logo

ལེགས་བཤད།

ས་སྐྱ་ལེགས་བཤད།

རྩོམ་པ་པོ།:ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-03-06 ཀློག་གྲངས།:
ཆེན་པོས་དགྲ་ལ་བྱམས་བྱས་ན། །
དགྲ་ཉིད་དེ་ཡི་དབང་དུ་འགྱུར། །
མང་པོས་བཀུར་བས་ཀུན་བསྐྱངས་པས། །
ཀུན་གྱིས་རྒྱལ་པོར་དབང་བསྐུར་རོ། །

大者仁慈诸怨敌,
则能制服怨敌众。
众人敬王护他众,
故彼推选为国王。


མིང་བརྡའི་འགྲེལ་བ།
ཆེན་པོ། 大者
ས། 作格。表主语
དགྲ་ལ། 对敌人
བྱམས་བྱས་ན། 做仁慈的话
དགྲ་ཉིད་དེ་ཡི། 敌人自己的
དབང་དུ་འགྱུར། 摄服,降伏
མང་པོས་བཀུར་བ། 众人敬王
ས། 作格
ཀུན་བསྐྱངས་པས། 由于护持众人
ཀུན་གྱིས། 被众人
རྒྱལ་པོར་དབང་བསྐུར། 授权为国王
འབྲེལ་ཡོད་འོས་སྦྱོར།