ཨེ་ཛིའི་ནད་ཀྱི་ཉེན་བརྡའི་ཟིན་ཐོ།
རྩོམ་པ་པོ།:དབང་ཆེན་ཚེ་རིང་གིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-06-27
ཀློག་གྲངས།:
“དམའ་འབེབས་ཀྱི་གནད་དོན་ནན་གྱིས་སྟོན་པ་ནི་ངེས་པར་བྱེད་དགོས་པ་ཞིག་ཡིན་ལ། འདི་ལྟར་བྱས་ན། HIVཕོག་མཁན་དེ་དག་གིས་ད་གཟོད་ཁོ་ཚོའི་གནས་ཚུལ་དེ་ཁྱབ་བསྒྲགས་བྱེད་ཡོང་། དེ་མ་ཡིན་པར། འཇིགས་སྐུལ་དང་རྡུང་རྡེག འཛེམ་དོགས་སོགས་བྱས་ན་མི་འགྲིག དེ་ལྟར་བྱས་ན་ད་གཟོད་ཁོ་ཚོ་མི་སྤྱིར་བཏང་བ་ཞིག་གི་ཚུལ་དུ་ང་ཚོའི་སྤྱི་ཚོགས་ཁྲོད་འཚོ་བ་རོལ་བ་དང་། ཁོ་ཚོའི་ལས་གནས་དང་ཁྱིམ་ཚང་། ཁྱིམ་མཚེས་གཡས་གཡོན་བར་དུ་ཁོ་ཚོར་ནད་སྤྱིར་བཏང་བ་ཞིག་ཕོག་པ་ལྟ་བུའི་བལྟ་ཚུལ་འཛིན་པ་ལས་གཞན་དུ་ངེས་འཛིན་བྱས་ན་མི་ལེགས།”
“མི་གཞན་དག་གི་སེམས་ལ་ང་ནི་གདོན་འདྲེ་དང་ཤི་བོ་ལྟ་བུར་མཐོང་གིན་ཡོད་པས། སྒོ་ཕྱི་རུ་འགྲོ་འདོད་མེད་ལ། ལམ་ནས་འགྲོ་དུས་མི་གཞན་གྱིས་ངོ་ཤེས་ཡོང་བ་དང་། ཁང་བདག་གིས་ཕྱིར་བདའ་བར་བྱེད་པ། ཚོད་མ་ཉོ་དུས་ཀྱང་ང་ཚོ་ལ་མི་བཙོང་བས་དངོས་ནས་བཟོད་དཀའ་བ་ཞིག་རེད། གལ་སྲིད་ནད་ཡོད་པ་ཕྱི་ཡི་མིས་ཤེས་ཚེ་ལས་ཀ་བཙལ་བ་ཡང་ཁག་པོ་ཡིན་རྒྱུ་རེད།”
དོ་ཁུར་མི་བྱེད་པ་དང་ཕྱིར་འབུད་པ། དང་ལེན་མི་བྱེད་པ་དང་ཐ་ན་མཐར་སྤྱུགས་བྱེད་པ་སོགས་འཚོ་བའི་ཁྲོད་ག་སར་ཁྱབ་ཡོད་པའི་ཕྱོགས་ལྷུང་གི་བལྟ་བ་འདི་དག་ནི་རལ་གྲི་རྣོན་པོ་ཞིག་དང་འདྲ་བར་ཨེ་ཛིའི་ནད་པའི་སྔར་ནས་ཉམ་ཐག་ཡིན་པའི་སྙིང་ལ་བསྣུན་པ་དང་ཀུན་ནས་འདྲ། འདིའི་ཕྱོགས་ནས་ཨེ་ཛིའི་ནད་སྔོན་འགོག་དྲིལ་བསྒྲགས་བྱེད་མཁན་ཕུའུ་ཚུན་ཞིན(濮存昕)ལ་ངེས་ཤེས་ཟབ་མོ་ཐོབ་ཡོད།
“སྣང་ཚུལ་འདི་དག་གིས་ཨེ་ཛིའི་ནད་འགོས་ཡོད་མཁན་དག་ལ་གནོན་ཤུགས་ཆེན་པོ་ཞིག་གྲུབ་ཡོད་དེ། ཁོ་ཚོས་འཆི་བར་བཟུང་བའི་འཇིགས་སྣང་དེ་དམའ་འབེབས་ཀྱི་སེམས་ཀྱི་གནོན་ཤུགས་ལས་ཆུང་།”
ཡང་ན་རང་བཞིན་གྱི་རང་ཉིད་སྲུང་སྐྱོབ་དང་། ཡང་ན་རང་བཀུར་གྱི་དགོས་དབང་ཞིག་གིས་དམའ་འབེབས་དང་ཕྱོགས་ལྷུང་ལ་ཁ་གཏོད་དུས་ཨེ་ཛིའི་ནད་ཕོག་ཡོད་མཁན་དག་གིས་ཁོ་ཚོ་སེམས་པ་དེ་ལྕགས་ཟྭ་ཞིག་དམ་པོར་བརྒྱབ་པ་ལྟར་བྱས་ཡོད་པ་ལས་འདི་ག་དུས་གྲོལ་ཡོང་བ་མི་ཤེས།
“ང་རང་ཉིད་ཀྱི་བལྟ་ཚུལ་ལྟར་ན་ཨེ་ཛིའི་ནད་ལ་དམའ་འབེབས་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ནི་བླུན་རྨོངས་དང་ཚན་རིག་གི་ཤེས་བྱ་ཆད་པས་ཡིན། གལ་སྲིད་འདིའི་ཕྱོགས་ཀྱི་ཡོན་ཚད་ཡོད་ན་སྣང་དོགས་མེད་པར་ཐག་གཅོད་ཐུབ། དེ་ནི་ནད་པར་ཇི་ལྟར་ཡག་པོ་བྱེད་དགོས་ཞེས་པ་མིན་ལ། ཡིན་ནའང་ཁོ་ཚོ་མི་རིགས་ཐུན་མོང་བ་ཞིག་ཏུ་བལྟས་ན་མི་འགྲིག”
ཨེ་ཛིའི་ནད་ཀྱི་འགོ་ལམ་གསུམ་ནི་མཚན་མས་འགོ་བ་དང་། ཁྲག་གིས་འགོ་བ། མ་བུས་འགོ་བ་བཅས་ཡིན།
ཨེ་ཛིའི་ནད་ཀྱི་རྩ་བའི་ཤེས་བྱར་རྒྱུས་ལོན་མེད་པའི་རྒྱུ་མཚན་གྱིས་མི་རྣམས་ནད་དེ་རང་ལ་འགོ་བར་དོགས་ནས་རང་བཞིན་གྱིས་དེ་ལ་འཛེམ་པ་དང་གཡོལ་བ། ཕྱིར་གྱེད་བྱེད་པ་ཞིག་ཆགས་ཡོད། བྱ་སྤྱོད་འདི་ཨེ་ཛིའི་ནད་པའི་མིག་ལམ་དུ་དམའ་འབེབས་བྱེད་པ་དང་ཁྱད་མེད་ལ། དེ་བཞིན། ཨེ་ཛིའི་ནད་ནི་དུག་རྔུབ་པ་དང་། སྨད་འཚོང་སོགས་ཀྱི་ཁྲིམས་འགལ་གྱི་བྱ་སྤྱོད་མི་ལེགས་པ་དེ་དག་དང་འབྲེལ་ནས་ཡོད་པས། བྱ་སྤྱོད་འདི་དག་ལ་མང་ཚོགས་ཀྱིས་དང་ལེན་དང་སྙིང་རྗེ་བྱེད་ཁག་པས། ཨེ་ཛིའི་ནད་པར་དམའ་འབེབས་ཀྱིས་ཚད་མཐོ་རུ་ཕྱིན་པ་རེད། ཡིན་ནའང་། གཤམ་བཀོད་ཀྱི་བྱ་སྤྱོད་འདི་དག་གིས་ཨེ་ཛིའི་ནད་འགོ་མི་ཡོང་ལ། འཐམ་པ་དང་ལག་འཇུ། སྤྱི་སྤྱོད་ཟས་སྣོད། མཉམ་དུ་ཟས་ཟ་བ། མཉམ་དུ་བཅའ་ལག་བཀོལ་པ། མཉམ་དུ་ཁྲུས་གཞོང་དང་ཉལ་ཆས་སྤྱོད་པ། སྤྱི་སྤྱོད་ཁྲུས་རྫིང་། ཧབ་ཆི་དང་གློ་ལུ་རྒྱག་པ། དུག་སྦྲང་གིས་སོ་བརྒྱབ་པ། དུས་རྒྱུན་གྱི་འབྲེལ་འདྲིས་ལས་འགོ་མི་ཡོང་།
དམའ་འབེབས་རྒྱུ་བྱས་ཏེ་ཨེ་ཛིའི་ནད་འགོས་ཡོད་མཁན་དང་ནད་པ་དག་གིས་བསམ་བཞིན་དུ་རང་གི་གནས་ཚུལ་དངོས་དེ་གསང་བ་བྱེད་ཀྱིན་ཡོད་ཀྱང་སྲིད་ལ། འདིས་ཨེ་ཛིའི་ནད་ཕོག་མཁན་ཚོས་ནམ་རྒྱུན་གྱི་འཚོ་བའི་ཁྲོད་འདི་ལྟར་བསམ་བཞིན་མ་ཡིན་པར་གྲིས་བཤག་དེ་ཁྲག་ཐོན་པའི་ཉེན་ཁ་ཡོད་ལ། དོ་སྣང་མ་བྱུང་བ་དང་ཚོད་འཛིན་མ་བྱས་པས་བསམ་མེད་ཁྲོད་དུ་ཨེ་ཛིའི་ནད་ཀྱི་འགོ་ཉེན་དེ་ཁྱབ་ཇེ་ཆེར་ཕྱིན། དམའ་འབེབས་བྱས་པའི་རྒྱུ་མཚན་གྱིས་ཨེ་ཛིའི་ནད་པས་འཚོ་བར་སྒྱིད་ལུག་གི་སྤྱོད་ཚུལ་འཛིན་པ་དང་། དེ་མ་ཟད་སྤྱི་ཚོགས་ལ་ཐལ་ཆ་ཆེ་དྲགས་པའི་བྱེད་ཐབས་ཀྱང་སྤྱོད་སྲིད་པས། མང་ཚོགས་རྣམས་ལ་འཇིགས་སྣང་བཟོ་བཞིན་ཡོད་ལ་དེ་དང་འབྲེལ་ནས་ཁོ་ཚོས་ནད་པར་དེ་བས་ཀྱང་དམའ་འབེབས་བྱེད་ཀྱིན་ཡོད་པ་དང་། རིམ་གྱིས་དམའ་འབེབས་ནས་འཇིགས་སྣང་དང་འཇིགས་སྣང་ནས་དམའ་འབེབས་ཀྱི་ངན་ཐོག་ངན་འཁོར་བྱེད་ཀྱིན་ཡོད། ཨེ་ཛིའི་ནད་པར་དམའ་འབེབས་བྱས་པའི་རྒྱུ་མཚན་གྱིས་མིག་སྔར་རང་རྒྱལ་གྱི་ཨེ་ཛིའི་ནད་འགོས་ཡོད་པ་དག་གི་ཡར་ཞུ་བྱས་པའི་ནད་པའི་བསྡོམས་གྲངས་དང་ད་ཡོད་ཀྱི་ཚད་ལེན་ཞིབ་རྩིས་བྱས་པའི་ནད་པའི་མི་གྲངས་བར་གྲངས་ཀའི་བར་ཁྱད་ཆེན་པོ་ཞིག་བྱུང་ཡོད། ཚད་ལེན་ཞིབ་རྩིས་བྱས་པའི་ནད་འགོས་ཡོད་མཁན་གྱི་མི་གྲངས་ནི་ཁྲི་ཚོ84ཡིན་པ་དང་། ཡིན་ནའང་ཡར་ཞུ་བྱས་པའི་མི་གྲངས་ནི་ཁྲི4ལྷག་ལས་མེད་པས་དེ་ནི་ཀྲུང་ཧྭ་མི་རིགས་ལ་ཉེན་བརྡ་གཏོང་བ་བཞིན་གོད་ཆག་གི་ཟློས་གར་ལྟ་བུ་ཞིག་འཁྲབ་བྱུང་།

འབྲེལ་ཡོད་འོས་སྦྱོར།