ཨེ་ཛིའི་ནད་ཀྱི་ཉེན་བརྡའི་ཟིན་ཐོ།
རྩོམ་པ་པོ།:དབང་ཆེན་ཚེ་རིང་གིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-06-27
ཀློག་གྲངས།:
“འཚོ་བར་དཀའ་ངལ་ཡོད་པས་སྔོ་ཚོད་ཡག་པོ་ཉོས་མེད། ཞོག་ཁོག་དང་ཙོང་ཞིག་ཉོས་པ་ཡིན། འདི་ནི་ཆེས་ཡག་པོ་རེད།”
“ནམ་རྒྱུན་ཞོག་ཁོག་ཟོས་ན་བཟང་ངམ།”
“ཞོག་ཁོག་མ་ཟོས་ན། སྔོ་ཚོད་གཞན་དག་གོང་མཐོ་བས་ཉོ་མི་ཐུབ།”
“ཞོག་ཁོག་རྒྱ་མ་གང་ལ་སྒོར་མོ་ག་ཚོད་རེད།”
“སྒོར་མོ་གཅིག་ལ་རྒྱ་མ་གསུམ་དང་། སྒོར་མོ་བཅུ་ཐམ་པས་ཟླ་བ་གཅིག་གཉིས་ཤིག་ལ་འདང་ཚད་ཅིག་ཉོ་ཐུབ།”
ད་ལོ་ཆར་འབབ་ཚད་མང་བས་རི་ཁའི་བྲག་ཁང་མང་པོ་ཞིག་བརྡིབས་སོང་། ལིན་ལིན་ཚང་གི་བྲག་ཁང་ལས་ཀྱང་ས་ཉིལ་གྱིན་འདུག
“ཧ་ཅང་ཞེད་ཡོང་གི ཆར་བ་འབབ་དུས་བྱིས་པ་ཁྲིད་དེ་ཁྱིམ་ཚང་གཞན་དུ་རི་མྱུལ་ལ་འགྲོ་བཞིན་ཡོད། དགོང་མོར་སྐྲག་ཡོང་ནའང་ཐབས་ཤེས་མེད་པས། རང་གི་ནང་ལ་འདུག་པ་ལས་ཐབས་གཞན་མེད།”
ལིན་ལིན་གྱི་གཟུགས་ཀྱི་རིང་ཚད་ནི་ལོ་ན་མཉམ་པོའི་ཁྲོད་ཆེས་ཐུང་བ་ཡིན་ནའང་། སློབ་སྦྱོང་གི་སྦྱངས་འབྲས་ནི་འཛིན་གྲྭའི་ནང་གི་ཆེས་རྩེར་སོན་ཡིན།
“སློབ་ཡོན་ལོ་གཅིག་གི་ནང་ག་ཚོད་དགོས་སམ།”
“ད་ལྟ་ལོ་རིམ་གཉིས་པར་ཡང་སྒོར་མོ180དགོས།”
“སློབ་སྐབས་འདིའི་སློབ་ཡོན་སྤྲད་སོང་ངམ།”
“སྤྲད་ཡོད་པ་མ་རེད། དགེ་རྒན་དང་སློབ་གཙོ་སོགས་ཁྱིམ་ལ་ཡོང་སྟེ་སྒོར་མོ་དེད་མོད། སྤྲོད་རྒྱུ་མི་འདུག”
ཨེ་ཛིའི་ནད་ཀྱིས་ལིན་ལིན་ལ་སྙིང་རྗེ་མ་སྒོམ་པར་ཟླ་བ་ཁ་ཤས་ཀྱི་སྔོན་ལ་ལིན་ལིན་གྱི་གཟུགས་པོར་དམར་ཐིག་ཆགས་སོང་།
“དང་ཐོག་སེམས་ཁྲལ་འདུག ད་ལྟ་དུས་ཚོད་རིང་པོ་ཕྱིན་པས་བསམ་བློ་ཡང་མང་པོ་གཏོང་གིན་མེད།”
“བྱིས་པར་བསམ་མྱོང་ངམ།”
“བསམ་བློ་གཏོང་ས་ཡང་མེད་ལ་བསམ་བློ་ཡང་བཏང་མེད། གང་ལྟར་བྱིས་པ་དང་མཉམ་དུ་ཉིན་གཅིག་ལ་བསྐྱལ་ནའང་བསྐྱལ་བ་རེད།”
ལོ་ན་ཆུང་བའི་ལིན་ལིན་གྱིས་རང་ཉིད་ལ་ཨེ་ཛིའི་ནད་འགོས་ཡོད་པ་ཤེས་ཚར་ཡོད། ཡང་ན་ནད་འདིའི་ཕྱོགས་ལ་ཁོ་མོ་གསལ་ཆ་ཅི་ཡང་མེད་པ་འདྲ། ཁོ་མོའི་གདོང་ལ་རྟག་པར་འཛུམ་གྱིས་ཁེངས་ཡོད། ལོ་བདུན་ཅན་གྱི་བྱིས་པ་ཞིག་ལ་མཚོན་ན། མི་ཚེ་ཞིག་གི་འགོ་བརྩམས་མ་ཐག་པ་ཡིན་ལ། སུས་ཀྱང་ཁོ་མོའི་སེམས་པ་རྟོགས་མི་ཡོང་ལ། ཁོ་མོ་མ་འོངས་བར་ལམ་ག་ཙམ་ཞིག་ལ་འགྲོ་ཐུབ་པའང་བཤད་དཀའ། ལིན་ལིན་དང་འདྲ་བའི་བྱིས་པ་རང་རྒྱལ་གྱི་ས་ཁུལ་གཞན་དག་ན་ད་དུང་མང་པོ་ཡོད་དེ།བྱིས་པ་འདི་དག་སྔ་མར་སོ་སོའི་ཕ་མའི་དཔྲལ་བའི་མིག་དང་སྙིང་གི་ནོར་བུ་ལྟ་བུ་ཡིན་ལ། བྱིས་པ་འདི་དག་རྒྱལ་ཁབ་ཀྱི་སྒལ་ཚིགས་ལྟ་བུ་ཡིན། ཡིན་ནའང་། ཁོ་ཚོའི་ཕ་མ་ཨེ་ཛིའི་ནད་གདོན་གྱིས་གུམ་པ་དང་། ཁོ་ཚོ་ནི་ཁྱད་པར་ཅན་གྱི་ཚོགས་པ་ཞིག་ཏུ་ཆགས་ཏེ་ཨེ་ཛིའི་དྭ་ཕྲུག་ཅེས་འབོད།
ཀོའུ་ཡོ་ཅེ་ནི་ལོ་བདུན་བཅུ་ལྷག་ཙམ་གྱི་ཨ་མ་རྒན་མོ་ཞིག་ཡིན་ལ། ས་དེའི་མི་རྣམས་ཀྱིས་ཁོ་ལ་དྭ་ཕྲུག་ཨ་མ་ཞེས་འབོད། ལོ་བརྒྱད་ལ་ཉེ་བའི་རིང་དུ་ཨེ་ཛིའི་དྭ་ཕྲུག་ལ་བདག་སྐྱོང་བྱས་པའི་བརྒྱུད་རིམ་ཁྲོད་དུ། ཁོ་མོ་རྫོང་བཅུ་ཁ་ལྷག་དང་སྡེ་བ་བརྒྱ་ཕྲག་ཁ་ཤས་ལ་བཅར་འདྲིར་ཕྱིན་ཏེ་ཨེ་ཛིའི་ནད་པ་མི་སྟོང་ཕྲག་ལྷག་དང་འབྲེལ་འདྲིས་བྱུང་།
“ཐོག་དང་པོར་གནས་ཚུལ་སྐྱོ་པོ་ཞིག་དང་འཕྲད་པ་ནི་ང་ཚོ་སྡེ་བ་ཞིག་ལ་ཕྱིན་ཏེ་སྡེ་མགོར་བསླེབས་མ་ཐག་མར་བོབས་དང་། མར་བོབས་དང་ཞེས་པའི་བྱིས་པའི་སྐད་འགག་ལ་ཕྲ་བ་ཞིག་རྒྱག་གིན་འདུག ང་ཚོ་སྒྲ་དེ་དེད་དེ་ཕྱིན་པ་ན་སྐྱི་གཡའ་བར་བྱས་སོང་། མི་ཞིག་ལྕེབས་ནས་ཤི་འདུག་ལ་བྱིས་པས་དེའི་འོག་ལ་ཨ་མའི་རྐང་པ་ནས་འཇུས་ཏེ་བསྡད་འདུག བཟའ་ཟླ་འདི་གཉིས་ནི་ཁྲག་ཚོང་ནས་ངོ་ཤེས་ཏེ་གཉེན་སྒྲིག་པ་ཡིན་ལ། བུ་ཞིག་སྐྱེས་པ་ཡང་ཨེ་ཛིའི་ནད་ཡིན་ལ། སྐྱེས་པ་འདས་སོང་བ་དང་། བུད་མེད་དེ་ཡང་ཨེ་ཛིའི་ནད་ཀྱིས་མནར་ཏེ་བཟོད་མ་ཐུབ་པར་གནམ་ཐག་བརྒྱབ་སྟེ་ཤི་བ་རེད།”
“བྱིས་པ་ལོ་ག་ཚོད་རེད།”
“ལོ་གཉིས་ལྷག་རེད། དངོས་ནས་སེམས་སྐྱོ་པོ་ཞིག་རེད།”
ལོ་བརྒྱད་འདས་སོང་ལ། གྲོགས་མེད་ཁེར་ཧྲེང་གི་ལག་པ་ཆུང་ཆུང་དེས་སྔར་བཞིན་དྭ་ཕྲུག་གི་ཨ་མ་སྟེ་ཀོའུ་ཡོ་ཅེའི་སེམས་པ་དམ་པོར་འཇུས་ཡོད། དེ་ལས་ལྷག་ཏུ་ཁོ་མོར་སེམས་སྐྱོ་པར་བྱེད་པ་ཞིག་ནི་ཁོའི་ཕ་ཡུལ་སྟེ་ཀྲུང་གོའི་ཡངས་ཤིང་རྒྱ་ཆེ་བའི་དབུས་ཁུལ་ས་ཆ་རུ་ཨེ་ཛིའི་ནད་ཀྱིས་ཁྱེར་ཡོང་བའི་སྐྱོ་གར་ད་དུང་མཇུག་ཆ་ཚང་རྫོགས་མེད། འདི་ནི་ཨེ་ཛིའི་ནད་ཀྱིས་ཁ་ཐག་པར་བྱས་པའི་སྡེ་བ་ཞིག་ཡིན་ལ། སྡེ་བ་འདིར་ཁྱོན་བསྡོམས་མི་སུམ་སྟོང་ལྷག་ཡོད་ལ། དེའི་ནང་གི་མི་བརྒྱད་བརྒྱ་ལྷག་ལ་ཨེ་ཛིའི་ནད་ཕོག་ཡོད་པ་དང་། དེའི་ཁྲོད་ཀྱི་མི140འདས། འདས་པོ་ཕལ་ཆེ་བ་ནི་ལོ30ནས50བར་གྱི་གཞོན་དར་ཡིན། སྡེ་མི་རྣམས་ཀྱིས་བཤད་པ་ལྟར་ན། ཁོ་ཚོའི་གཡས་གཡོན་ཁྱིམ་མཚེས་ཕལ་ཆེར་ཨེ་ཛིའི་ནད་འགོས་ཡོད། ཉུང་ན་ཁྱིམ་རེ་མི་གཅིག་ནས་གཉིས་དང་མང་ན་མི་གསུམ་ནས་བཞི་བཅས་ནད་འགོས་ཡོད་ལ། ཁྱིམ་ཚང་གཅིག་ཀྱང་ཐར་མེད།
“ལོ་བཞི་ཕྱིན་ལ་མར་སྲེག་པ་ལས་ཐབས་མེད།”
1996ལོར་ལོའུ་ཀྲོ་དང་ཁོའི་ཆུང་མ་གཉིས་ཀར་ཨེ་ཛིའི་ནད་ཕོག་པ་དང་། ད་ལྟ་ཁོ་ཉལ་སར་ལྷུང་འདུག་ལ་མིག་ཀྱང་ཧ་ལམ་ལོང་བར་གྱུར་ཏེ་འོད་ཀྱི་ཚོར་བ་ཕྲ་མོ་ཙམ་ལས་མི་འདུག
“རང་གི་བྱིས་པ་རང་གིས་ཀྱང་མཐོང་མི་ཐུབ་ལ་སྐབས་ལན་རེར་ཟ་མ་ཟ་དུས་ཀྱང་མཐོང་མི་ཐུབ།”
“ཁྱོད་ཀྱིས་རང་གི་བྱིས་པའི་འཛུལ་ཞལ་ག་འདྲ་ཞིག་ཡིན་པ་ད་དུང་དྲན་ནམ།”
“དྲན་གི་མི་འདུག”
གནམ་འོག་གི་བྱིས་པའི་འཛུམ་ཟེར་ནི་ཕ་མ་ཡོད་ཚད་ཀྱི་འཛད་མེད་ཀྱི་བདེ་སྐྱིད་དང་ཡིད་ཚིམས་ཡིན་ལ། བྱིས་པའི་མཛེས་ཤིང་ཡིད་གར་འོང་བའི་འཛུམ་ཞལ་ནི་དུས་གཏན་དུ་ཕ་མ་ཚོའི་དྲན་པའི་གཏིང་སར་བརྐོས་ཡོད། ཡིན་ནའང་ཁྱིམ་ཚང་འདིར་མཚོན་ན་བྱིས་པའི་དགོད་འཛུམ་ནི་དཀོན་པའི་རྒྱུ་རྫས་ཤིག་དང་འདྲ་བར་རྒྱང་རིང་གི་འདས་པའི་དུས་དེར་མ་གཏོགས་མེད། སྡེ་བ་འདིར་མིག་སྔར་དྭ་ཕྲུག57ཡོད་ལ། ཁོ་ཚོ་ཕལ་ཆེ་བ་གནས་སྐབས་སུ་གཉེན་ཉེའི་ནང་དུ་བསྡད་ཡོད། ཡིན་ནའང་། གཉེན་ཉེ་དེ་ཚོ་ཁྱིམ་ཚང་གི་འགན་ཁུར་མི་ལྕི་ན་ཨེ་ཛིའི་ནད་ཕོག་ཡོད་པ་སོགས་མང་ཆེ་ཤོས་ལ་དྭ་ཕྲུག་གཉོར་སྐྱོང་བྱེད་པའི་ཆ་རྐྱེན་མེད། ཨེ་ཛིའི་དྭ་ཕྲུག་མང་པོ་ཞིག་རྒྱུ་དེའི་དབང་གིས་སློབ་གྲྭ་འགྲིམས་པའི་བསྐལ་བ་མ་བྱུང་བར་འཁྱམ་པ་རེད།

འབྲེལ་ཡོད་འོས་སྦྱོར།