱེ་འགྲོ་སྲོག་ཆགས་དང་། འཇིག་རྟེན་འདིར་གསར་སྐྱེས་ཀྱི་བློ་ཁ་རྫོགས་མེད་དུ་འབྱིན་ཞིང་ནག་གནོག་གི་དྲི་མ་དང་བྲལ་ཏེ་སྐལ་ལྡན་གྱི་བུང་བ་རྣམས་ལ་ལྗང་གཞོན་གྱི་སྡོད་གནས་སྦྱིན་སྲིད། འདི་ནི་ངའི་འོས་འགན་ཡིན།
གང་ལྟར་ཡང་ངས་གཞན་མང་པོ་ཞིག་ལ་ཕོག་ཐུག་དང་ཕམ་ཁ་སྤྲོད་སྲིད་ལ། ལྷག་བསམ་དང་འོད་ཟེར་འཕྲོ་བས་གཞན་ཕན་བྱ་བཞག་ཆེད་དུ་ཚོན་མདོག་ཀྱང་སྐྱ་བོར་འགྱུར་ཏེ། མཐའ་ན་ཚེ་མཇུག་གི་དབང་ཐང་ཉམས་ཏེ། ཐལ་རྡུལ་ཞིག་ཏུ་འགྱུར་སྲིད་ཡང་། ངར་ལྡན་པ་ནི་གཟི་བརྗིད་དང་འོད་སྣང་གི་བཀྲགས་མདངས་ལས་གཞན་མ་མཆིས། འོད་ནི་ངའི་མི་ཚེ་ཡིན་སྲིད། ལོ་མ་ལྗང་ཁུ།
ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི2012ལོའི་བོད་ཆེད2། གསབ་བུ་རྡོ་རྗེ།(སྐུལ་ལྕགས་བྱ་དགའ་ཐོབ)
འབྲེལ་ཡོད་འོས་སྦྱོར།