གནས་མཆོག་ཁ་བ་དཀར་པོ།
ངག་རྒྱུན་ལྟར་ན། ཁ་བ་དཀར་པོ་དང་ཐོག་བཀའ་བརྒྱུད་པའི་བསྟན་སྲུང་ཞིག་ཡིན་པ་དང་། ཡོན་རྒྱལ་རབས་ཀྱི་དུས་སུ་ཀརྨ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེ(སྤྱི་ལོ་༡༢༨༤-༡༣༣༩)དངོས་སུ་གནས་དེར་ཕེབས་ཤིང་ཁ་བ་དཀར་པོར་རབ་གནས་མཛད་པ་ནས་བཟུང་གནས་མཆོག་དེ་བཀའ་བརྒྱུད་པའི་སྒྲུབ་གནས་སུ་གྱུར་པར་བཤད། ཡང《གླིང་གེ་སར་རྒྱལ་པོའི་སྒྲུང-རྒྱ་གླིང》དུ་ཁ་བ་དཀར་པོའི་རི་ནི་སྔོན་ཆད་གསང་བདག་གི་གནས་དང་། སློབ་དཔོན་པད་འབྱུང་གི་ཆོས་གཏེར་བདག་གཉེར་བྱེད་མཁན་གྱི་ལྷ་ཞིག་ཀྱང་ཡིན་པར་བརྗོད། གེ་སར་རྒྱལ་པོས་དམ་ལ་བཏགས་ཏེ་དགེ་བསྙེན་གྱི་སྡོམ་པ་བསྐུར་བ་ནས་བཟུང་བསྟན་སྲུང་དུ་གྱུར་ཟེར། གནས་དེའི་ལྷ་ཁང་ཞིག་ཏུ་སྟོན་པ་ཤྰཀྱ་ཐུབ་པའི་འབག་སྐུའི་གཡོན་ཕྱོགས་སུ་ཁ་བ་དཀར་པོ་བཅིབས་རྟ་དཀར་པོ་ཞིག་ལ་བཅིབས་པ་དང་། ཕྱག་ཏུ་མདུང་རིང་ཐོགས་པའི་གཞི་བདག་ཅིག་གི་ཚུལ་དུ་བཞེངས་ཡོད། བཤད་ཚུལ་ལྟར་ན། ལོ་རེའི་ཟླ་༣པའི་ཚེས་༡༥ཉིན། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་བོད་རིགས་སྤུན་ཟླས་གནས་དེ་ནས་བསང་མཆོད་ཕུལ་ཏེ། བསྟན་སྲུང་བ་ཁ་བ་དཀར་པོར་མཆོད་འབུལ་བྱེད་པའི་སྲོལ་ཞིག་དར་ཡོད། གལ་ཏེ་བསང་ཐལ་སྟེང་བསྟན་སྲུང་ཁ་བ་དཀར་པོའི་ཆིབས་པའི་ཞབས་རྗེས་བབས་ནས་འབྱུང་འགྱུར་གྱི་བྱ་གཞག་ལ་བརྟག་ཐུབ་ཟེར།
ཀརྨ་སྐུ་ཕྲེང་གཉིས་པ་ཀརྨ་ཆོས་ཀྱི་བླ་མ(སྤྱི་ལོ་༡༣༠༤ནས༡༢༨༣)ཡིས་ཁ་བ་དཀར་པོའི་གསོལ་མཆོད་བསྟོད་པ་ཞིག་ཀྱང་བརྩམས་ཡོད་པར་གྲགས། ལུག་གི་ལོ་ནི་བསྟན་སྲུང་ཁ་བ་དཀར་པོའི་རང་ལོ་ཡིན་པས། སྔར་ལས་ལྷག་པར་དད་ལྡན་མང་ཚོགས་དང་ལྗོངས་རྒྱུ་པ་མང་བོ་གནས་དེར་ཡོང་ནས། ལྗོངས་རྒྱུ་ལྟད་མོ་ལ་རོལ་བར་བྱེད་དོ། །
-
གནས་མཆོག་ཁ་བ་དཀར་པོ་ནི་མདོ་གམ་ཚ་བ་རོང་གི་སྨད་ཕྱོགས...
-
གནས་མཆོག་ཁ་བ་དཀར་པོའི་རི་རྒྱུད་ནི་ཡུན་ནན་ཞིང་ཆེན་...