གཏམ་དཔེ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-07-18
ཀློག་གྲངས།:
གཏམ་དཔེ།
བྲག་གཡབ་རྫོང་དཀྱིལ་དམ་སློབ་ཆུང་བསྟན་འཛིན་ལྷ་དར་ནས་བསྡུས།
ལྕོང་མོ་སངས་རྒྱས་རེད།
མགོ་འབྲུག་འདྲ་འདྲ།
རྔ་མ་སྦྲུལ་འདྲ་འདྲ།
འགྲོ་མི་ཤེས་རྐང་སྣེ་རྡོ་ལ་ཐོག
བཤད་མི་ཤེས་ཚིག་སྣེ་སྐྱོན་ལ་ཕོག
ཁྲུང་ཁྲུང་བྱང་ལ་འགྲོ་བར།
ཕག་པས་ཇུས་ཏོག་མི་དགོས།
མཛེས་མ་ཕྱི་མཛེས་གྲོགས་རེད།
ཡུན་རིང་འགྲོགས་ན་དགྲ་རེད།
སོ་ཡོད་སོ་མེད་འདྲ་འདྲ་རེད།
ལྡད་གྲངས་མང་ཡང་མིད་རྒྱུ་རེད།
རྒྱུ་ཡོད་རྒྱུ་མེད་འདྲ་འདྲ་རེད།
མི་ཚེ་ཟད་ལུགས་གཅིག་པ་རེད།
ལྐོག་ལབ་ལྐོག་སྨད་ཡག་པོ་རེད།
མི་མེད་ས་རང་སེམས་བདེ་ས་རེད།
ཕོ་རང་གི་བྱས་ན་བྱས་ལེ་ཡིན།
ཚྭ་གཡག་གིས་ཐེགས་ན་ཐེགས་ལེ་ཡིན།
ཕ་ཡོད་དུས་བུ་ཡིས་མ་བལྟ།
མཛོ་ཡོད་དུས་གླང་གི་མ་རྨོ།
གར་འཕང་གི་མདའ་དང་།
གར་བཀུག་གི་གཞུ།
ཁ་ཆེ་མ་ཡི་ཟ་འདོད།
ལག་རིང་མ་ཡིས་བསྙབ་འདོད།
རྔ་མོང་སྐེ་རིང་ཡང་
ལུང་དགུའི་རྩ་མི་རག
བཟའ་ཚང་མཐུན་དགོས།
ལུས་འབྲེལ་སྐྱིད་དགོས།
རྒྱུ་ཡོད་ན་ཨ་ཁུའི་ཚ་བོ།
རྒྱུ་མེད་ན་ཨ་ཁུའི་གཡོག་པོ།
གཏམ་ཨ་ཕས་བཤད་རྒྱུའི་ཨ་མའི་བཤད།
ཁྱི་བདག་པོས་འགོག་རྒྱུ་འགྲུལ་པས་བཀག
འཇིག་རྟེན་ཁམས་ན་རྒྱུ་མེད་སྡུག
དམྱལ་བའི་ཁམས་ན་ཆོས་མེད་སྡུག
རྒྱུ་ཅན་རྟ་ལ་བཞོན་ན།
རྒྱུ་མེད་སེམས་འཁྱག
ཁྲ་ཆུང་མིག་གིས་རྒྱུ་རིག་ན།
གངས་དཀར་སེམས་ལ་གདོན་འཇུག
གཏམ་ཚིག་གསུམ་ཞིབ་ཏུ་མ་བཤད་ན།
ཕ་བུ་ཡིན་ཡང་གོ་བརྡ་མི་འཕྲོད།
ཁ་བདེ་མོས་ཅི་བཤད་གང་བཤད།
ལག་བདེ་མོས་ཅི་ལས་གང་ལས།
ཁ་མཚར་ཁ་ཡི་རྒྱན་ཆ།
མེ་ཏོག་སྤང་གི་རྒྱན་ཆ།
ཁ་ཁ་རོག་བསྡད་ན་ཁ་མཆུ་མེད།
ལམ་བདེ་མོར་སོང་ན་འགྱེལ་དོན་མེད།
གཏམ་མ་བཤད་ན་མི་གོ
དུང་མ་འབུད་ན་མི་གྲགས།
ཁོག་དྲང་མོ་མདའ་འདྲ་འདྲ།
སེམས་བརྟན་པོ་རི་འདྲ་འདྲ།
དགྲ་འདྲེ་གཉིས་དང་མ་ཐུག་བར།
ཨ་མའི་གོ་ཁར་སུ་ཡང་རྒོད།
ཉམ་དེ་ལས་ཆུང་ན་དུད་འགྲོ་རེད།
སྐེ་དེ་ལས་ཕྲ་ན་ཡི་དྭགས་རེད།
ཆུ་ཆེན་ཁ་ཡི་གྲུ་པ་བཙན།
ཐབ་ཆེན་ཁ་ཡི་ཇ་མ་བཙན།
ཁ་ཟས་ལ་དགའ།
ལུས་ཉལ་ལ་དགའ།
གཏམ་མི་ཁ་བརྒྱུད་ན་ཇེ་མང་།
རྒྱུ་མི་ལག་བརྒྱུད་ན་ཇེ་ཉུང་།
ད་ཤོད་ཟེར་དུས་བཤད་རྒྱུ་མེད།
ད་རྒྱུགས་ཟེར་དུས་རྒྱུག་རྒྱུ་མེད།
དང་པོ་ཐོ་མ་བསླངས་ན་།
གཉིས་པ་བྱ་མི་འབབ།
གཉིས་པ་བྱི་མི་འབབ་ན།
གསུམ་པ་རྟ་མི་འདྲོག
མགྲོན་ཚུར་ཤོག་ཟེར་དུས་མ་སོང་ན།
ཁྱི་འགོག་རོགས་ཟེར་དུས་དཀའ་མོ་རེད།
ཉམ་ཐག་འགྲོ་བ་མ་སྐྱོབས་ན།
སྙིང་རྗེ་བསྒོམས་པས་ཅི་ལ་ཕན།
རྒྱ་མཚོ་འགྲམ་ལ་བཞག
ཀོ་གྱོང་མཆིལ་མས་སྦང་།
གཉིད་ཚོད་རང་གིས་མ་བཟུང་ན།
གཏི་མུག་གཉིད་ལ་དྭངས་རྒྱུ་མེད།
གུར་དཀར་ཆུང་མ་གཏོགས་མགོ་སྒུར་མ་མྱོང་།
ལྷ་བླ་མ་མ་གཏོགས་ཞྭ་ཕུད་མ་མྱོང་།
ལུས་གོས་དང་བསྟུན་དགོས།
གཏམ་གྲོགས་དང་བསྟུན་དགོས།
རྡོ་སྐམ་པོ་ཡིན་ཡང་མེ་མི་འབར།
ཤིང་རློན་པ་ཡིན་ཡང་མེ་ལ་འབར།
ཁ་མཚར་ཀུ་རེ་མེད་ན་སྐུགས་པ་ཡིན།
ཀུ་རེ་ཚོད་བཟུང་མེད་ན་སྨྱོན་པ་རེད།
འགྲོ་ལུགས་ཤེས་པའི་མི་རྒན།
གོམ་པ་ཤེས་པའི་རྟ་རྒན།
ཁ་མི་གྲགས་པ་ལ་གནད་ཅིག་ཡོད།
རྩྭ་མི་ཟ་བ་ལ་ནད་ཅིག་ཡོད།
ཆུ་འགོ་ནས་བརྙོག་ན།
ཆུ་རྔ་ལ་དྭངས་རྒྱུ་མེད།
རྟ་འདོ་བ་ལ་རྒྱུག་ཡོད་ན།
ཨ་ཆེན་ཐང་ལ་ཟད་མཐའ་མེད།
ཁ་ན་སྐད་ཆ་མེད།
ཁོག་ན་ཤེས་པ་མེད།
ཁ་ཡག་བཤད་ན་གོ་མི་ཆོད།
ཚྭ་ཁུ་འཐུང་ན་སྐོམ་མི་སོད།
ཁྱི་རྒན་མདུན་གྱི་རུས་གོང་དེ།
རང་གིས་མི་ཆོད་གཞན་ལའང་མི་སྟེར།
བདག་པོ་ཕག་ཉལ་ཉལ།
དོན་མེད་ཁྱི་རྒྱུག་རྒྱུག
བླ་མས་ཅི་གསུང་བཀའ།
དཔོན་པོའི་ཅི་བཤད་ཁྲིམས།
ཉམས་ཆུང་འདུག་ཤེས་ན།
བཙན་པོས་སྒུལ་མི་ཐུབ།
མི་རྒས་ན་དབང་མེད།
རྟ་རྒས་ན་གོང་མེད།
དོན་ལྡན་མི་ཚེ་སྐྱེལ་འདོད་ན།
དགེ་བའི་ལས་དང་ཕ་མར་བཀུར།
རྩ་བ་མ་རུལ་ན།
ལོ་མ་སྐམ་མི་ཡོང་།
ཚིག་རྩུབ་སྨྲ་བའི་གྲོགས་པོ་དེ།
ཤ་ཚ་སྙིང་ནས་བྱས་པའི་རྟགས།
ཤེས་ཤག་ཤག་ཕོ་མོ་དབྱེ་བ།
མི་ཤེས་ཤག་ཤག་ཆོས་ལུགས་དབྱེ་བ།
ལས་ལ་ཉ་པ་བསྐོས་སོང་།
སྡིག་པ་འཛེམ་ཡན་མི་འདུག
འབྲེལ་ཡོད་འོས་སྦྱོར།
-
གཅིག་བཤད་དོན་ལ་མ་གནས་ན།། བརྒྱ་བཤད་སྟོང་བཤད་སྟོང་བ་...
-
ཝ་རྔ་མ་ཤ་ལེར་བྲོས་པ་ལས། སྟག་འཛུམ་དྲུག་ཉིལ་ལེར་ཤི་ན...
-
༡སེང་གེ་གངས་ལ་བསྡད་ན་སེང་གེ་དང་།སེང་གེ་གྲོང་ནང་ཡོང...