གནས་མཆོག་ཁ་བ་དཀར་པོ།
རྩོམ་པ་པོ།:དགེ་བཤེས་གཙུག་གཤེན་རྒྱལ་མཚན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-02-15
ཀློག་གྲངས།:
གནས་མཆོག་ཁ་བ་དཀར་པོ་ནི་མདོ་གམ་ཚ་བ་རོང་གི་སྨད་ཕྱོགས་དེང་གི་ཡུན་ནན་དང་བོད་ལྗོངས་གཉིས་ཀྱི་སྦྲེལ་མཚམས་སུ་གནས་པའི་གནས་རི་གྲགས་ཅན་ཞིག་ཡིན། མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་རྨིད༦༧༤༠ཟིན་པ་དང་ཡུན་ནན་ས་ཁོངས་ཀྱི་རི་བོ་མཐོ་ཤོས་དེ་ཡིན་པ་བཤད་ཡོད། ལོ་རབས་བརྒྱད་ཅུ་དང་དགུ་བཅུ་པའི་ནང་རྟོག་དཔྱོད་རུ་ཁག་མང་པོ་ཞིག་གིས་ཁ་བ་དཀར་པོའི་རི་རྩེར་འཛེག་རྒྱུའི་ཚོད་ལྟ་བྱས་ཀྱང་ལམ་ལྷོང་མ་བྱུང་། སྤྱི་ལོ༡༩༩༡ལོར་ཀྲུང་གོ་དང་འཇར་པན་གཉིས་མཉམ་འབྲེལ་ཐོག་རྟོག་དཔྱོད་རུ་ཁག་སྒྲིག་འཛུགས་བྱས་ཏེ་རི་རྩེར་འཛེག་པའི་བྱ་བར་བརྩོན་མོད་བློ་ཡུལ་ལས་འདས་པ་ཞིག་ལ་རྟོག་དཔྱོད་རུ་ཁག་གི་མི་བཅུ་བདུན་ཚང་མ་གངས་ཉིལ་གྱིས་འདས་གྲོངས་སུ་ཕྱིན། སྤྱི་ལོ༢༠༠༡ལོ་ནས་བཟུང་གནས་མཆོག་འདིའི་རྩེ་མོར་འཛེག་ཆོག་པའི་དཔང་ཡིག་སྤྲད་མཚམས་བཞག་པ་རེད་ཟེར། གང་ལྟར་གནས་མཆོག་འདི་ནི་འགྲོ་བ་མི་ཡིས་རྡོག་པས་མནན་མ་མྱོང་བའི་ཕོ་ལྷ་དེ་ཡིན། དུས་བཞིར་མདོག་མི་འགྱུར་བའི་གངས་རི་དང་ཕྱོགས་མཚམས་ཀྱི་ནགས་ཀླུང་དང་རི་བོ། གཡས་གཡོན་གྱི་རྒྱལ་མོ་དངུལ་ཆུའི་གྲོག་རོང་དང་རྫ་ཆུའི་གྲོག་རོང་ཆེན་མོ་སོགས་ས་ཆུ་རི་ལུང་གི་ངོ་མཚར་གྱི་བཀོད་པ་དུ་མས་ཕྱོགས་བཞིའི་གནས་མཇལ་བ་དང་ལྗོངས་རྒྱུ་བ་རྣམས་ཀྱི་ཡིད་ཀྱི་དབང་པོ་གཅིག་ཆར་དུ་འཕྲོག་བཞིན་ཡོད། གནས་མཆོག་འདི་ནི་བན་བོན་གྲུབ་མཐའ་རིས་མེད་ཀྱིས་རྩ་ཆེན་བརྩི་སྲོལ་ཡོད་ལ་ལྷག་ཏུ་བོན་གྱི་གྲུབ་མཐས་ཧ་ཅང་རྩ་ཆེན་བརྩི་སྲོལ་ཡོད། གནས་མཆོག་འདིར་སྐོར་བ་རྒྱག་མཁན་ལོ་རེ་བཞིན་རྒྱུན་ཆད་མེད་པར་འབྱུང་བཞིན་ཡོད་ཅིང་། གནས་མཇལ་བ་དེ་དག་ཡུན་ནན་བདེ་ཆེན་དང་། ཉག་རོང་། རྫ་ཡུལ། མཛོ་སྒང་། རི་བོ་ཆེ། དཔའ་ཤོད། པད་མ། ཆབ་མདོ། གོ་འཇོ། སྟེང་ཆེན། སྐྱེ་རྒུ་མདོ། ལི་ཐང་། སྨར་ཁམས། སྡེ་དགེ། འབའ་ཐང་། བྲག་གཡབ། ལྷོ་རོང་སོགས་ནས་ཡོང་བཞིན་ཡོད།
དེ་ཡང་བོད་ཀྱི་མི་རྣམས་ཀྱིས་ཡུལ་ལྷ་དང་གནས་རིར་དད་གུས་བྱེད་པའི་ལུགས་སྲོལ་གནའ་སྔ་མོ་ནས་དར་ཁྱབ་བྱུང་ཡོད་དེ། བཙན་པོའི་རྒྱལ་རབས་དབུ་མ་ཚུགས་པའི་སྔོན་རོལ་ཏེ་མངའ་མཛད་བཅུ་དང་རྒྱལ་ཕྲན་སིལ་མ་བཅུ་གཉིས་སོགས་ཀྱི་སྐབས་ནས་ཡུལ་ལྷའི་རིག་གནས་བོད་ཡུལ་སྟོད་སྨད་གང་སར་དར་ཁྱབ་བྱུང་ཡོད། ཞིབ་འཇུག་པ་པད་མ་ཚེ་རིང་དང་གཡུང་དྲུང་ཐར་སོགས་ཀྱིས་གནའ་རྫས་རྟོག་ཞིབ་རིག་པ་དང་དམངས་ཁྲོད་རིག་གནས་བཅས་ལ་དཔྱད་ཞིབ་བྱས་ཏེ་སྤྱི་ལོའི་སྔོན་གྱི་དུས་རབས་བདུན་པ་ཙམ་ནས་བདེ་ཆེན་ཁུལ་འཇོལ་རྫོང(德钦县)དང་རྒྱལ་ཐང་རྫོང(香格里拉市)འབའ་ལུང་རྫོང(维西县)སོགས་སུ་བོན་བསྟན་དང་བོད་ཀྱི་གནའ་རབས་རིག་གནས་དར་ཡོད་པ་བསྟན་འདུག་པས། ཡུལ་དེའི་རི་བོ་གྲགས་ཅན་ཁ་བ་དཀར་པོ་ཡང་དུས་སྐབས་དེ་ཙམ་ནས་ཡུལ་དེའི་བོད་མི་རྣམས་ཀྱི་མཆོད་བསྟོད་དང་སྐོར་བ་བྱེད་སྲོལ་ཆགས་ཡོད་པར་གདོན་མི་ཟ། བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོའི་སྐུ་དུས་སུ་བྱུང་བའི་བོན་གྱི་བླ་མ་རིག་འཛིན་སྟོང་རྒྱུང་མཐུ་ཆེན་གྱིས་བརྩམས་པའི་གནའ་དཔེ་གྲགས་ཅན«སྲིད་པའི་བརྔན་བསང་ཆེན་མོ»ལས། ནག་སོག་ཆུ་རྒྱུད་དགེ་བསྙེན་དང་། རོང་ལྷ་དེ་ནི་རྒྱལ་མཚན་དང་། མོ་ནམ་གཉན་པོ་མཆེད་བརྒྱད་དང་། འོག་འཕྲོམ་གཉན་པོ་ལ་སོགས་ཏེ། རོང་བཙན་ཁ་བ་དཀར་པོ་དང་། རྔུལ་ཡུལ་ཉིན་སྲིབ་ས་བདག་ཀླུ་གཉན་བརྔན།ཞེས་བྱུང་ཡོད། ས་བདག་དང་ཀླུ། བཙན། གཉན། གཏོད། རྒྱལ་པོ། མ་མོ་སོགས་ལ་མཆོད་བསྟོད་བྱེད་པའི་ལམ་ལུགས་འདི་བོན་གྱི་རྒྱུ་བོན(ཕྱ་སྣང་འཕྲུལ་སྲིད)བཞི་ཡི་ཁོངས་སུ་གཏོགས་པ་ཞིག་ཡིན། དེ་རྗེས་བོད་རྒྱལ་གདུང་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན(742-797)སྐབས་བོད་ཡུལ་དབུས་སུ་བོན་བསྟན་ལ་ཆག་འཇིག་ཐེབས་པས་བོན་གཤེན་རིག་འཛིན་མང་པོ་ཞིག་གནས་མཆོག་ཁ་བ་དཀར་པོར་ཉེན་གཡོལ་དུ་ཕེབས་ནས་ཡི་དམ་ཞི་ཁྲོ་དང་དབལ་གསས་སོགས་བསྒྲུབས་པ་རེད། དེ་ནས་བཟུང་སྟེ་ཁ་བ་དཀར་པོ་ནི་ཡི་དམ་དབལ་གསས་རྔམ་པ་སོགས་ཁྲོ་བོའི་ལྷ་ཚོགས་ཀྱི་གནས་རི་ཡིན་པའི་ངོས་འཛིན་བྱེད་སྲོལ་བྱུང་བ་མ་ཟད། གནས་རི་འདིའི་ཉེ་འདབས་ཀྱི་ཡུལ་སྡེ་ཚོས་དབལ་གསས་སོགས་ཡི་དམ་བྱེད་པའི་ལམ་ལུགས་དར་ཁྱབ་བྱུང་བ་མ་ཟད། གནས་ཀྱི་ཉེ་འདབས་སུ་བོན་གྱི་སྙིང་པོ་རྣམ་གསུམ་གྱི་རྡོ་བརྐོས་རྙིང་པ་དང་བོན་གཤེན་གྱི་ཁྱིམ་རྒྱུད་ད་ལྟ་དངོས་སུ་ཡོད་འདུག བཙན་པོའི་རྒྱལ་རབས་མཇུག་རྫོགས་རྗེས་ཀྱི་དུས་རབས་བཅུ་གསུམ་པའི་མཇུག་དང་བཅུ་བཞི་པའི་འགོ་ཙམ་ལ་བཀའ་རྒྱུད་པའི་བླ་མ་ཀརྨ་པཀྵི(1204-1283)དང་ཀརྨ་པ་རང་བྱུང་རྡོ་རྗེ(1284-1339)གཉིས་ཀྱིས་ཁ་བ་དཀར་པོའི་བསང་ཡིག་བརྩམས་ཏེ་ཐུབ་བསྟན་གྲུབ་མཐའ་འཛིན་པ་ཚོས་ཀྱང་གནས་མཆོག་ཁ་བ་དཀར་པོར་དད་གུས་དང་མཇལ་སྐོར་བྱེད་པའི་ལམ་ལུགས་དར། མདོ་གམ་དངུལ་རྫ་སྒང་སྟོད་དུ་སྐུ་འཁྲུངས་པའི་བོན་གྱི་བླ་མ་སྤྲུལ་སྐུ་བློ་ལྡན་སྙིང་པོས(1360-1406)ཁ་བ་དཀར་པོའི་གནས་ཀྱི་དཀར་ཆག་ཅིག་མཛད་ཡོད་པ་ལས་འདིར་ཚིག་དུམ་ཞིག་དྲངས་ན།

ཀྱེ་ཧོ་རི་བོ་དེ་ཡི་རྩེ་མོ་ལ།།
ཞི་བའི་ལྷ་ཚོགས་ནམ་མཁའི་སྤྲིན་ལྟར་གཏིབ།།
རི་བོ་དེ་ཡི་སྐེད་པའི་ཞིང་ཁམས་ལ།།
ཁྲོ་བོ་ལྷ་ཚོགས་བར་སྣང་སྐར་ལྟར་འཁྲུག།
རི་བོ་དེ་ཡི་རྩ་བ་ཡན་ཆད་ལ།།
བོན་སྐྱོང་སྲུང་མ་དྲག་པོའི་སེར་ལྟར་འདྲིལ།།
རི་བོ་དེ་ཡི་ཕྱོགས་བཞི་མཚམས་བརྒྱད་ལ།།
བོན་གཏེར་ལ་སོགས་རིན་ཆེན་གཏེར་ཁ་དང་།།
སྦས་ཡུལ་རྣམས་སུ་མི་དང་འབྲུ་གཏེར་ཡོད།།
ཁྱད་པར་རྩེ་ལ་བླ་མ་རིག་འཛིན་གནས།།
སྐེད་པར་ཡི་དམ་མཁའ་འགྲོ་གནས་པ་སྟེ།།
རྩ་བར་བོན་སྐྱོང་སྡེ་བརྒྱད་ཀླུ་ཡི་གནས།།
སྟེང་ན་ལྷ་ཡི་སྤྲིན་དཀར་བླ་བྲེས་ཕུབ།།
འོག་ན་ཀླུ་ཡི་རྒྱ་མཚོས་ཡོན་ཆབ་འབུལ།།
བར་ན་མི་ཡིས་དད་གུས་བསྟོད་པའི་གནས།།
འདས་དང་མ་འདས་དྷ་ཀི་དེ་རུ་འཚོགས།།
མ་རྒྱུད་སྒྲུབ་པ་གང་བྱས་མྱུར་དུ་འགྲུབ།།
རི་བོ་དེ་ལ་སྒོམ་པའི་རྣལ་འབྱོར་རྣམས།།
དོན་གཉིས་མཐར་ཕྱིན་སངས་རྒྱས་ས་ནོན་འགྱུར།།ཞེས་དང་།
སྒོས་སུ་རང་བཙན་ཁ་བ་དཀར་པོ་ལ།།
རིག་འཛིན་མཁའ་འགྲོ་ཐམས་ཅད་འདུས་པའི་གནས།།
སྒྲུབ་གནས་གསང་ཕུག་སྦས་ཡུལ་གྲངས་མང་ཡོད།།
ཤར་ཕྱོགས་གླང་ཆེན་འདྲ་བའི་རི་བོ་ལ།།
ཞི་བའི་བོན་གཏེར་གཡུང་དྲུང་རྒྱས་བཏབ་ཅིག།
སྒྲུབ་གནས་ལྔ་ལ་མཁའ་འགྲོའི་གསང་ཕུག་ཡོད།།
རིག་འཛིན་རྣམས་ཀྱི་ཚེ་ཆུ་རང་རྡོལ་ཡོད།།
བླ་ཆེན་དྲན་པའི་ཞབས་རྗེས་གསུམ་ཙམ་ཡོད།།
གྲོང་ཁྱེར་དཔའ་བོ་དཔའ་མོའི་འཚོགས་ར་ཡོད།།
ཤ་མདོག་དཀར་ལ་མིག་ཟླུམ་ལུས་འཇམ་དར།།
སྐད་སྙན་སེམས་དགེའི་རྒྱུན་མི་འཆད།།
དྲན་པས་བྱིན་རླབས་རྒྱ་ནག་མཁའ་འགྲོའི་རིགས།།
གནས་སྲུང་རྒྱལ་རིགས་ཀླུ་ཡིས་དབང་བྱེད་འགྱུར།།
བྱང་ཕྱོགས་རྟ་མཆོག་འདྲ་བའི་རི་བོ་ལ།།
རྒྱས་པ་ཚེ་སྒྲུབ་འཕྲུལ་བོན་མང་བར་འདུག།
ཕྱག་ཆ་རིགས་རྟགས་རྒྱན་ཆ་གྲངས་མང་དང་།།
གསེར་དང་བཅུད་ལེན་པྲ་ཕུད་གྲངས་མང་ཡོད།།
དབང་གི་ཐོད་ཞལ་འདྲ་བའི་ས་གནས་སུ།།
དངུལ་གྱི་མཚོ་མོ་མཐོང་ཆོག་སྒྲིབ་སྦྱངས་ཡོད།།
སྟག་གཟིགས་མཁའ་འགྲོ་ལྔ་ཡི་བླ་མཚོ་ཡོད།།
ཚེ་དབང་ཞབས་རྗེས་སྐུ་གཟུགས་འོད་འབར་ཡོད།།
རྨ་བྱ་འདྲ་བའི་རི་ལ་སྦས་ཡུལ་ཡོད།།
རིག་འཛིན་མཁའ་འགྲོའི་སྒྲུབ་ཕུག་མཐོང་གྲོལ་ཡོད།།
གྲོང་ཁྱེར་དཔའ་བོ་དཔའ་མོའི་འདུ་གནས་ཡོད།།
ཤ་མདོག་སེར་དང་ལྗང་ལ་ལུས་གྲུ་བཞི།།
ཤུགས་ལྡན་བློ་རྣོ་ཕོ་མོ་རྒྱུན་མི་འཆད།།
ཚེ་དབང་བྱིན་རླབས་སྟག་གཟིགས་མཁའ་འགྲོའི་རིགས།།
གནས་སྲུང་རྗེ་རིགས་ཀླུ་ཡིས་དབང་བྱེད་འགྱུར།།
ནུབ་ཕྱོགས་གཡུ་འབྲུག་འདྲ་བའི་རི་བོ་ལ།།
དབང་ཆེན་ཁྲོ་བོའི་སྒྲུབ་སྐོར་རྒྱས་པ་དང་།།
མཁའ་འགྲོའི་སྒྲུབ་པ་རིན་ཆེན་ཕྲེང་བ་དང་།།
ཁམས་ཆེན་སྐུ་འབུམ་ཟླ་གམ་དཀྱིལ་འཁོར་དང་།།
ཕྱྭ་གཡང་དབང་སྡུད་རླུང་དར་རེ་གཅོད་དང་།།
ཡིད་བཞིན་ནོར་བུའི་གཏེར་དང་འབྲུ་གཏེར་ཡོད།།
ཆུ་མིག་ནག་རིང་ཤུག་པ་ཁེར་སྐྱེས་དང་།།
དྲིལ་དཀར་ཕ་འོང་གད་པ་སྐྱ་རིང་དང་།།
མུ་མིག་མདུང་ནུབ་ཅན་དན་དགུ་སྒྲིལ་དང་།།
རྦ་ཕྱར་ཁ་འདྲ་སྡིག་པ་འདྲ་བའི་རྡོ།།
སྣ་ཚོགས་ཤིང་ཕུག་སྟག་འདྲ་ཕ་འོང་དང་།།
ཆུ་མིག་སྐྱ་རིང་ནག་པ་གཡུ་ལེ་དང་།།
ཆུ་སྲིན་ཁ་འདྲ་བྱ་ཡི་སྒྲོ་འདྲ་དང་།།
བཀྲ་ཤིས་སྒོ་སྲུང་རྡོ་རིང་དམར་པོ་ལ།།
ཕྱི་ནང་གསང་བའི་བོན་གཏེར་སྣ་ཚོགས་ཡོད།།
མཁའ་འགྲོ་མཆོག་ཕུར་ཀུན་གྲོལ་ཡོལ་ཆེན་དང་།།
གཤེན་རབ་གདུང་རུས་དངུལ་དང་བྱི་རུ་ཡོད།།
ལྷོ་ནུབ་ཤ་བ་མ་བུའི་རི་བོ་ལ།།
གནས་མཆོག་དེ་ལ་གཏེར་ཁ་སྦས་ཡུལ་ཡོད།།
མཁའ་འགྲོའི་སྒྲུབ་ཕུག་ཨོ་རྒྱན་ཞབས་རྗེས་ཡོད།།
གྲོང་ཁྱེར་དཔའ་བོ་དཔའ་མོའི་རྒྱུན་མི་འཆད།།
མ་མདོག་དམར་ལ་ལུས་མཛེས་སྐད་སྙན་ཅིང་།།
མོ་ལ་ཕོ་ཆས་ཕོ་ལ་མོ་རྟགས་ཅན།།
ཨོ་རྒྱན་བྱིན་རླབས་ཨོ་རྒྱན་མཁའ་འགྲོའི་རིགས།།
གནས་སྲུང་སྨྲང་རིགས་བྲམ་ཟེ་ཀླུ་ཡི་དབང་།།
ལྷོ་ཕྱོགས་ཁྱུང་ཆེན་འདྲ་བའི་རི་བོ་ལ།།
དྲག་པོ་མཐུ་ཡི་སྒྲུབ་སྐོར་གཏད་ཁྲམ་དང་།།
མ་མོའི་དྲག་སྔགས་བཙན་དམག་གཏད་ཁྲམ་དང་།།
གནམ་ལྕགས་ཕུར་པ་ཐོག་སེར་རང་དབབ་དང་།།
བོན་གཏེར་དངུལ་གཏེར་འབྲས་གཏེར་གྲངས་མེད་ཡོད།།
ནུབ་ཕྱོགས་དབང་རྒྱས་འདྲ་བའི་རི་བོ་ལ།།
དྲག་པོའི་ལས་རྣམས་གྲུ་གསུམ་རྒྱས་བཏབ་ཡོད།།
དྲན་པའི་ཞབས་རྗེས་ཨོ་རྒྱན་སྒྲུབ་ཕུག་ཡོད།།
ཁྱུང་གཤོག་འདྲ་བའི་གཡས་ཕྱོགས་ཚེ་ཆུ་ཡོད།།
ཀུན་གྲོལ་ཞབས་རྗེས་རང་བྱོན་སྐུ་གཟུགས་ཡོད།།
མཚན་མ་འདྲ་ལ་སྲིད་སློང་བྱེད་ས་ཡོད།།
མཁའ་འགྲོའི་གསང་ཕུག་ཡུམ་སྲས་བླ་མཚོ་ཡོད།།
རྒྱ་གར་མཁའ་འགྲོ་ལྔ་ཡི་བླ་མཚོ་ཡོད།།
གྲོང་ཁྱེར་དཔའ་བོ་དཔའ་མོ་འདུ་ར་ཡོད།།
ཤ་མདོག་འཐིང་དང་སྔོ་ནག་མིག་ཟུར་གསུམ།།
དྲག་ཤུལ་སྟོབས་ཆེན་ཕོ་མོ་རྒྱུན་མི་འཆད།།
ཀུན་གྲོལ་བྱིན་རླབས་རྒྱ་གར་མཁའ་འགྲོའི་རིགས།།
གནས་བདག་གདོལ་པ་ཀླུ་ཡི་དབང་བྱེད་འགྱུར།།
ཁྱད་པར་བྱང་ཤར་ཟླ་གམ་འདྲ་བའི་ཡུལ།།
གནས་ཆེན་དེ་རུ་ལས་ཅན་རྒྱུན་མི་འཆད།།
གཏེར་དང་བཀའ་རྟགས་འཁོར་ལོའི་རྒྱས་བཏབ་ཡོད།།
བྱང་ནུབ་བྱ་ཕོ་འདྲ་བའི་རི་བོ་ལ།།
བཀྲ་ཤིས་གཏེར་གྱི་གསས་ཁང་ཆེན་པོ་ཡོད།།
དགོས་འདོད་གཏེར་ཁ་སྣ་ཚོགས་གྲངས་མང་ཡོད།།
གཞུ་མཆོག་འདྲ་བའི་རྩེ་ལ་བོན་གཏེར་ཡོད།།
སྦྲུལ་ནག་འཁྱུག་འདྲའི་སྐེད་ལ་བྱི་རུའི་གཏེར།།
བྱི་རུའི་གཏེར་ཁ་ཆུ་བྲག་འཕྲང་ལ་ཡོད།།
བཻ་རོ་ཙ་ནའི་རིན་ཆེན་འབྲུ་གཏེར་ཡོད།།
ལྷོ་ནུབ་ཆུ་བྲག་འཐབ་པའི་ལུང་པ་དང་།།
གནམ་ས་ཟླ་གམ་འདྲ་བའི་ཡར་སྣེ་ལ།།
པདྨའི་ཆོས་གཏེར་མི་གཅིག་དྲུག་ཙམ་ཡོད།།
བཻ་རོ་ཙ་ནའི་གཏེར་ཁ་མང་དུ་ཡོད།།
མཁའ་འགྲོའི་གསང་ཕུག་སྒྲུབ་གནས་བྱིན་ཆེན་ཡོད།།
སྤུ་གྲི་འདྲ་བའི་རྩེ་ལ་མཁའ་འགྲོའི་ཚོགས།།
གྲོང་ཁྱེར་དཔའ་བོ་དཔའ་མོའི་རྒྱུན་མི་འཆད།།
གཡུ་དང་དུང་གི་གཏེར་ཁ་གྲངས་མང་ལ།།
སྐུ་གཟུགས་པདྨ་རྣམས་ཀྱིས་རྒྱས་བཏབ་ཡོད།།
ལྷོ་ནུབ་ཁྲི་ཚོ་གསུམ་ཤོང་སྦས་ཡུལ་ཡོད།།
དབྱར་དགུན་མེད་པར་ན་བུན་གཞའ་ཚོན་འཐིབ།།
ཆུ་དང་རྫ་གངས་བྲག་འཐབ་རྫོང་མཁར་ཡོད།།

ཞེས་གསུངས་ཡོད། སྤྲུལ་སྐུ་བློ་ལྡན་གྱི་སློབ་མར་གཏོགས་པ་ཚ་རོང་ལ་དབྱིལ་རྒྱལ་མཚན་འོད་ཟེར་མཆོག་གིས་ཁ་བ་དཀར་པོར་སྒྲུབ་པ་ཉམས་ལེན་གནང་མྱོང་བ་རེད། དུས་རབས་བཅོ་ལྔ་པའི་མཇུག་ཏུ་བྱོན་པའི་བོན་གྱི་གཏེར་སྟོན་ཁྱུང་པོ་བཀྲ་ཤིས་རྒྱལ་མཚན་གྱིས་རང་བཙན་ཁ་བ་དཀར་པོར་སྒོམ་སྒྲུབ་ཉམས་ལེན་གནང་བ་དང་བོན་སྡེ«དྲན་པ་ཨ་དཀར་དགོངས་འདུས»སོགས་ཟབ་གཏེར་བཞེས། དེའི་རྗེས་སུ་ལྷོ་རོང་རྫོང་གི་ཁོངས་གཏོགས་དམར་རིས་ཤང་དུ་སྤྱི་ལོ༡༦༨༤ལོར་སྐུ་འཁྲུངས་པའི་ཉག་སྒོམ་རིན་ཆེན་རྒྱལ་མཚན་མཆོག་དགུང་ལོ་ཞེ་དྲུག་ཐོག་ཁ་བ་དཀར་པོར་ཞབས་སྐོར་ཕེབས་ཏེ་ལམ་བར་དུ་སྒོམ་སྒྲུབ་གནང་བ་དང་ཞོར་དུ་གནས་མཆོག་ཁ་བ་དཀར་པོའི་དཀར་ཆག་དང་བསང་མཆོད་བརྩམས་གནང་ཡོད། ཁོང་གིས་ཁ་བ་དཀར་པོ་ནི་སྟོན་པ་འཆི་མེད་གཙུག་ཕུད་ཀྱི་ཐུགས་ལས་སྤྲུལ་པ་ཡིན་པ་དང་གནས་ལ་ཕྱོགས་བཞི་དབུས་ལྔ་ཡོད་པ་ལས་དབུས་ཀྱི་གནས་རི་ནི་ཀུན་བཟང་གི་གནས་རི་ཡིན་པ་དང་། ཀུན་བཟང་ཐུགས་སྤྲུལ་གཤེད་བཞི་ལོ་པ་ཞིག་གིས་འགྲོ་དོན་མཛད་པ། ཤར་ཕྱོགས་ཀྱི་གནས་ནི་དྲན་པས་བྱིན་གྱིས་བརླབས་པའི་གནས་ཡིན་པ་དང་། དྲན་པའི་ཐུགས་སྤྲུལ་སྟག་ཡོས་ལོ་པ་དྲུང་མུའི་མཚན་ཅན་ཞིག་གིས་འགྲོ་དོན་མཛད་པ། བྱང་ཕྱོགས་ཀྱི་གནས་ནི་ཚེ་དབང་རིག་འཛིན་གྱིས་བྱིན་གྱི་བརླབས་པའི་གནས་ཡིན་པ་དང་། ཚེ་དབང་ཐུགས་སྤྲུལ་བྱི་ཕག་ལོ་པ་རདྣའི་མཚན་ཅན་ཞིག་གིས་འགྲོ་དོན་མཛད་པ། ནུབ་ཀྱི་གནས་རི་ནི་ཨོ་རྒྱན་བྱིན་གྱིས་བརླབས་པའི་གནས་ཡིན་པ་དང་། ཨོ་རྒྱན་ཐུགས་སྤྲུལ་བྱ་སྤྲེལ་ལོ་པ་ནེ་རའི་མཚན་ཅན་ཞིག་གིས་འགྲོ་དོན་མཛད་པ། ལྷོ་ཡི་གནས་རི་ནི་མཁའ་འགྲོས་བྱིན་གྱི་བརླབས་པའི་གནས་ཡིན་པ་དང་། མཁའ་འགྲོའི་ཐུགས་སྤྲུལ་རྟ་སྦྲུལ་ལོ་པ་མཚན་ལྡན་མ་ཞིག་གིས་འགྲོ་དོན་མཛད་དགོས་པ་བཅས་བསྟན་ཡོད། དེའི་རྗེས་སུ་སྤྱི་ལོ༡༨༩༩ལོར་ཉག་གཏེར་གསང་སྔགས་གླིང་པ་དང་མཁའ་འགྲོ་དབང་གི་སྒྲོལ་མ་གཉིས་གཙོས་པའི་ཉག་རོང་གི་དད་ལྡན་འགའ་གནས་མཆོག་ཁ་བ་དཀར་པོར་ཆེད་དུ་མཇལ་སྐོར་ཕེབས། ལོ་དེར་ཉག་གཏེར་མཆོག་གིས་ཁ་བ་དཀར་པོ་ནས«སྤྱི་སྤུངས་གསང་འདུས་ཐབས་ཆེན་ཡབ་རྒྱུད»སོགས་བོན་སྡེ་མང་པོ་ཟབ་གཏེར་བཞེས་གནང་ཡོད། ཉག་གཏེར་མཆོག་གི་རྣམ་ཐར་དང་མཁའ་འགྲོ་དབང་གི་སྒྲོལ་མའི་རྣམ་ཐར་ནང་དུ་གནས་མཆོག་ཁ་བ་དཀར་པོའི་བཀོད་པ་དང་གནས་དེར་བཀའ་རྟགས་ཞབས་རྗེས་དང་སྒྲུབ་ཕུག་གང་འདྲ་ཡོད་པ་སོགས་འཁོད་ཡོད། སྤྱི་ལོ༡༨༦༦ལོར་ཁམས་ཁྱུང་ཡུལ་དུ་སྐུ་འཁྲུངས་པའི་བོན་གྱི་བླ་མ་རྣལ་འབྱོར་བཟོད་པ་རྒྱལ་མཚན་མཆོག་ཐེངས་ལྔ་ཙམ་ལ་ཁ་བ་དཀར་པོར་མཇལ་སྐོར་བྱོན་མྱོང་བ་དང་། ཁོང་གིས་ཁ་བ་དཀར་པོའི་རྒྱུད་དུ་ཡུན་རིང་བཞུགས་ཏེ་སྒྲུབ་པ་ཉམས་ལེན་གནང་བ་དང་བོན་སྡེ་འཆད་ཉན་སྤེལ་ཡོད། བོན་གྱི་གྲྭ་ས་ཆེན་མོ་སྨན་རི་དགོན་གྱི་མཁན་རབས་ཉེར་བརྒྱད་པ་ཕུན་ཚོགས་བློ་གྲོས་དབང་གི་རྒྱལ་པོ་མཆོག་གནས་མཆོག་ཁ་བ་དཀར་པོའི་ལྷོ་ནུབ་ཕྱོགས་ཁུ་བྱུག་ལ་ཕར་ནང་གི་སྦྲུལ་ཤོད་ཡར་གྲོང་ངམ། དེང་གི་སྲིད་འཛིན་ས་ཁུལ་གྱི་དབང་དུ་བྱས་ན་རྫ་ཡུལ་རྫོང་བྲག་ནག་ཤང་གི་ཁོངས་སུ་བོད་རབ་བྱུང་བཅོ་ལྔ་པའི་མེ་བྱི༡༨༧༦ལོར་སྐུ་འཁྲུངས་པ་རེད་ལ། གྲྭ་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་གི་མཁན་རབས་ལྔ་པ་ཚུལ་ཁྲིམས་དབང་རྒྱལ་ལགས་ཀྱང་སྤྱི་ལོ༡༨༦༩ལོར་གྲོང་ཚོ་འདིར་སྐུ་འཁྲུངས་པ་རེད། གཞན་ཡང་གནས་མཆོག་ཁ་བ་དཀར་པོའི་གཡས་གཡོན་དང་སྟོད་སྨད་སོགས་སུ་གནའ་བོའི་བོན་དགོན་ཆགས་ཤུལ་དང་། བོན་དང་འབྲེལ་བའི་ཡུལ་སྲོལ་གོམས་གཤིས་མང་པོ་ཞིག་ད་ལྟ་མཐོང་ཡུལ་དུ་ལྷག་ཡོད་པས་ཡུལ་འདིར་སྔ་མོའི་དུས་ནས་བོན་བསྟན་ཤུགས་ཆེར་དར་མྱོང་བ་དང་། གནའ་ནས་ད་བར་དུ་བོད་ཡུལ་སྟོད་སྨད་བར་གསུམ་ནས་ཡོང་མཁན་བོན་གྱི་གནས་མཇལ་བ་མཚམས་ཆད་མྱོང་མེད་པ་རེད།
ཞེས་ཁམས་ཁྱུང་ཡུལ་སྟོད་ཀྱི་ས་ཆ་སྤུ་རྒྱལ་གཡུང་དྲུང་ལྷ་རྩེའི་མདུན་ཞོལ་དུ་དལ་རྟེན་རྙེད་པའི་བཙུན་པ་གཙུག་གཤེན་རྒྱལ་མཚན་གྱིས(༢༠༢༡-༡༡-༢༠)གནས་མཆོག་ཁ་བ་དཀར་པོའི་ངོ་སྤྲོད་མདོར་བསྡུས་ཙམ་བགྱིས་པ་ལགས་སོ།།
འབྲེལ་ཡོད་འོས་སྦྱོར།
-
གནས་མཆོག་ཁ་བ་དཀར་པོའི་རི་རྒྱུད་ནི་ཡུན་ནན་ཞིང་ཆེན་...
-
གནས་མཆོག་ཁ་བ་དཀར་པོའི་རི་རྒྱུད་ནི་ཡུན་ནན་ཞིང་ཆེན་ག...