ཨེ་ཛིའི་ནད་ཀྱི་ཉེན་བརྡའི་ཟིན་ཐོ།
རྩོམ་པ་པོ།:དབང་ཆེན་ཚེ་རིང་གིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-06-27
ཀློག་གྲངས།:
“ད་ལྟ་བྱིས་པ་འདིའི་སེམས་ཁམས་ཀྱི་སྟེང་ནས་གནད་དོན་ཧ་ཅང་ཚབས་ཆེན་ཞིག་འདུག ཅུང་ཙམ་མ་དགའ་ཚེ་མི་དང་སྐད་ཆ་མི་བཤད་པ་དང་ རླུང་ལངས་བར་བྱེད། དེ་ནི་སེམས་མི་བདེ་བ་ཞིག་རེད། གནད་དོན་གཞན་ཞིག་ནི་བྱིས་པའི་སློབ་གསོའི་གནད་དོན་ཡིན་ལ། གལ་སྲིད་ཁྱོད་ཀྱིས་ད་ནས་ཁོ་སློབ་གྲྭར་མ་བསྐྱལ་ན། རྗེས་མ་ཡིག་རྨོངས་སུ་ཆགས་ངེས་ལ། ཡིག་རྨོངས་ཁྲིམས་རྨོངས་སུ་གྱུར་ཚེ་རང་རེའི་ཀྲུང་གོའི་སྤྱི་ཚོགས་བདེ་སྲུང་ཕྱོགས་ཀྱི་གནད་དོན་ཚབས་ཆེན་ཞིག་ཏུ་འགྱུར་ངེས།”
“ཁྱོད་ཀྱིས་ཨེ་ཛིའི་ནད་ཕོག་ཡོད་པའི་ནད་པ་འདི་ཚོར་བལྟ་ཚུལ་ཅི་འདྲ་བཟུང་ཡོད།”
“ཁོ་ཚོ་དང་རྒྱང་གྱེད་ཀྱིན་ཡོད།”
“ཨེ་ཛིའི་ནད་ནི་ནད་དུག་ཅིག་ཡིན་ཐག་ཆོད་པས་། ཁྱོད་དེ་ཚོ་དང་ཐག་ཉེ་རུ་བཅར་ན་སྐད་ཆ་བཤད་ནའང་འགོས་ཡོང་།”
“ཟུར་བཀར་བྱེད། རབ་ཡིན་ན་ཁོ་ཚོ་དང་འབྲེལ་འདྲིས་མི་བྱེད་པ།”
ཁྲག་བཙོང་ནས་ཨེ་ཛིའི་ནད་འགོས་པ། ལོ་བཞིའི་སྔོན་ལ་དངོས་ཟིན་གློག་བརྙན་ཁྲོད་ཁོས་གཟིགས་མོ་བར་རྒྱབ་གཏད་ཡོད། ལོ་གཉིས་ཀྱི་སྔོན་ལ་དར་སྐུ་དམར་པོ་རླུང་གིས་བསྐྱོད་ཅེས་པའི་དགོང་ཚོགས་ལ་ཞུགས་དུས་ཁོས་མིག་ཤེལ་ནག་པོ་ཞིག་བསྐྱོན་ཡོད། ཡིན་ནའང་དེ་རིང་ཁོས་ངོ་འབག་བཤུས་ཏེ་འཕྲིན་སྦྱོར་གྱི་མདུན་དུ་རང་ཉིད་ཀྱི་ཐོབ་ཐང་ཁྲོམ་བསྒྲགས་བྱས་པ་དང་། ཁོའི་མིང་ལ་ཙི་ལང་ཟེར། ཨེ་ཛིའི་ནད་ཕོག་ཡོད་མཁན་ཞིག་ལ་མཚོན་ན་བསྐྱར་གསོན་སྤྱིར་བཏང་ཞིག་ལ་ལོ་གཉིས་ཀྱི་དུས་ཚོད་སྤྱད་པ་དང་། མིག་ཤེལ་ག་ལེར་ཕུད་པར་ཡང་ལོ་གཉིས་སྤྱད།
“ཨེ་ཛིའི་ནད་པར་དམའ་འབེབས་བྱེད་མི་རིགས་ལ། ཁོ་ཚོར་རྒྱུས་ལོན་དང་བྱམས་སྐྱོང་། རོགས་རམ་བྱས་ན་འགྲིག”
འདི་ནི་ལོ་བཅུའི་རིང་ལ་ཨེ་ཛིའི་ནད་ཀྱིས་ན་ཚ་མྱངས་བའི་རྗེས་ལ་སེམས་ཀྱི་གཏིང་ནས་བཏོན་པའི་འབོད་སྐུལ་ཡིན་ལ། ལོ་བཅུའི་རིང་ལ་སྨན་རིན་གྱི་ཆེད་དུ། ཙི་ལང་གིས་ཁྱིམ་གྱི་རྒྱུ་རྫས་ཡོད་ཚད་བཙོངས་པ་དང་དེ་དང་ཆབས་ཅིག་ཏུ་ཁོ་དང་ཆུང་མ་གཉིས་ཀའི་ལས་ཀ་ཤོར། བྱིས་པའང་འུ་ཐུག་སྟེ་རུས་མིང་གསང་སྟེ་སློབ་གྲྭ་བརྗེ་ནས་ས་ཆ་གཞན་ཞིག་ལ་སྤར། སྟབས་མི་ལེགས་པའི་མྱོང་བ་འདི་ཚོ་དང་བསྡུར་ན་མཐའ་འཁོར་གྱི་མིག་ལོག་དང་རྐང་བརྡ་ལག་བརྡ། གཞོགས་སྨྲས་སོགས་ནི་ཁོས་དང་ལེན་བྱེད་ཆེས་ཁག་པོ་དེ་རེད།
“ཁོ་ལ་མི་ཚོང་། གང་ལྟར་ང་ཚོས་ཁོར་མི་ཚོང་། ཁོ་མར་ཁྲིད་སོང་།”
“ཕར་གནར། ཁོ་མི་བཙོང་། གང་ལྟར་ཁོ་ལ་མི་བཙོང་།”
“ཁོ་ལ་སྐད་ཆའང་བཤད་མི་ཕོད། ཁྱོད་ཀྱིས་ངས་ཁོའི་ཐ་མག་གཡུག་པ་མ་མཐོང་ངམ།”
“ཅི་བྱེད་འདི་བྱེད་མི་ཤེས་པ་ནི། དཔེར་ན། ཁྱོད་རང་རྒྱ་སྲང་ལ་ཉོ་ཆ་རྒྱག་པར་ཕྱིན་ཏེ་སྒོར་མོ་བཏོན་ནའང་ཁོས་ལེན་མི་ཕོད་པ་དང་། ཁོས་ཁྱོད་ལ་སྒོར་མོ་སློག་མི་ཐུབ་པར་ཁ་གཡོར་ལ། ད་དུང་ཁྱོད་ཀྱི་སེམས་ལ་གནོད་པར་དོགས་ཏེ་བཅའ་ལག་གི་གོང་མཐོ་པོ་བཤད་པ་དང་། ཁ་ཅིག་གིས་ནི་ཁྱེད་ལ་སྣང་དོགས་མེད་པར་བཙོང་མི་ཡོང་།”
“སྤྱི་ཚོགས་ཀྱི་བྱ་འགུལ་འདི་དག་ལ་ཞུགས་འདོད་མེད་པར་རང་ཉིད་གཅིག་པུ་ཁེར་ཧྲེང་དུ་འདུག་གི་ཡོད་དམ།”
“དེ་འདྲ་རེད། ད་ལྟ་ངས་མི་གཞན་དང་འབྲེལ་འདྲིས་མང་པོ་བྱེད་ཀྱིན་མེད། ཟ་མ་ཟ་དུས་ཀྱང་གང་ཟོ་ཟེར་ན་དེ་བཟའ་བ་ལས་ཐར་མས་གང་བྱུང་དུ་མི་ལེན་པ་གོམས་པར་བྱས་ཏེ་མི་གཞན་དག་རང་དང་མཉམ་པོར་བསྡད་པ་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་བསམ་འོང་གིན་ཡོད།”

འབྲེལ་ཡོད་འོས་སྦྱོར།