རྒྱལ་རབས་དེབ་ཐེར་དཀར་བོའི་མཆན་འགྲེལ།
རྩོམ་པ་པོ།:མཁས་དབང་དགེ་འདུན་ཆོས་འཕེལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-02-28
ཀློག་གྲངས།:
༨༧ རྭ་ལོ______རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ནི་ཡབ་རྭ་སྟོན་དཀོན་མཆོག་རྡོ་རྗེ་དང་ ཡུམ་རྡོ་རྗེ་དཔལ་འཛོམས་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༠༡༦ལོར་ལ་སྟོད་དུ་འཁྲུངས་ ཤིང་ཆུང་དུས་ཀྱི་མཚན་ལ་ངོ་མཚར་འབྱུང་གནས་ཟེར་ཡང་ཡིག་རིགས་སྣ་ཚོགས་དང་ལག་ རྩལ་སྣ་ཚོགས། སྒྱུ་རྩལ་དུ་མར་དབང་འབྱོར་བས་ཤེས་རབ་འབྱུང་གནས་ཞེས་པའི་མཚན་རང་ཤུགས་ཀྱིས་ ཆགས། རྒྱ་བལ་གཉིས་སུ་སྔ་ཕྱིར་ལན་བཞིར་ཕེབས་ཏེ་ས་ཐོབ་ཀྱི་རྣལ་འབྱོར་བ་མང་དུ་ བསྟེན་ནས་མཁས་པ་ཆེན་པོར་གྱུར། དཔལ་ནཱ་ལེནྡྲཱ་ནས་དགེ་ཚུལ་སློང་གི་སྡོམ་པ་བཞེས། དབང་ལུང་མན་ངག་མཐའ་ཡས་པ་གསན། དཔལ་རྡོ་རྗེ་འཇིགས་བྱེད་མངོན་སུམ་དུ་གྲུབ་སྟེ་བསྟན་འགྲོའི་དོན་དཔག་མེད་མཛད། འཇིགས་བྱེད་ཀྱི་རྒྱུད་རྟོགས་པ་བདུན་མ་དང་རྟོགས་པ་བཞི་བ་སོགས་མདོ་སྔགས་ཀྱི་ ཆོས་མང་བོ་བོད་སྐད་དུ་བསྒྱུར། སྐུ་ཚེའི་སྨད་དུ་གཙོ་བོར་ལྷ་སར་བཞུགས་ཏེ་འཕྲིན་ལས་ནམ་མཁའ་དང་མཉམ་པ་བྱུང་ ཞིང་བུ་སློབ་འབུམ་ཕྲག་ལས་བརྒལ། དགུངས་གྲངས་བརྒྱ་དང་བཅུའམ་བརྒྱ་དང་བརྒྱད་ཅུར་བཞུགས་སོགས་བཤད་ཚུལ་མི་འདྲ་བ་ ཡོད། སྐུ་གདུང་ཧྲིལ་བོ་འབྲས་སྤུངས་སྔགས་པ་གྲྭ་ཚང་དུ་གདན་དྲངས། ད་ལྟའང་ཕྱག་གཡས་པ་སྐྱེ་དགུའི་བསོད་ནམས་ཀྱི་རྟེན་དུ་ལྷག་ཡོད་སྐད་དོ། །
༨༨ ཁྱུང་བོའི་མཁས་པ་གྲགས་སེ་བྱ་བ______རྭ་ལོ་ཙཱ་བ་སོགས་དང་དུས་མཉམ་པའི་བཀའ་ གདམས་པའི་དགེ་བཤེས་ཆེན་པོ་ཞིག་སྟེ། མཚན་གྱི་རྣམ་གྲངས་ལ། ཁྱུང་བོ་ཆོས་བརྩོན་དང་། ཁྱུང་བོ་གྲགས་སེང་ཡང་ཟེར། ཁོང་ནི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེའི་ཉེ་གནས་ཡིན་ལ། ཁ་ཆེའི་པཎ་ཆེན་ཤྲཱི་དང་ལྷན་ཅིག་རྒྱུད་རྡོ་རྗེ་རྩེ་མོ་དང་། ངན་སོང་སྦྱོང་རྒྱུད། ཚད་མ་རྣམ་ངེས་སོགས་བོད་སྐད་དུ་བསྒྱུར། དགེ་བཤེས་དོལ་པ་སོགས་སློབ་མ་མཁས་པ་མང་དུ་བྱུང་། མཛད་རྣམ་ཞིབ་རྒྱས་མྱང་ཆོས་འབྱུང་ལས་ཤེས་པར་བྱའོ། །
༨༩ པོ་ཏ་ལ______རྒྱ་གར་སྐད་དེ། བོད་སྐད་ལ་གྲུ་འཛིན་ཟེར། སངྒ་ལའི་རྒྱལ་ཁབ་ཀྱི་ཤར་ལྷོའི་ཕྱོགས་སུ་རི་བོ་པོ་ཏ་ལ་ཟེར་བ་ཞིག་ཡོད་ཅིང་། དེ་ནི་སྤྱན་རས་གཟིགས་དངོས་སུ་བཞུགས་པའི་གནས་རི་ཞིག་ཡིན་པས། མིང་དེ་ལྷ་སའི་ཕོ་བྲང་དམར་བོར་བཏགས་པ་རེད། ཕོ་བྲང་དམར་བོའི་སྐོར་གོང་དུ་མདོ་ཙམ་བཤད་ཟིན།
༩༠ ཕོ་བྲང་རླུང་འཚུབ་མ་རུ་ཏ་དང______འདི་ནི་ཕ་བོང་ཁའམ་སྐུ་མཁར་མ་རུ་ཡིན་ཞེས་ བརྗོད་མཁན་ཡོད། དེ་ལྟར་ན་ཕ་བོང་ཁ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཆེད་དུ་བློན་ཆེན་ཐོན་མི་སམ་ བྷོ་ཊར་བཞེངས་པའི་ཐོག་བརྩེགས་དགུ་ཅན་གྱི་ཕོ་བྲང་ཞིག་སྟེ། ལྷ་སའི་བྱང་ངོས་སྤྱི་ལེ་བརྒྱད་ཙམ་གྱི་སར་་རུས་སྦལ་དབྱིབས་ཀྱི་ཕ་བོང་ཆེན་པོ་ ཞིག་གི་སྟེང་དུ། སོ་ཕག་ཁྲོ་ཆུས་བསྡམས་པ་ལས་བཞེངས་ཤིང་། ཕྱོགས་བཞིར་མི་འགྱུར་བའི་ལྕགས་ཐག་བཞིས་བརྟན་པར་བྱས། ལྷོ་ངོས་སྒོར་དབྱིབས་དང་བྱང་ངོས་གྲུ་བཞིའི་དབྱིབས། སྒོ་བྱང་བལྟ་རྡོ་སྐས་རིམ་པ་དང་ལྡན་པ་སོགས་གནའ་རབས་འཛུགས་བསྐྲུན་གྱི་ཁྱད་ ཆོས་ཆེས་ཆེར་ལྡན་ཚུལ་ཕ་བོང་ཁའི་དཀར་ཆག་དད་ལྡན་པད་མོ་རྒྱས་བྱེད་གཟི་བྱིན་ འོད་སྟོང་འབར་བའི་ནོར་བུ་ཞེས་པར་གསལ། དེར་སྔོན་ཆོས་རྒྱལ་ཡབ་ཡུམ་ལོ་གསུམ་ཙམ་ལ་སྒྲུབ་པ་མཛད་པ་དང་། ཐོན་མིས་བོད་ཡིག་གསར་བཟོ་དང་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་མཛད་པ། མདོ་རྒྱུད་ཉེར་གཅིག་སོགས་ཐོག་མར་བསྒྱུར་བ། བོད་རྗེ་འབངས་ཡོངས་ཀྱིས་བོད་ཡིག་ཐོག་མར་སྦྱངས་པ། སྲོང་བཙན་ནས་ཁྲི་སྲོང་བར་གོས་དཀར་ལྕང་ལོ་ཅན་བརྒྱ་ཕྲག་དུ་མས་བསྐྱེད་རྫོགས་ སྐོར་ཉམས་བཞེས་གནང་བ་སོགས་འགང་ཆེ་བའི་ལོ་རྒྱུས་མང་བོ་བརྗོད་རྒྱུ་ཡོད་མོད་ གླང་དར་སྐབས་རྩ་མེད་དུ་བཏང་། ཕྱིས་སུ་དགེ་བཤེས་བྲག་དཀར་བ་དང་འགྲོ་མགོན་ཆོས་རྒྱལ་འཕགས་པ། གོང་ས་ལྔ་བ་ཆེན་མོ་སོགས་ཀྱིས་སྔ་ཕྱིར་ལན་མང་ཞིག་གསོ་མཛད་མྱོང་། ད་ལྟའང་ཕྱིའི་འཛུགས་བསྐྲུན་དང་དང་ནང་གི་རྟེན་བཞེངས། དགེ་འདུན་གྱི་སྡེ་བཅས་ཆེས་ཉམས་དགའ་བའི་གནས་སུ་ཡོད་དོ། །
༩༡ འཕང་ཐང་གི་ཁང་མོ་ཆེ______འདི་ནི་རྒྱལ་བོ་ཁྲི་གཙུག་ལྡེ་བཙན་གྱི་དུས་སུ་ བཞེངས་པའི་ཕོ་བྲང་འཕང་ཐང་མ་སྟེ། ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་མ་བཞེངས་པའི་སྔོན་ཙམ་ལ་ཆུ་ལོག་ གིས་ཁྱེར་བར་བཤད། ཁྲི་ལྡེ་སྲོང་བཙན་གྱི་སྐབས་སླར་ཡང་ཉམས་གསོ་བྱས་ཤིང་དཀར་ཆག་འཕང་ཐང་མ་ཞེས་ པའང་ཕོ་བྲང་དེར་བཞུགས་པའི་བཀའ་བསྟན་ཅི་ཡོད་དཀར་ཆག་ཏུ་བཀོད་པ་ཞིག་ཡིན་འདུག
༩༢ བྲག་དམར་མགྲིན་བཟང______འདི་ནི་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱིས་གངས་ཏི་སེ་ ནས་སངས་རྒྱས་གསང་བ་དང་སངས་རྒྱས་ཞི་བ་གཉིས་གདན་དྲངས་ཀྱང་མ་འདྲོངས་པས། ཕོ་ཉས་ཐེག་པ་ཆེན་པོའི་མདོ་སྡེ་ལྔ་བློ་ལ་བཟུང་ནས་ཕེབས་པས། གླེགས་བམ་ལྔ་བཞེངས་ཏེ་བཞུགས་གནས་སུ། བྲག་དམར་མགྲིན་བཟང་དང་། བྲག་དམར་ཀེ་རུ། གསང་མཁར་བྲག མཆིམས་ཕུ་ནམ་རལ། མ་ས་གོང་གི་ལྷ་ཁང་དང་ལྔ་བཞེངས་པའི་ཡ་གྱལ་དེ་ཡིན། མིང་གཞན་ལ་ཕོ་བྲང་བྲག་དམར་འོམ་བུ་ཚལ་ཡང་ཟེར། བསམ་ཡས་གཙུག་ལག་ཁང་ཤར་དུ་ཁ་གཏད་པའི་བྱང་ངོས་ཀྱི་ཐང་དཀྱིལ་དུ་ཡོད་འདུག ཁྲི་སྲོང་ལྡེ་བཙན་ཡང་ཕོ་བྲང་དེར་འཁྲུངས་ཤིང་རྗེས་སུ་ལྷ་ཁང་དུ་བསྒྱུར། ཆོས་ལ་མི་དགའ་བའི་བློན་པོ་མ་ཞང་སོགས་ཀྱིས་གཏོར་བཤིག་བྱས་ཀྱང་བསམ་ཡས་གཙུག་ ལག་ཁང་བཞེངས་སྐབས་བློན་པོ་སང་ཤིས་སླར་ཡང་ཞིག་གསོ་བྱས་ཚུལ་སྔོན་རབས་ལོ་ རྒྱུས་དག་ཏུ་གསལ་ཏོ། །
༩༣ གཟིམ་འགག______དུང་དཀར་ཚིག་མཛོད་ལས། དེ་སྔ་བོད་ས་གནས་ཀྱི་སྲིད་གཞུང་གི་སྐབས་རྩེ་གཟིམ་ཆུང་འགག་གི་དཔོན་རིགས་གྲས་ ཏེ། འགག་ཏུ་གཏན་སྡོད་ཀྱིས་ཏཱ་ལའི་བླ་མའི་སྐུའི་ཉེན་སྲུང་བྱེད་པའི་ཐོག་རྣམ་ཀུན་ དྲུང་ཇ་དང་ལོ་གསར་སོགས་མཛད་ཆེན་ཁག་ལ་སྒྲིག་ཁྲིམས་གནོན་སྡོམ་གྱིས་སྒྲིག་ལམ་ མི་འཁུར་མཁན་ལ་ཉེས་རྡུང་ཡང་གཏོང་ཆོག ཅེས་གསལ།
༩༤ འབོག་ལྕག______བོད་རྒྱ་ཚིག་མཛོད་ཆེན་མོ་ལས། སྔར་ཏཱ་ལའི་བླ་མ་དང་སྲིད་སྐྱོང་གཉིས་ཀྱི་གཟིམས་སྒོའི་ཆེ་རྟགས་དང་། སྒོ་སྲུང་གཟིམ་འགག་གིས་འཁྱེར་རྒྱུའི་ལག་ཆ་ཞིག ཅེས་གསལ།
༩༥ དར་ལྕོག______བོད་ཀྱི་ཁྱིམ་ཚང་སོ་སོའི་ཁང་བའི་ཐོག་ཀར་འཛུགས་རྒྱུའི་ཟུར་ ལྕོག་གམ་དར་ལྕོག་ནི་དེབ་དཀར་རང་གཞུང་དུ་གསུངས་པ་ལྟར་ཐོག་མར་ཁྱིམ་ཚང་རེ་ རེའི་སྒོ་སྟེང་དུ་དར་མདུང་རེ་སློང་སྲོལ་བྱུང་བས་སྒོ་དར་ཡང་ཟེར་ཞིང་། དེ་ནི་ཐོག་མར་དམག་གི་མཚོན་རྟགས་ཞིག་ཡིན་འདུག་ལ། ནང་ཆོས་བོད་ལ་དར་བ་ནས་ཆོས་ཀྱི་ལས་སུ་སོང་བར་མ་ཟད་རིགས་དང་མཚོན་རྟགས་ཀྱང་སྣ་ ཚོགས་བྱུང་། སྲིད་དོན་རྒྱལ་རབས་ལས། དར་ལྕོག་འཛུགས་པ་ནི་རླུང་རྟ་དར་བ་དང་། བསྟན་པ་དར་བའི་དར་ཅོག་ཅེས་བོད་མིའི་ཐུན་མོང་མ་ཡིན་པའི་རྟགས་མཚན་ཞིག་ཡིན་པས། ཁང་བའི་ཡང་ཐོག་དང་། རི་མཐོན་པོ། ལ་རྩེ། བྲག་གཡང་གཟར་བོ། ཤིང་མཐོན་པོ་སོགས་ལ་འཛུགས་ཤིང་། ལྷག་པར་རྟེན་འབྲེལ་ཆེན་པོ་བྱེད་པའི་ཁམས་མཐུན་གྱི་དར་ལྕོག་འཛུགས་པ་དང་། དར་གྱི་ལྡ་ལྡི་འཐེན་པ། བཀྲ་ཤིས་ཁྲ་འབྲེལ་འཕྱང་བ། སྒོ་འགྲམ་དུ་དར་ཆེན་འཛུགས་པ་སོགས་བྱེད། ཅེས་གསུངས།
དེ་ཡང་སངས་རྒྱས་བྱང་སེམས་རྣམས་ཀྱི་སྐུ་རྟེན་དུ་ཐང་ག་འབྲི་བ་དང་འབུར་བརྐོས་ ཀྱིས་བཞེངས་པ། ལུགས་སུ་བླུག་པ། གསེར་དངུལ་ཟངས་ལྕགས་དང་ས་ཤིང་རྡོ་སོགས་ཅི་རིགས་ཀྱིས་འབག་སྐུར་བཞེངས་པ་སོགས་ བྱས་ཤིང་། ཐུགས་རྟེན་དུ་མཆོད་རྟེན་ཆ་བརྒྱད་སོགས་བཞེངས། གསུང་རྟེན་དུ་གསུང་རབ་དང་གཟུངས་སྔགས་སོགས་བྲིས་ཤིང་དཔར་བར་མ་ཟད། ཟ་འོག་དང་གོས་ཆེན། རས་འཕྲུག་དར་གསུམ་སོགས་ཀྱི་སྟེང་དུ། གསེར་དངུལ་དང་ཚལ་དམར། སྣག་ཚ་སོགས་ཀྱི་ནང་དུ་རིན་ཆེན་སྣ་ལྔ་སྨན་དང་དྲི་བཟང་སོགས་བསྲེས་ནས་དཔར་ཏེ། སྒོའི་དར་ཤིང་དང་ཁང་ཐོག་གི་དར་ལྕོག ཆུ་བོའི་འགྲམ་དང་དུ་བ་ཆེན་པོའི་ཁ། རི་ཆེན་གྱི་རྩེ་དང་རླུང་ཆེན་པོའི་ཁ་སོགས་ལ་བཙུགས་སོ། །
དར་ལྕེ་ཡང་ཡོན་བདག་གི་རླུང་རྟ་སོགས་ཀྱི་ཁམས་ལ་བརྟགས་ཏེ་ཁ་དོག་དམར་སེར་ལྗང་སྔོན་སོགས་གང་འོས་འདོགས་པ་དང་། སྡིག་པ་བཤགས་པ་དང་ཚེ་བསོད་འཕེལ་བ། བར་ཆད་བཟློག་པ་སོགས་གང་གི་ཆེད་དུ་དམིགས་པ་ཡིན་ན་དེ་དང་དེའི་ལུགས་ཀྱི་འབྲི་གཞི་དང་། དར་ཤིང་། དར་ལྕེ་བཅས་ལ་ཁྱད་པར་ཆེན་པོ་ ཡོད། དར་ལྕོག་གམ་ཇོ་དར་འདི་ནི་རི་བོའི་ངོས་སམ་རྩེ། ཆུ་བོའི་འགྲམ། རླུང་ནང་། ཡུལ་དགོན་ཀྱི་ཕྱོགས་སོགས་སུ་བཙུགས་ན། བསེར་བུ་དང་གྲིབ་མ་ཕོག་པ། ཆུ་སྒྲ་ཐོས་པ། གང་དེར་འདུག་པ་དང་འགྲིམ་པའི་སེམས་ཅན་ཡོད་དོ་ཅོག་གི་གནས་སྐབས་ཀྱི་བར་ཆད་སེལ་ ཞིང་ནད་གདོན་ཞི་བ། མཐར་ཐུག་བདེ་བ་ཅན་དུ་སྐྱེ་བ་སོགས་ཁུངས་བཙུན་གཞུང་ན་གསལ་ཞིང་ཚད་ཐུབ་མཁས་པས་གསུངས་སོ། །
༩༦ འགོལ་བོ______འགོལ་བ་ཡང་ཟེར་ཏེ་དབེན་པའི་དོན་ནོ། །
༩༧ རྒྱ་གར་གྱི་གང་གཱའི་ལྷ་མོ______དབང་ཕྱུག་གི་ཆུང་མ་ལྷ་མོ་ཨུ་མའི་མིང་དུ་བཤད་པ་ཡོད་དེ་ཁུངས་ལུང་གསལ་བོ་མ་མཐོང་།
༩༨ རྨ་རྒྱལ་སྤོམ་ར______རྨ་ཆེན་སྤོམ་ར་ཞེས་ཀྱང་འབོད་དེ་བོད་ཀྱི་ལྷ་ཆེན་བཅུ་གཉིས་ཀྱི་ནང་ཚན་ནོ། །
༩༩ ཀོན་ཡིན་ཕུ་སཱ______རྒྱ་སྐད་ཀྱི(观音菩萨)ཞེས་པའི་སྒྲ་སྟེ་སྤྱན་རས་གཟིགས་ཀྱི་མཚན་ནོ། །
༡༠༠ མངོན་ཤེས______མངོན་གྱུར་དང་། ཡུལ་དུས་ཐག་རིང་བོ་ན་གནས་པའི་ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་གྱི་གནས་ཚུལ་མངོན་སུམ་དུ་རྟོགས་ཐུབ་པའི་ཤེས་པ་ཞིག་ལ་མངོན་ པར་ཤེས་པ་ཟེར། དེ་ལ་ལྷའི་མིག་གི་མངོན་ཤེས་དང་། ལྷའི་རྣ་བའི་མངོན་ཤེས། གཞན་སེམས་ཤེས་པའི་མངོན་ཤེས། སྔོན་གནས་རྗེས་དྲན་གྱི་མངོན་ཤེས། རྫུ་འཕྲུལ་གྱི་མངོན་ཤེས་བཅས་ལྔའམ། ཟག་པ་ཟད་པའི་མངོན་ཤེས་བསྣན་པས་དྲུག རྒྱས་པར་ཕྱེ་ན་མངོན་ཤེས་དྲུག་ཅུ་ཡོད་དོ། །
༡༠༡ འོལ་ཚོད______འོལ་སྤྱི་ཡང་ཟེར་ཏེ། རགས་རིམ་ཙམ་མམ་ཧ་ལམ་གྱི་དོན་ནོ། །
༡༠༢ ལྐོག་གྱུར______ཐལ་འགྱུར་བ་ལས་གཞན་པའི་རང་སྡེའི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས། རྗེས་དཔག་ཚད་མས་དངོས་སུ་རྟོགས་པར་བྱ་བ་ལྐོག་གྱུར་གྱི་མཚན་ཉིད་དུ་འདོད་ལ། ཐལ་འགྱུར་བས། རྟགས་སྟོབས་ཀྱིས་རྟོགས་པར་བྱ་བ་ལྐོག་གྱུར་གྱི་མཚན་ཉིད་དུ་འདོད། རྒྱས་པར་གཞུང་ཆེན་མོ་རྣམས་ལས་ཤེས་དགོས།
༡༠༣ གླང་རུ་ལུང་བསྟན______འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་གླང་རུ་ ལུང་བསྟན་གྱི་མདོ་ཞེས་པ་དེ་ཡིན་ལ། ལི་ཡུལ་གྱི་གནས་དང་དེར་ནང་བའི་བསྟན་པ་དར་ཚུལ་སོགས་མང་བོ་ཞིག་ལུང་དུ་བསྟན་ ཡོད། ཤོག་གྲངས་བཅུ་ལྷག་ལས་མེད།
༡༠༤ རེད་འདའ་བ______རྗེ་བཙུན་རེད་འདའ་བ་གཞོན་ནུ་བློ་གྲོས་ནི་དཔལ་ས་སྐྱའི་དགོན་ འདབས་སུ་བློན་ཆེན་མགར་སྟོང་བཙན་གྱི་རྒྱུད་དུ་༼1349-1412༽སྐུ་འཁྲུངས་ཤིང་ དགུང་ལོ་བཅོ་བརྒྱད་པར་ས་བཟང་པཎ་ཆེན་གྱི་མདུན་ནས་རབ་ཏུ་བྱུང་། ཉ་དཔོན་ཀུན་དགའ་དཔལ་དང་རྒྱལ་སྲས་ཐོགས་མེད་བཟང་བོ་སོགས་བསྟེན་ནས་མཁས་པ་ཆེན་ པོར་གྱུར། དབུ་མའི་འཆད་ཉན་ཆེས་ཆེར་སྤེལ་ཞིང་བསྒྲུབ་བྱ་དུ་མ་བསྙེན་པར་རྫོགས་པ་སོགས་ སངས་རྒྱས་ཀྱི་བསྟན་པ་དར་བའི་ཐབས་ཁོ་ནས་སྐུ་ཚེ་འདའ་བར་མཛད། རྗེ་བློ་བཟང་གྲགས་པ་སོགས་གསུང་སྐྱེས་བུ་སློབ་བསྟན་པའི་མཛེས་རྒྱན་དུ་གྱུར་བ་ མང་དུ་བྱུང་ཞིང་། ལྗགས་རྩོམ་ནི། འཛམ་གླིང་མཛེས་པའི་རྒྱན་མཆོག་དཀའ་ཆེན་བཞི། །རྩ་འཇུག་གཞི་གསུམ་ཐེག་ཆེན་རྒྱུད་བླ་མ། །ཆོས་མངོན་མཛོད་དང་དཔལ་ལྡན་འདུས་པ་སྟེ། །རྣམ་བཤད་མཛད་པའི་གཞུང་ལུགས་བཅུ་ཕྲག་གཅིག ། ཅེས་གསུངས་པ་ལྟར་མང་དུ་མཛད་པ་ལས་པོད་གཅིག་ལྷག་ད་ལྟའང་བཞུགས་སོ། །
ཁོང་བསམ་གྱིས་མི་ཁྱབ་པའི་མཁས་པ་ཆེན་པོ་ཡིན་ཚུལ་རྗེ་རིན་པོ་ཆེའི་བྱང་ཆུབ་ལམ་ རིམ་ཆེན་མོའི་མཛད་བྱང་དུ། གངས་རིའི་ཁྲོད་ཀྱི་ཤིང་རྟ་ཆེན་པོ། གསུང་རབ་རབ་འབྱམས་ལ་མི་འཇིགས་པའི་སྤོབས་པ་དགེ་བ་ཅན། གཞུང་ལུགས་ཆེན་མོ་རྣམས་ཀྱི་དོན་ཚུལ་བཞིན་དུ་བསྒྲུབས་པས། རྒྱལ་བ་སྲས་བཅས་དགྱེས་པ་བསྐྱེད་པའི་རྨད་དུ་བྱུང་བའི་སེམས་དཔའ་ཆེན་པོ་རྗེ་ བཙུན་དམ་པ་རེད་འདའ་བ། ཞེས་གསུངས་པས་ཀྱང་ལེགས་པར་དཔག་ནུས་སོ། །
༡༠༥གྲོ་ལུང་བ______རྔོག་ལོ་ཙཱ་བའི་སློབ་མའི་ཁྲོད་ན་གསུང་རབ་ཀུན་ལ་མཁས་པའི་ འགྲན་ཟླ་དང་བྲལ་བའི་གྲོ་ལོང་བ་བློ་གྲོས་འབྱུང་གནས་མཆོག༼དུས་རབས་བཅུ་གཅིག་ པའི་སྨད་ཙམ་དུ་བྱོན་པར་ངེས། ༽ནམ་འཁྲུངས་མི་གསལ་ཡང་དགུང་གྲངས་བརྒྱད་ཅུ་ལྷག་ལ་བཞུགས་ཚུལ་ཡོངས་འཛིན་ཡེ་ ཤེས་རྒྱལ་མཚན་པས་ལམ་རིམ་བླ་བརྒྱུད་དུ་གསུངས་ལ། ཇོ་བོ་རྗེ་དང་འབྲོམ་སྟོན་པ་གཉིས་ལས་བཀའ་གདམས་ཀྱི་ཆོས་སྐོར་མང་དུ་གསན། ཇོ་བོ་རྗེའི་གཞུང་སོགས་གཞུང་ཆུང་བརྒྱ་རྩ་ཙམ་ལ་འགྲེལ་བ་མཛད། ལམ་རིམ་དང་བསྟན་རིམ་ཞེས་པའི་བསྟན་བཅོས་ཆེན་པོ་གཉིས་བརྩམས་པ་ལས་བསྟན་རིམ་ནི་ ལམ་སྒྲོན་གྱི་དགོངས་འགྲེལ་ཟླ་མེད་པ་ཞིག་ཡིན་གཤིས་རྗེ་རིན་པོ་ཆེས་ཀྱང་བྱང་ ཆུབ་ལམ་རིན་ཆེན་མོའི་ཁུངས་གཏུགས་ས་གཙོ་བོ་བྱས་ཚུལ། རྗེའི་ལམ་རིམ་མཛད་བྱང་དུ། ལོ་ཙཱ་བ་ཆེན་པོ་གྲོ་ལུང་བ་ཡབ་སྲས་ཀྱི་ལམ་རིམ་གྱི་ཁོག་རྣམས་ལ་གཞི་བྱས་ནས་ལམ་ རིམ་དུ་མ་ནས་གནད་བསྡུས་ཏེ། ཞེས་གསུངས་པ་ལྟར་རོ། །
༡༠༦ བཅོམ་ལྡན་རིག་རལ______དུས་རབས་བཅུ་གཉིས་པའི་དུས་འགོ་ཙམ་ལ་བྱོན་པའི་བཅོམ་ ལྡན་རིག་པའི་རལ་གྲི་མཆོག་གིས་མཆིམས་ནམ་མཁའ་གྲགས་སོགས་ཀྱི་ཞབས་ལ་གཏུགས་ནས་ གཙོ་བོ་སྣར་ཐང་དགོན་ནས་སློབ་གཉེར་གནང་བས་མདོ་སྔགས་རིག་གནས་ཀུན་ལ་མཁས་པའི་ གྲགས་སྙན་རྒྱས་ཤིང་། སྣར་ཐང་གི་བཀའ་བསྟན་གཉིས་ཀར་ཞུ་དག་ཀྱང་གནང་། རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་གྲངས་དང་བམ་ཚད། འགྱུར་བྱང་སོགས་ངེས་ངེས་མཛད་ཅིང་། བསྟན་བཅོས་རྣམས་ཀྱང་སྔར་བས་རྒྱ་ཆེར་ལེགས་པར་བཏུས་ཏེ་ནང་གསེས་མདོ་དང་རྒྱུད་ སོགས་སོ་སོར་གསལ་བོར་ཕྱེས། དེ་བས་ཁ་བའི་ལྗོངས་འདིར་བཀའ་བསྟན་གྱི་མ་ཕྱིའི་ཐོག་མ་ནི་བཅོམ་ལྡན་རིག་རལ་ གྱིས་བསྡུས་པའི་སྣར་ཐང་གི་བཀའ་བསྟན་འདི་ཉིད་ཡིན་འདུག དཀར་ཆག་ཉི་མའི་འོད་ཟེར་དང་ཚད་མ་རིག་པའི་འགྲེལ་བ། གསོ་བ་རིག་པའི་བསྟན་བཅོས་སོགས་གསུང་འབུམ་པོད་བཅུ་དྲུག་ཙམ་བཞུགས། ཁོང་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་དུས་མཉམ་ཞིང་ཆོས་འདུལ་བ་ཚུལ་བཞིན་ བྱེད་པའི་རྣལ་འབྱོར་བ་ཞིག་དང་མཐོན་པོའི་ངོ་འཛིན་ཀྱང་མི་བྱེད་མཁན་ཞིག་ཡིན་ འདུག་སྟེ། འགྲོ་མགོན་འཕགས་པ་ཁཱང་གོང་མས་གདན་དྲངས་པ་བཞིན་ལས་ཚན་ཆེན་མོ་བཅུ་གསུམ་བཀོད་ སྒྲིག་གིས་རྒྱས་སྤྲོས་ཆེན་མོས་ཕེབས་པར་བརྩམས་པ་ན། ཐུགས་མ་དགྱེསཔར། སངས་རྒྱས་བསྟན་པ་བཀའ་ཕྱག་སྤྲིན་གྱིས་སྒྲིབ། །སེམས་ཅན་བདེ་སྐྱིད་མི་དཔོན་ལག་ཏུ་ཤོར། །སྙིགས་དུས་དགེ་སྦྱོང་དཔོན་པོའི་ཆ་ལུགས་ཅན། ། འདི་གསུམ་མ་རྟོགས་འཕགས་པ་མིན་པར་གོ། །ཞེས་ཟུར་ཟའི་ཚིག་ཕུལ་བར། དེའི་ལན་དུ་འགྲོ་མགོན་འཕགས་པས། བསྟན་པ་འཕེལ་འགྲིབ་ཡོང་བ་རྒྱལ་བས་གསུངས། །སེམས་ཅན་བདེ་སྐྱིད་སྐྱིད་རང་རང་ལས་ལ་རག། གང་ལ་གང་འདུལ་དེ་ལ་དེ་སྟོན་པ། །འདི་གསུམ་མ་རྟོགས་མཁས་པ་མིན་པར་གོ། །ཞེས་པའི་བཀའ་ལན་བསྩལ་བར་གྲགས་སོ། །
༡༠༧ ས་ནུ______ལི་ཡུལ་ཏེ་ད་ལྟ་ཤིན་ཅང་དུ་འབོད་པའི་སྔོན་གྱི་རྒྱལ་བོ་ཞིག
༡༠༨ ཀླ་ཀློ______ནང་བ་རྣམས་ཀྱིས། ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་དཀོན་མཆོག་གསུམ་སོགས་མེད་པར་ལྟ་ཞིང་། འཚེ་བ་ཆོས་སུ་སྨྲ་མཁན་ཞིག་ལ་ཀླ་ཀློའི་ཆོས་ལུགས་ཞེས་བརྗོད་ལ། ཕལ་ཆེར་ཞིག་ད་ལྟའི་དབྱི་སི་ལན་ཆོས་ལུགས་ལ་གོ་བར་འདུག སྔོན་རྒྱ་གར་ན་ཆོས་ལུགས་འདིར་དད་པ་བྱེད་པའི་རྒྱལ་བོ་ཤིན་ཏུ་མང་བས་ནང་བ་ རྣམས་ལ་བརྙས་བཅོས་དང་དམར་གསོད་སོགས་བློས་མི་དཔོག་པ་ལྟ་བུ་ཡང་ཡང་བྱས་པས་རྒྱ་ གར་རང་ས་ནས་ནང་བ་བ་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་བར་བཤད། དུས་འཁོར་ཕུག་ལུགས་ལྟར་ན་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་༡༥༠༤བ་སྟེ་སྤྱི་ལོ་ ༦༢༤ལོར་མ་ཁཱའི་ཡུལ་དུ་ཀླ་ཀློའི་ཆོས་ལུགས་དར་བའི་འགོ་བརྩམས་པར་གསུངས། ཨ་རབ་ནི་ཆོས་ལུགས་འདི་དར་སའི་ཕ་ཁྱིམ་ལྟ་བུ་ཡིན།
༡༠༩ ཀུན་མཁྱེན་ཀློང་ཆེན་པ______སྔ་འགྱུར་བསྟན་པའི་སྒྲོན་མེ་ཆེན་མོ་ཀུན་མཁྱེན་ ཀློང་ཆེན་པ་དྲི་མེད་འོད་ཟེར་རམ་ཀློང་ཆེན་རབ་འབྱམས་པ་མཆོག་ནི་དབུས་གཙང་རུ་ བཞིའི་ནང་ཚན་གཡོ་རུར་༼1308-1363༽འཁྲུངས་ཤིང་དགུང་ལོ་ལྔ་བ་ནས་འབྲི་ཀློག་ ཐོགས་མེད་མཁྱེན། དགུང་ལོ་དགུ་བར་ཉི་ཁྲི་དང་བརྒྱད་སྟོང་བ་གསུངས་པས་ལྷག་མེད་དུ་ཐུགས་ལ་མངའ་བར་ གྱུར། དགུང་ལོ་བཅུ་གཉིས་པར་རབ་ཏུ་བྱུང་ཞིང་མཚན་ལ་ཚུལ་ཁྲིམས་བློ་གྲོས་སུ་གསོལ། དགུང་ལོ་བཅུ་བཞི་བ་ནས་ཆོས་འཆད་པར་དཀའ་བ་མེད་པར་གྱུར། སློབ་དཔོན་མཁས་པ་མང་བོ་བསྟེན་ནས་ཆོས་རིག་དབང་ལུང་མན་ངག་གི་གཏེར་མཛོད་དུ་ གྱུར་ཏེ་གངས་ཁྲོད་ཀྱི་གྲུབ་མཐའ་རིས་མེད་ལ་མཁས་པའི་ཟླ་དང་བྲལ་བ་ལྟ་བུ་བྱུང་། རྒྱ་གར་དང་དབུས་གཙང་གི་དགོན་གནས་ཕལ་མོ་ཆེར་ཕེབས། ཨོ་རྒྱན་རྫོང་དང་ཐར་བ་གླིང་སོགས་ཕྱག་འདེབས་གནང་། བཀའ་རྩོམ་ལ་ཕྱིའི་གནས་ཐུན་མོང་གི་སྐོར་གྱི་བསྟན་བཅོས་གོ་ལྔ། ནང་གི་གནས་རྒྱ་ཆེར་བཤད་པའི་བསྟན་བཅོས་ཆིག་བརྒྱ་ཉེར་བརྒྱད། གསང་བའི་གནས་དེ་ཁོ་ན་ཉིད་སྟོན་པའི་བསྟན་བཅོས་སུམ་ཅུ་སྟེ་ཁྱོན་བསྟན་བཅོས་ ཉིས་བརྒྱ་ལྔ་བཅུ་ང་གསུམ་བཞུགས་པར་བཤད་དེ། ཤིན་ཏུ་གྲགས་ཆེ་བ་ནི་ཀློང་ཆེན་མཛོད་བདུན་དང་སྙིང་ཐིག་སྐོར་གསུམ་སོགས་ཡིན་ ཞིང་ད་ལྟ་གླེགས་བམ་དུ་བསྒྲིལ་བ་ལ་པོད་ཆེན་པོ་བདུན་ཡོད་དོ། །
༡༡༠ སོག་ཡུལ______མཁས་དབང་དུང་དཀར་ཚང་གིས། སྤྱིར་ཕྱོགས་འདིའི་སོག་པོའི་ཕྱོགས་གཏོགས་ལ། མོང་གོལ་ཕྱོགས་སུ་ཨོའུ་རོད་དང་། རྒྱའི་ཇུར་ཆེད་དང་། བོད་ཀྱི་ཤི་ར་ཡུ་གུར་དང་། ཧོ་ཐོན་གྱི་ཧ་སག་པུ་རུད་དང་། ཨོ་རོ་སུའི་ཕྱོགས་གཏོགས་ལ་ཁི་ཐ་རི་ཡོད་ལ། ཞེས་སོགས་གསུངས་ཏེ་ནང་གསེས་ཚོ་སྡེ་ཆེས་མང་བོ་ཞིག་ཡོད་འདུག་གོ། །
༡༡༡ སུམ་བྷ______རང་རེ་བོད་ཀྱི་ལོ་རྒྱུས་དག་ཏུ་གསལ་བ་བཞིན་ཁ་བ་གངས་ཅན་གྱི་ཡུལ་ གྲུ་ཆེན་པོ་འདིར་སྟོད་མངའ་རིས་སྐོར་གསུམ་དང་། རབ་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་རྩ་བའི་ཁག་ཆེན་པོ་གསུམ་མཆིས་པ་ལས། སྟོད་མངའ་རིས་སྐོར་གསུམ་ནི་སྔོན་ཞང་ཞུང་བའི་མངའ་ཁོངས་དང་། བར་དབུས་གཙང་རུ་བཞི་ནི་བཙན་པོ་རིམ་བྱོན་གྱི་མངའ་ཁོངས་གཙོ་བོ། སྨད་མདོ་ཁམས་སྒང་དྲུག་ནི་སུམ་པ་དང་མི་ཉག འ་ཞ་སོགས་ཀྱི་མངའ་ཁོངས་ཡིན་འདུག་པ་ལ་བོད་རྒྱལ་སོ་གཉིས་པ་གནམ་རི་སྲོང་བཙན་ དང་ཆོས་རྒྱལ་སྲོང་བཙན་སྒམ་པོ་གཉིས་གཙོ་བྱས་པའི་སྟོབས་དང་མངའ་ཐང་གིས་དྲེགས་ པའི་རྒྱལ་བོས་རིམ་གྱིས་དེ་དག་ཐམས་ཅད་དབང་དུ་བསྡུས་ཤིང་གཅིག་གྱུར་བྱས་པ་ཞིག་ གོ། །དེ་ཡང་མགོ་ལོག་རུས་མཛོད་ལས། ཡུལ་སུམ་པ་ན་འབྲུ་རིགས་མང་། །ཞེས་གསུངས་པ་ལྟར་སུམ་པའམ་སུམ་བྷ་ནི་བོད་ལ་རྩ་བའི་རུས་ཆེན་སྒ་འབྲུ་སྤྲ་ ལྡོང་༼ཡིག་ཐོབ་དང་འདྲེན་ཚུལ་གཞན་ཡང་ཡོད། ༽བཞི་ཡོད་པའི་འབྲུའི་རིགས་ཡིན་ཞིང་། གནམ་རི་སྲོང་བཙན་སྐབས་དངོས་སུ་མངའ་འོག་ཏུ་བསྡུས་མོད་སྲོང་བཙན་སྒམ་པོའི་ སྐབས་ངོ་ལོག་བྱས་པ་མྱང་མང་བོ་རྗེ་ཞང་སྣང་གིས་དམག་མ་དྲངས་པར་གཡོ་ཐབས་ཀྱི་ སྒོ་ནས་སླར་ཡང་དབང་དུ་བསྡུས་ཚུལ་ཏུན་ཧུང་གཏེར་ཡིག་སོགས་སུ་གསལ་ཏོ། །
ལོ་རྒྱུས་ཁུངས་བཙུན་དག་གོ་བསྡུར་ན་སྔོན་སུམ་བྷའི་ཡུལ་ནི་ད་ལྟའི་མཚོ་སྔོན་ གྱི་ལྷོ་ནུབ་དང་། བོད་ལྗོངས་ཀྱི་བྱང་ཕྱོགས་ཕལ་ཆེ་བ་ཡིན་པར་གསལ་བས། རང་ཅག་གི་ཁྲིད་གཞུང་དེབ་དཀར་དུ། སུམ་བྷ་དེ་སྔར་བོད་ཁོངས་ཀྱི་རྒྱལ་ཕྲན་ཞིག་གི་ས་ཡིན་པ་ལ། ཁོང་ཚོའི་རིགས་དེང་སང་ཨ་མདོའི་ཁྲོད་དུ་འདྲེས་ནས་ཡོད། ཅེས་དང་། མཁས་དབང་དུང་དཀར་རིན་པོ་ཆེས། སུམ་པའི་ཡུལ་འདི་ས་གནས་གང་དུ་ཡོད་མེད་སྐོར་ལ་བར་སྐབས་ལོ་རྒྱུས་སྨྲ་བའི་མཁས་ པ་ཚོའི་གསུང་ཚུལ་མི་འདྲ་བ་སྣ་ཚོགས་འདུག་ཀྱང་། ཀོང་སྤྲུལ་རིན་པོ་ཆེ་ཡོན་ཏན་རྒྱ་མཚོས་མཛད་པའི་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་ ནང་སྨར་ཁམས་ཀྱི་ཡུལ་འདི་ཡིན་ཞེས་གསུངས་པ་དེ་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་ གསལ་བའི་རྒོད་ཚང་སྟོད་སྨད་གཉིས་དང་། ནགས་ཤོད་བཅས་དེང་སང་གི་ས་མིང་དཀར་ཆག་ནང་བར་ཁམས་རྒྱུད་ཀྱི་ས་ཆའི་གྲས་སུ་གསལ་ བོར་འཁོད་པ་རྣམས་ཡོངས་སུ་མཐུན་པར་འདུག་པས་མདོ་སྟོད་ཀྱི་ས་གནས་རྣམས་སུམ་པའི་ ཡུལ་ལ་ངོས་འཛིན་བྱེད་ཆོག་པར་འདུག་སྙམ། ཞེས་གསུངས་པའང་ཐུགས་མད་ཅིང་ཞིབ་མོའི་གསུང་དུ་འདུག་གོ། །
གནའ་བོའི་རྒྱའི་ཡིག་རྙིང་དག་ན་སུམ་བྷ་ལ་ཤར་ཕྱོགས་བུད་མེད་ཀྱི་རྒྱལ་ཁབ(东女国) དང་ད་སྐབས་བོད་སྐད་དང་བསྟུན་ཏེ་སའོ་པེ(苏比)ཞེས་འབོད་པར་སྣང་། འདིའི་མངའ་ཁོངས་ལ་ཤར་ནུབ་བར་ཉིན་ལམ་དགུ་དང་ལྷོ་བྱང་བར་ཉིན་ལམ་ཉི་ཤུ་ཙམ་ཡོད་ པ་དང་། དེར་མཁར་རྫོང་བརྒྱད་ཅུ་དང་འབངས་དུད་བཞི་ཁྲིའམ་ཧྲག་དམག་ཆིག་ཁྲི་བཅས་མངའ་ ཞིང་། ཡུལ་གྱི་ལྟེ་བ་ནི་ཆབ་མདོ་དང་རྫ་ཆུའི་རྒྱུད་དུ་ཡོད་པར་བཤད་ལ། དེའི་རྒྱལ་དཔོན་དང་ནང་བློན་ཚང་མ་བུད་མེད་ཡིན་པས་རྒྱས་མིང་དེ་ལྟར་བཏགས་པར་ གྲགས་སོ། །ཞེས་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་དུ་བཤད་པ་ཕལ་ཆེར་བདེན་ཤས་ཆེ་ཡང་། འདིར་ངེས་པར་དུ་ཤེས་དགོས་པ་ཞིག་ནི་རྒྱའི་གནའ་དེང་གི་ཡིག་ཆ་ལ་ལར་གནའ་སྔ་མོར་ ཁོ་ཚོས་རང་རེ་བོད་ཀྱི་མིང་ལ་ཆཱང(羌)ཞེས་འབོད་ཅིང་། དེ་ནི་ཁོ་ཚོའི་རིགས་རྒྱུད་ཅིག་ཡིན་ལ། སུམ་པ་ནི་དེའི་ཚོ་ཁག་ཅིག་ཡིན་པས་དོན་ལ་བོད་མིའི་མཆེད་ཁུངས་རྒྱ་ཡིན་ཚུལ་བཤད་ པས་རང་རེའི་བླུན་པོ་བརྟག་དཔྱོད་མི་ཤེས་ཤིང་ཧོལ་རྒྱུགས་ལ་དགའ་བ་རེ་འགས་ཀྱང་ དེ་ལ་འཐད་པའི་མགོ་ལྕོག་ནང་དུ་ལྡེམ་ཁུལ་བྱས་དང་བྱེད་བཞིན་པའང་ཡོད་མོད། དོན་ལ་ཆཱང་ཞེས་པ་འདི་བོད་སྐད་ཀྱི་བྱང་ངམ་སྤྱང་། ཡང་ན་ཁྱོམ་ཞེས་པའི་སྒྲ་གང་རུང་ཞིག་རྒྱ་མི་ཚོས་མ་དག་པ་སྟེ། དང་བོ་ས་ཕྱོགས་དང་། གཉིས་པ་མ་སངས་སྤུན་དགུའམ་མ་སྤྱང་སྤུན་དགུའི་སྒྲ་ཟུར་ཉམས་པ། གསུམ་པ་བོད་རུས་ཆེན་བཞིའི་ཡ་གྱལ་སྒ་ལྡོང་གཉིས་ཀྱི་བླ་ཟོག་ལུག་སྟེ་ཁྲོམ་ཡིན་ ཞིང་དེ་ལ་བརྡ་རྙིང་དུ་ཁྱོམ་ཞེས་བཀླག་པའི་སྒྲ་ཟུར་ཉམས་པ་སྟེ་མདོར་ན་རྒྱས་ བོད་སྐད་ཇི་བཞིན་མ་འཁྱོངས་པ་ཞིག་ལས་གཞན་ཅི་ཡང་མིན་ཚུལ་གཟུར་གནས་ལོ་རྒྱུས་ སྨྲ་བ་དག་གིས་བཤད་པ་ལྟར་དོན་ལའང་གནས་སོ། །དེས་ན་བོད་ཁུངས་ཆཱང་མ་ཡིན་པར་ཆཱང་ཁུངས་བོད་ཡིན་ཞེས་བོད་ཀྱི་ལོ་རྒྱུས་གླེང་ བའི་གཏམ་དུ་བཤད་པ་ནི་ཤིན་ཏུ་བདེན་ནོ། །རྒྱ་ནག་རང་ལ་ཆཱང་ཞེས་པའི་རུས་རྒྱུད་ཅིག་ཡོད་པའི་དབང་དུ་བྱས་ཀྱང་དེས་བོད་ རིགས་ཆཱང་རྒྱུད་ཡིན་པ་ཟུར་ཙམ་ཡང་བསྒྲུབ་མི་ཐུབ་སྟེ། སྣ་འཐེན་ནས་ཁར་མི་འོང་བའི་དཔེ་ལས་མ་འདས་སོ། །
འོ་ན་དུང་དཀར་ཚིག་མཛོད་དུ་རྒྱའི་མཁས་པ་ཧྥན་ཝེན་ལན་ཞེས་པའི་ཚིག་སྒྲོས་དྲངས་ ཏེ་སུམ་པ་ནི་འཇང་རིགས་ཀྱི་ཚོ་བ་ཁག་ཅིག་ཡིན་ཞིང་། དེ་ཐོག་མར་རྨ་ཆུ་འབབ་ཡུལ་དུ་གནས་ཤིང་རིམ་གྱིས་བོད་ལྗོངས་སུ་གནས་སྤོས་བྱས་ ཚུལ་སོགས་གསུངས་པ་དང་མི་འགལ་ལམ་སྙམ་ན། ད་ལྟའི་ཡུན་ནན་ཏེ་འཇང་ངམ་ལྗང་རིགས་དང་། ལས་ཅང་ཕྱོགས་ཀྱི་འཇང་རིགས་རྣམས་སྔར་ནས་བོད་དང་འདྲེས་ཤིང་༼རྒྱལ་ཕྲན་གྱི་རྣམ་ པར་གནས་པ་ལས་རྩ་བའི་རིགས་རྒྱུད་བོད་ཡིན། ༽སྲོང་བཙན་སྒམ་པོའི་སྐབས་དབང་དུ་བསྡུས་ཚུལ་སྔར་བཤད་ཟིན་པ་ལྟར་ཡིན་པས་བོད་ མིའི་མཆེད་ཁུངས་རྒྱ་ཡིན་པའི་སྒྲུབ་བྱེད་དུ་མི་འགྲོ་བར་མ་ཟད་དོན་ལ་ངའི་བཤད་ ཚུལ་དང་ཡང་གཅིག་མཐུན་དུ་གྱུར་ཡོད་པས་མི་འགལ་ལོ། །
༡༡༢ རྫོང་གོག______རྙིང་ཧྲིལ་དུ་གྱུར་བའི་མཁར་རྫོང་།
༡༡༣ བྱང་བུ______བོད་རྒྱ་ཚིག་མཛོད་ཆེན་མོར། ཤིང་དང་རས་ཤོག་སོགས་གྲུ་བཞི་ནར་མོར་དྲས་པའི་ཚལ་བུ། ཞེས་གསལ།
༡༡༤ ཕོ་བྲང་ལྷན་ཀར______འདི་ལ་ཕོ་བྲང་ལྡན་དཀར་དང་ལྡན་མཁར། ལྷན་ཀར། སྟོང་ཐང་ལྡན་དཀར་ཞེས་འབྲི་ཚུལ་མི་འདྲ་བ་ཁ་ཤས་ཡོད་ལ། སྔོན་རྒྱལ་བོའི་ཕོ་བྲང་ཡིན་ཡང་ཕྱིས་ལྷ་ཁང་གི་རྣམ་པར་གྱུར་ཏེ་ནང་དུ་རྒྱལ་ བའི་གསུང་རབ་མང་བོ་བཞུགས་སུ་གསོལ། རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ཕོ་བྲང་དེའི་གཙུག་ལག་ཁང་དུ་བཞུགས་ པའི་གསུང་རབ་ཡོད་ཚད་ཀྱི་དཀར་ཆག་ཞིག་ལོ་ཙཱ་བ་བན་དེ་དཔལ་བརྩེགས་སོགས་ལོ་ཙཱ་བ་ རྣམས་ཀྱིས་བསྒྲིགས་པའི་མིང་ལ་དཀར་ཆག་ལྡན་དཀར་མ་ཞེས་ཐོགས་ཚུལ་བུ་སྟོན་ཆོས་ འབྱུང་ལས་གསུངས། སྡེ་དགེའི་བཀའ་འགྱུར་གྱི་དཀར་ཆག་ནང་ཕོ་བྲང་དེ་ནི་བཙན་པོ་ཁྲི་ལྡེ་སྲོང་བཙན་༼ སད་ན་ལེགས་མཇིང་ཡོན། ༽གྱི་སྐུ་དུས་སུ་བཞེངས་པར་བཤད་པ་ནི་མ་དག་པར་མངོན་ཏེ། ལི་ཡུལ་ནས་རྙེད་པའི་བཀའ་གཙིགས་ཀྱི་ཡི་གེའི་ནང་དུ་ཕོ་བྲང་ལྷན་ཀར་ཞེས་མིང་ ཡོད་པར་མ་ཟད་དེ་ནི་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ཡིན་པར་གསལ་ཏེ། དེབ་དཀར་ལས། དེ་ལྟར་ལི་ཡུལ་དེ་ཁྲི་སྲོང་གི་དུས་སུ་འབངས་རྣལ་མར་བཀུག་ཅིང་། མཐོང་ཁྱབ་ཁྲི་སྡེ་ལྔ་བྱ་བ་བཙུགས་ཏེ། བློན་ཁམས་གཅིག་གི་ས་གསར་དུ་བསྐྱེད་དོ། ། ཞེས་གསུངས་པའི་ཕྱིར་དང་། ལི་ཡུལ་ནས་ཐོན་པའི་གཏེར་ཡིག་ཕལ་ཆེར་ཁྲི་སྲོང་སྐབས་ཀྱི་ཡིན་པ་དེབ་དཀར་དུ་ དྲངས་པའི་སྙན་འབུལ་གྱི་བཀའ་ལན་གཉིས་པོས་ཀྱང་མཚོན་ནུས་སོ། །
༡༡༥ ཤ་ཅུ______དེང་སང་ཀན་སུའུ་ཞིང་ཆེན་གྱི་ཏུང་ཧོང་ས་ཁུལ་དུ་ཡོད་ལ་རྒྱས(沙州)ཞེས་འབོད་ཚུལ་ཟིན་བྲིས་པད་དཀར་ཆུན་འཕྱངས་སུ་བཤད།
༡༡༦ མཐོང་ཁྱབ______སྔོན་རུ་སྡེ་ཆེ་ཁག་ལ་མཐོང་ཁྱབ་ཅེས་འབོད་སྲོལ་འདུག་སྟེ། མདོ་སྨད་ཡུལ་གྱི་སྟོང་སྡེ་བཅུ་གཅིག་ཅེས་པར་མཐོང་ཁྱབ་སྲིད་སྡེ་དགུ་ཞེས་བྲིས་ པའང་ཡོད། ཧ་ལམ་དེང་སང་གི་ཁུལ་རིམ་པ་དང་མཚུངས་པར་སྨྲ་མཁན་ཡང་འདུག སྐབས་འདིར་མཐོང་ཁྱབ་ཅེས་པ་ཁྲི་སྲོང་གི་དུས་སུ་ལི་ཡུལ་ལ་ཁྲི་སྡེ་ལྔ་བཙུགས་པ་ དེར་གོ་དགོས་པར་འདུག་གོ། །
༡༡༧ ལྷོ་མོན་གྱི་ཡུལ______བོད་ཀྱི་ལོ་རྒྱུས་འགའ་ཞིག་གི་ནང་བལ་བོད་མཚམས་ཀྱི་ཡུལ་ འགའ་ཞིག་ལ་མོན་པ་ཞེས་འབོད་ལ། སྐབས་རེར་འབྲུག་པ་ལ་མོན་པ་ཞེས་བྲིས་པའང་ཡོད། མོན་པའི་ཡུལ་འདི་སྔར་སྲོང་བཙན་སྒམ་པོའི་དུས་ནས་བོད་ཀྱི་མངའ་ཁོངས་སུ་གཏོགས་ ཤིང་། སྐད་ནི་རང་ཉིད་ཀྱི་ཡུལ་སྐད་དམིགས་བསལ་ཅན་ཞིག་ཡོད། ཡི་གེ་ནི་བོད་ཡིག་བེད་སྤྱོད་གཏོང་བ་ལས་མི་རིགས་རང་ཉིད་ཀྱི་སྐད་དང་མཐུན་པའི་ ཡི་གེ་མེད། ཆོས་ལུགས་ནི་སྣ་ཚོགས་ལ་དད་པ་བྱེད་པ་ལས་གཅིག་ཏུ་ངེས་པ་མེད་ཅེས་མཁས་དབང་དུང་ དཀར་རིན་པོ་ཆེས་གསུངས་སོ། །
༡༡༨ ལོང་ཅུ______ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ་ཅེས་པའི་མཆན་ འགྲེལ་དུ། ལོང་ཅུ(陇州)ནི་དེང་སང་གི་ཀན་སུའུ་ཞིང་ཆེན་གྱི་ལོང་ཤན(陇县)ཁོངས་སུ་ཡོད་པར་བཤད་ ལ། དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བྲིས་པའི་ཐང་ཡིག་གསར་རྙིང་གི་ ཟུར་བཀོད་དུ། ད་ལྟའི་སི་ཁྲོན་ཞིང་ཆེན་ནུབ་ཕྱོགས་སུ་ཆན་དབྱང་ཧྭ་ཐིན་རྒྱུད་དུ་མཆིས་ཚུལ་ བརྗོད་འདུག སྐབས་དེའི་གནས་བབས་ལ་བསམ་ན་སྔ་མ་བདེན་ཤས་ཆེ་སྙམ་སྟེ་དཔྱད།
༡༡༩ རྒྱ་སྡེ་གཉིས______བོད་ཀྱི་མངའ་འོག་ཏུ་བསྡུས་ཟིན་པའི་རྒྱ་རིགས་ཀྱི་སྡེ་བ་གཉིས་ཡིན་འདྲ།
༡༢༠ མཆིས་བྲང______ཆུང་མའི་མིང་ཡིན། སྡོད་ཁང་ལ་འཇུག་པའི་སྐབས་ཀྱང་ཡོད།
༡༢༡ སྙད་བཏགས་པ______ཁག་འདོགས་བྱས་པའི་དོན།
༡༢༢ བློན་ཁམས______འདི་ནི་གོང་དུ་དེབ་དཀར་རང་གཞུང་ལས། རྒྱལ་བོ་གཅིག་གིས་མངའ་མཛད་པའི་མཐའ་དབུས་ཀྱི་ཡུལ་གྲུ་སྤྱིའི་མིང་ལ་རྒྱལ་ཁམས་ དང་། ནང་གསེས་ཀྱི་ཚལ་ཁ་སོ་སོའམ། བློན་ཆེན་གཅིག་གིས་དབང་བའི་ས་རྣམས་ལ་བློན་ཁམས་བྱ་བའི་ཐ་སྙད་ཀྱང་རྒྱལ་རབས་ འགར་སྣང་། ཞེས་གསུངས་པ་ལྟར་ལི་ཡུལ་དེ་བོད་ཀྱི་མངའ་འོག་ཏུ་བསྡུས་ཀྱང་གཙོ་བོ་ཞང་བློན་ཡ་ ཡ་ཟེར་བ་སོགས་ཀྱིས་དབང་བསྒྱུར་བཞིན་པའང་གོ་ནུས་སོ་སྙམ།
༡༢༣ ཁྲི་ལྡེ་གཙུག་བཙན______བོད་ཀྱི་རྒྱལ་རབས་སོ་བདུན་པ་ཁྲི་ལྡེ་གཙུག་བརྟན་ནམ་ མེས་ཨག་ཚོམ་མཆོག་ནི་ཡབ་འདུས་སྲོང་མང་རྗེ་དང་ཡུམ་མཆིམས་བཟའ་བཙན་ཐོག་གཉིས་ ཀྱི་སྲས་སུ་ཕོ་བྲང་ལྡན་དཀར་དུ་འཁྲུངས། ཆུང་ངུའི་དུས་༼དགུང་ལོ་གཅིག་དང་བདུན་ཞེས་ཁྲིར་འཁོད་ཀྱི་ལོ་ལ་མི་མཐུན་པ་ཡོད། ༽ནས་བཙན་པོའི་ཁྲི་ལ་འཁོད་དེ་བློན་པོ་སྦས་སྐྱེས་བཟང་སྟོང་བཙན་སོགས་ཀྱིས་བྱས། ཨ་ཕྱི་འབྲོ་བཟའ་ཁྲི་མ་ལོད་ཀྱིས་སྲིད་སྐྱོང་བའི་རམ་འདེགས་ཆེན་པོ་གནང་། ནར་སོན་རྗེས་སྣ་ནམ་བཟའ་དང་ལྗང་ངམ་འཇང་བཟའ་མོ་ཁྲི་བཙུན་གཉིས་ཁབ་ཏུ་བཞེས་པ་ ལས་ཕྱི་མར་སྲས་འཇང་ཚ་ལྷ་དཔོན་ཞེས་ཡིད་དུ་འོང་བ་ཞིག་འཁྲུངས། དེའི་བཙུན་མོར་རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་གདན་དྲངས་ཀྱང་མ་འབྱོར་གོང་དུ་རྒྱལ་ བུ་རྟ་གྲིར་གཤེགས་པས་རྒྱལ་བོ་ཁོང་རང་གི་བཙུན་མོར་མངའ་གསོལ་དགོས་བྱུང་། དེ་ལ་སྲས་ཁྲི་སྲོང་ལྡེ་བཙན་འཁྲུངས། ༼བཙུན་མོ་ཆེ་བ་སྣ་ནམ་བཟའ་དང་གྱིམ་ཤིང་ཀོང་ཇོ་གཉིས་ཀྱི་སུའི་བུ་ཡིན་མིན་ལ་ ལོ་རྒྱུས་སྨྲ་བ་ཚོའི་འདོད་ཚུལ་མི་མཐུན་པ་ཡོད།༽
ཡབ་ཀྱི་སྐུ་རིང་དུ་རྗེ་བློན་བར་འགལ་བ་ཆེན་པོ་བྱུང་ཡོད་པས་ཁོང་གིས་ཐེངས་ དྲུག་ལ་དཔོན་བློན་སྤོ་འཇོག་སོགས་ཀྱིས་ནང་ཁུལ་བདེ་ལ་བཀོད། ཁྲམ་སྐྱ་དང་ཁྲམ་དམར་བརྩིས་ཏེ་མི་གྲངས་ཞིབ་བཤེར་མཛད། སྔར་ཡོད་བོད་ཀྱི་མངའ་ཁོངས་བདག་ཏུ་བཟུང་བའི་སྟེང་ཨན་ཞི་སྡེ་བཞི་སོགས་ལེན་ པའི་ཆེད་དུ་རྒྱ་དང་དམག་འཁྲུག་ལན་མང་བརྒྱབས་ཀྱང་། ཕྱིས་སུ་ཅུང་འགྲིག་མཐུན་གྱི་རྣམ་པ་བྱུང་སྟེ་སོ་སོའི་ས་མཚམས་བཅད་པའི་བར་ལ་ རྡོ་རིང་བཙུགས། ཕོ་ཉའི་འགྲོ་འོང་དང་མཚམས་སྐྱེས་ཀྱང་གང་མང་ཞིག་འབུལ་རེས་བྱུང་།
མེས་ཨག་ཚོམ་ཁོང་ཆོས་ལ་དད་ཅིང་བློ་ཁོག་ཆེ་བ་ཞིག་ཡིན་པས་ཐེག་པ་ཆེན་པོའི་མདོ་ སྡེའི་གླེགས་བམ་ལྔ་བཞུགས་ཡུལ་དུ་ལྷ་ཁང་ལྔ་བཞེངས་ཚུལ་གོང་དུ་བཤད་པ་ལྟར་ཡིན། རྒྱ་ཡུལ་ནས་ཀྱང་གསེར་འོད་དམ་པ་དང་། འདུལ་བ་ལས་རྣམ་པར་འབྱེད་པ། སྨན་དཔྱད་ཀྱི་རིགས་སོགས་བོད་སྐད་ལ་བསྒྱུར་དུ་བཅུག ལི་ཡུལ་ནས་རབ་ཏུ་བྱུང་བ་སྤྱན་དྲངས་ཏེ་གུས་པས་མཆོད། རྒྱལ་རབས་གསུམ་ལ་མུན་དོང་དུ་བཞུགས་པའི་ཇོ་བོ་ཤཱཀྱ་མུ་ནེ་ལྷོ་སྒོ་མེ་ལོང་ཅན་ ནས་གདན་དྲངས་ཏེ་གཙང་ཁང་དབུས་མར་བཞུགས་སུ་གསོལ།
མཐར་མི་རིགས་ཤིག་གི་གཟི་བརྗིད་དུ་བགྲང་ཆོག་པའི་རྒྱལ་བོ་རྣམ་དཔྱོད་ཅན་འདི་ བློན་པོ་འབལ་སྟག་ཙབ་དང་ལང་མྱེས་གཟིགས་གཉིས་ཀྱིས་བཀྲོངས་ཚུལ་ཞོལ་རྡོ་རིང་དུ་ གསལ་བ་ལྟར་རོ། །

འབྲེལ་ཡོད་འོས་སྦྱོར།